དྲ་བརྙན་གླེང་མོལ། ཤིང་བཟའ་རིན་པོ་ཆེ།i
X
February 17, 2013 12:14 AM
ཤིང་བཟའ་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་ནི་བོད་མདོ་སྨད་རྭ་རྒྱ་དགོན་པའི་དགོན་བདག་ཡིན་པ་དང་། སྤྱི་ལོ་༡༩༩༧ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་སེ་ར་དགོན་པར་ནང་ཆོས་ཐད་སློབ་གཉེར་གནང་ཏེ་དགེ་བཤེས་ཀྱི་ཕྱག་ཁྱེར་བཞེས་ཡོད། ཤིང་བཟའ་རིན་པོ་ཆེ་ནི་སྔ་ཕྱི་རུ་བོད་དོན་ལས་འགུལ་གྱི་ཞི་བའི་གོམ་བགྲོད་དང་ ཟས་བཅད་ངོ་རྒོལ་སོགས་སུ་མཉམ་ཞུགས་སྣེ་ཁྲིད་གནང་མཁན་ཞིག་ཡིན་པ་མ་ཟད། བོད་ཀྱི་རིག་གནས་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་གང་མང་སྤེལ་བའི་ཁྲོད་དུ། ཁོང་ནི་དཔེ་དེབ་གཉིས་ཀྱི་རྩོམ་པ་པོ་ཡིན་ལ་ཡང་རྒྱ་གར་བཙན་བྱོལ་སྤྱི་ཚོགས་ ཡོངས་ཁྱབ་ཏུ་སྙན་ངག་གྱེར་འདོན་གྱི་འགྲན་སྡུར་ཐེངས་དང་པོ་གསར་འཛུགས་གནང་ཡོད་པ་རེད། ཤིང་བཟའ་རིན་པོ་ཆེ་ལ་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོ་ཡོད་པའི་བླ་མ་ཞིག་གི་ངོས་ནས། དགོངས་པ་གང་འདྲ་ཞིག་བཞེས་ཏེ་རང་ཉིད་དངོས་སུ་ལས་འགུལ་ཁྲོད་མཉམ་ཞུགས་བྱེད་ ཀྱིན་ཡོད་པའི་སྐོར་དང་། ཡང་ཁོང་གིས་ལས་འགན་དང་རེ་བ་གང་འདྲ་ཞིང་བཟུང་སྟེ་བོད་དོན་ལས་འགུལ་སྤེལ་བཞིན་པའི་ཐད་ལ་བཀའ་མོལ་གནང་ཡོད། ཤིང་བཟའ་རིན་པོ་ཆེ་ཡིས་ཁོང་ཉིད་ཆབ་སྲིད་པ་མ་ཡིན་པར་ལས་འགུལ་བ་ཞིག་ཡིན་པར་གསུངས་བྱུང་།

དྲ་བརྙན་གླེང་མོལ། ཤིང་བཟའ་རིན་པོ་ཆེ།

Published February 17, 2013