Multimedia

དགེ་བཤེས་ཐུབ་བསྟན་སྦྱིན་པའི་གསུང་སྒྱུར་ལམ་བུ།i
X
April 02, 2013 4:49 PM
ལོ་ངོ་༢༥་ལྷག་ལ་༧གོང་ས་མཆོག་གི་དབྱིན་སྐད་གསུང་སྒྱུར་གྱི་ཕྱག་ལས་གནང་མཁན་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནི་བོད་དུ་འཁྲུངས་ཤིང་། རྒྱ་གར་དུ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་མཁན་གྲས་དང་། བྱེས་ཀྱི་གདན་ས་གསུམ་དུ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་མཁན་ཐོག་མ་དེ་ཡིན་པ་མ་ཟད། ཁོང་ལ་སྟེས་དབང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབྱིན་སྐད་གསུང་སྒྱུར་གྱི་ཕྱག་ལས་གནང་རྒྱུའི་གོ་སྐབས་ཤིག་ཐོབ། དེ་རིང་གཏམ་གླེང་ལེ་ཚན་ནང་དུ་ཐོག་མར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཇི་ལྟར་༧གོང་ས་མཆོག་གི་གསུང་སྒྱུར་ལ་གྱུར་ཚུལ་དང་དེའི་རྒྱུད་རིམ། ཁོང་གིས་ལོ་ངོ་༢༥་ལྷག་ལ་༧གོང་ས་མཆོག་གི་གསུང་སྒྱུར་གནང་བའི་མི་ཚེ་ལམ་བུ་སོགས་ལ་གླེང་མོལ་ཞུས་ཤིང་། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསུངས་པ་ལྟར་ན། ཁོང་གིས་ལོ་རྒྱུས་ཡོད་པའི་བོད་ཀྱི་སྐད་ཡིག་དང་དབྱིན་ཡིག་གཉིས་ཕན་ཚུན་ཐ་སྙད་ཏག་ཏག་ཅིག་བསྒྱུར་ཐུབ་པའི་ཡིད་ཆེས་ཡོད་པ་དང་དེ་ནི་ཁོང་གི་ལངས་ཕྱོགས་དང་ལྟ་གྲུབ་ཀྱང་རེད།།

དགེ་བཤེས་ཐུབ་བསྟན་སྦྱིན་པའི་གསུང་སྒྱུར་ལམ་བུ།

Published April 02, 2013