བསྟན་འཛིན་ཆོས་འཕེལ། i
|| 0:00:00
...
 
🔇
X
September 13, 2013
བསྟན་འཛིན་ཆོས་འཕེལ་ལགས་ནི་ཨ་རིའི་Pennsylvania མངའ་སྡེའི་སློབ་གྲྭ་ཆེན་མོའི་འབུམ་རབས་པའི་སློབ་མ་ཞིག་ཡིན་པ་དང་། དེང་སྐབས་ཁོང་གིས་མཁའ་དབྱིངས་འཕྲུལ་རིག་ལ་དམིགས་བསལ་གྱི་སློབ་སྦྱོང་གནང་གི་ཡོད་ཅིང་། ཁོང་གི་སློབ་སྦྱོང་ཁོངས་སུ་ཀློག་ཀླད་ནང་ལ་ཐད་འཕུར་གནམ་གྲུའི་མ་དཔེ་ཞིབ་འཇུག་དང་ཇུས་འགོད་བྱེད་ཀྱི་ཡོད་པ་རེད། ཐོག་མར་བསྟན་འཛིན་ཆོས་འཕེལ་ལགས་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཐོག་ཏུ་འཚར་ལོངས་བྱུང་བ་དང་། དེ་ནས་དྷ་རམ་ས་ལའི་བོད་ཁྱིམ་སློབ་གྲྭ་འགྲིམས་པའི་རྗེས་སུ་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་མཁའ་དབྱིངས་འཕྲུལ་རིག་སློབ་གཉེར་གནང་ཡོད་པ་མ་ཟད། ཁོང་རྒྱ་གར་དུ་ཚུགས་པའི་བོད་ཀྱི་ཚན་རིག་དང་འཕྲུལ་རིག་མཐུན་ཚོགས་ཀྱི་འགན་འཛིན་ཚོགས་མི་ཡང་ཡིན་པ་དང་། བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་སློབ་སྦྱོང་གི་ཞོར་དུ་ཨ་མི་རི་ཀའི་བོད་ཕྲུག་ཚོའི་གཟའ་ཉི་མའི་བོད་ཡིག་སློབ་གྲྭ་ཁག་ལ་ཚན་རིག་དང་འཕྲུལ་རིག་སྐོར་ལ་གཏམ་བཤད་ཐེངས་ཁ་ཤས་བྱས་འདུག

བསྟན་འཛིན་ཆོས་འཕེལ།

Published September 13, 2013