Multimedia

ཡིག་གཟུགས་ཀྱི་སྒྱུ་རྩལ།i
|| 0:00:00
...
 
🔇
X
August 21, 2013 3:58 PM
བོད་ནང་ཡིག་གེའི་སྲོལ་དར་ནས་ལོ་ངོ་སྟོང་ཕྲག་འགའ་ཞིག་སོང་ཡོད་སྐོར་གསུངས་ཀྱི་ཡོད་ནའང་། སྒྱུ་རྩལ་ལམ་གྱི་ལམ་ནས་ཡིག་གཟུགས་འབྲི་སྲོལ་དར་མེད། ལོ་རབས་དྲུག་ཅུ་པ་ཙམ་ནས་བོད་ཀྱི་བླ་མ་ཚོས་ཡིག་གཟུགས་ཀྱི་་སྒྱུ་རྩལ་དེའི་ཐོག་བོད་ཡིག་བྲིས་གནང་ཡོད་ནའང་། དེ་དག་དར་བོད་མིའི་སྤྱི་ཚོགས་ནང་སྒྱུ་རྩལ་དེ་འཕེལ་རྒྱས་འགྲོ་ཐུབ་མེད། བར་ལམ་ནས་བོད་ཕྱི་ནང་དུ་ཡིག་གཟུགས་སྒྱུ་རྩལ་ལམ་ནས་འབྲི་མཁན་ཡོང་གི་ཡོད་པ་མ་ཟད། འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་ཡིག་གཟུགས་ཀྱི་རིགས་སྣ་ཚོགས་ཡོད་པའི་ཤོག་དྲིལ་རིང་ཚད་མི་ཀྲར་ ༡༦༣ ཡོད་པ་ཞིག་བྲིས་པ་དེ་འཛམ་གླིང་ནང་ཡིག་གཟུགས་ཀྱི་ཤོག་དྲིལ་རིང་ཤོས་ཀྱིི་ཟིན་ཐོརི་ངོས་འཛིན་གཟེངས་རྟགས་ཐོབ་ཡོད་པ་མ་ཟད། ཡིག་གཟུགས་འབྲི་བྱེད་སོགས་ལའང་ཐབས་ལམ་གསར་པ་ལག་བསྟར་གནང་ཡོད། དེ་རིང་ཀུན་གླེང་བགྲོ་གླེང་ལེ་ཚན་ནང་དུ་ཡིག་གཟུགས་སྒྱུ་རྩལ་མཁན་ལྕགས་རི་ཤར་འཇྱ་དབྱངས་རྡོ་རྗེ་ལགས་དང་ཡིག་གཟུགས་མཁན་ཕུན་ཚོགས་ཚེ་རིང་ལགས་གཉིས་གདན་འདྲེན་ཞུས་ནས་སྒྱུུ་རྩལ་ལམ་ནས་ཡིག་གཟུགས་འབྲི་སྲོལ་དར་འཕེལ་དང་ཐབས་ཤེས་གསར་པ་དེས་སྲོལ་རྒྱུན་ཡིག་གཟུགས་འབྲི་སྲོལ་ལ་ཕན་གནོད་ཀྱི་ཤུགས་རྐྱེན་གང་བྱེད་པ་བཅས་ཀྱིི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

ཡིག་གཟུགས་ཀྱི་སྒྱུ་རྩལ།

Published August 21, 2013