Multimedia

ལྕགས་རི་ཤར་ཐུབ་བསྟན་ཉི་མ།i
X
August 17, 2013 1:42 PM
ལྕགས་རི་ཤར་ཐུབ་བསྟན་ལགས་ནི་ཚོང་ལས་གཉེར་མཁན་དང་གློག་བརྙན་བཟོ་སྐྲུན་པ། རྩོམ་པ་པོ་སྙང་ངག་མཁན་བཅས་ལས་དོན་སྣ་མང་ལ་སྦྱངས་ཤ་ཐོན་པའི་མི་ཞིག་ཡིན་ཞིང་། ཁོང་གིས་དབྱིན་ཡིག་ཏུ་རྟོག་བཟོའི་སྒྲུང་རྩོམ་གྱི་དཔེ་དེབ་ཅིག་བྲིས་པ་ནི་བོད་པ་ཞིག་གིས་དབྱིན་ཡིག་ཏུ་རྟོག་བཟོའི་སྒྲུང་རྩོམ་བྲིས་པ་ཐོག་མ་ཡིན་པ་མ་ཟད། ཕྱི་ལོ་༢༠༡༠་ལོར་ལྕགས་རི་ཤར་ཐུབ་བསྟན་ལགས་ཀྱིས་བཛྲ་བརྙན་འཕྲིན་ཞེས་དྲ་ལམ་དུ་ནང་ཆོས་སློབ་གཉེར་དང་ཉམས་ལེན་བྱ་སའི་བརྙན་འཕྲིན་ཚན་པ་ཞིག་གསར་དུ་བཙུགས། བརྙན་འཕྲིན་ཚན་པ་དེ་དྲ་ལམ་དང་རླུང་འཕྲིན། བརྙན་འཕྲིན་སོགས་བརྒྱུད་ལམ་འདྲ་མིན་ཞིག་ནས་ལྟ་ཉན་བྱ་ཐུབ་ཅིང༌། བཛྲ་བརྙན་འཕྲིན་གྱིས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དང་དེའི་ཉེ་འཁོར་དུ་སྡོད་བྱེད་མཁན་བོད་པ་དགུང་ལོ་བགྲེས་པ་ཚོར་ལོ་ལྟར་སྤྲོ་སྐྱིད་ཀྱི་མཐུན་རྐྱེན་ཡང་སྦྱོར་གྱི་ཡོད་པ་རེད།།

ལྕགས་རི་ཤར་ཐུབ་བསྟན་ཉི་མ།

Published August 17, 2013