བཀྲིས་དབང་འདུད།i
X
October 05, 2013 4:31 PM
བཀྲིས་དབང་འདུད་ལགས་ནི། བོད་མིའི་མཉམ་འབྲེལ་ཁག་༡༥ ཡོངས་ཀྱི་དབུས་སྤྱི་ཁྱབ་ལས་ཁུངས་སམ་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འཛིན་ཡིན་ཞིང། དེའི་གོང་ཁོང་བཙན་བྱོལ་བོད་གཞུང་གི་མ་ལག་ལས་ཁུངས་མ་འདྲ་བ་མང་པོིའི་ནང་རྩིས་པ་དང་། དྲུང་ཆེ་ དེ་བཞིན་སྐུ་ཚབ་དོན་གཅོད་སོགས་ལས་གནས་འདྲ་མིན་ལོ་ངོ་༡༤ ཙམ་གནང་མྱོང་ཡོད་པ་དང། ཕྱི་ལོ་༢༠༡༠ ལོར་ཁོང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་ལ་བསྐོ་འདེམས་བྱུང་བ་ནས་བཟུང་། འདས་པའི་ལོ་ངོ་འགའ་ཤས་ཀྱི་རིང་ཁོང་གིས་འགོ་ཁྲིད་དེ་སྤྱི་མཐུན་མཉམ་འབྲེལ་གིས་ལས་གཞི་གསར་བ་མང་པོ་ཞིག་འགོ་བཙུགས་ཐུབ་ཡོད་པ་རེད། ཕྱི་ལོ་༢༠༡༢ དང་༢༠༡༣ ལོར་བཙན་བྱོལ་ནང་གི་མཉམ་འབྲེལ་ཁག་༡༥ ཡོངས་ལ་ཁེ་སང་བྱུང་བ་དེ་ནི་། འདས་པའི་ལོ་ངོ་༥༠ ནང་མཉམ་འབྲེལ་ཁག་ཡོངས་ལ་ཁེ་སང་བྱུང་བ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།

བཀྲིས་དབང་འདུད།

Published October 05, 2013