ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དྲ་བརྙན་གླེང་མོལ། ཤར་གླིང་ཟླ་སྒྲོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཤར་གླིང་ཟླ་སྒྲོན་ལགས་ནི་བོད་ནས་བཙན་བྱོལ་དུ་འབྱོར་མཁན་བོད་ཀྱི་བུད་མེད་ཚོའི་གནས་བབ་ལ་ཉམས་ཞིབ་ལོ་བདུན་རིང་གནང་མྱོང་ཡོད་མཁན་ཞིག་ཡིན་ལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་གཏོང་བའི་ཟབ་སྦྱོང་སྤྲོད་མཁན་བོད་ཀྱི་བུད་མེད་ན་གཞོན་ཞིག་ཀྱང་རེད། ཁོང་གིས་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་ཐོབ་པའི་བཙན་བྱོལ་ནང་གི་བུད་མེད་མི་རབས་གསར་པས་བོད་ནང་གི་བུད་མེད་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱས་པའི་ཐོག་ནས་རོགས་འདེགས་བྱ་རྒྱུ་ནི་གནད་འགག་ཡིན་པ་དང་སྤྱི་ཚོགས་ཤིག་དང་མི་རིགས་ཤིག་གི་བྱང་ཚད་ལེགས་རུ་གཏོང་བའི་ལྡེ་མིག་ལྟ་བུ་ཡིན་པར་གསུངས་ཀྱི་འདུག ཡང་ཤར་གླིང་ཟླ་སྒྲོན་ནི་ད་ལྟ་བོད་མི་མང་སྤྱི་འཐུས་ཁྲོད་ལོ་ན་ཆུང་ཤོས་ཀྱི་བུད་མེད་སྤྱི་འཐུས་ཤིག་ཀྱང་ཡིན་པ་རེད།

XS
SM
MD
LG