བློ་བཟང་དོན་ལྡན།i
X
September 29, 2013 4:06 PM
ཕྱི་ལོ་ཉི་སྟོང་གི་འགོ་སྟོད་ལ་བློ་བཟང་དོན་ལགས་ལ་མཆིན་པའི་ནད་གཞི་ཚབས་ཆེ་ཞིག་བྱུང་སྟེ་ཁོང་གིས་རྒྱ་གར་གི་དྲང་སྲོང་སྙན་གྲགས་ཅན་རམ་རྡེབ་སྐུ་མདུན་ནས་ཡོ་ག་འམ་རླུང་སྦྱོར་སྦྱངས་གནང་ཡོད་པ་དང། ཐོག་མར་རང་ཉིད་ཀྱིས་རླུང་གི་སྦྱོར་བ་འདི་ལོ་ཤས་ཉམས་ལེན་གནང་ཡོད་པ་ལ་བརྟེན་ནས་རང་གི་མཆིན་པའི་ནད་གཞི་དང་ཁྲག་ཤེད་ཀྱི་ནད་གཞི་གཉིས་དྲག་སྐྱེད་བྱུང་བ་མ་ཟད་ལུས་ཁམས་སྤྱིའི་བདེ་ཐང་ལ་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད་རེད། ༢༠༠༥ ལོ་ནས་བཟུང་ཁོང་གིས་རླུང་སྦྱོར་དེ་བོད་པའི་དགེ་འདུན་པ་དང་བཙུན་མ་དེ་བཞིན་མི་སྐྱ་སོགས་གང་མང་ལ་བསླབ་གནང་འགོ་བཙུགས་ཡོད་པ་མ་ཟད་ ༧གོང་ས་མཆོག་དང་ས་སྐྱ་གོང་མ་རིན་པོ་ཆེ་གཉིས་ལ་ཡང་རླུང་སྦྱོར་དེ་སྦྱན་ཕུལ་ཞུ་ཐུབ་ཡོད་འདུག།

བློ་བཟང་དོན་ལྡན།

Published September 30, 2013