པར་བ་བསོད་ནམས་རྫོགས་སངས།i
X
October 12, 2013
བསོད་ནམས་རྫོགས་སངས་ལགས་ནི་བོད་ནས་སྐྱེས་ཀྱང་བཙན་བྱོལ་དུ་འཚར་ལོངས་བྱུང་བ་དང་། སྤྱི་ལོ་༡༩༨༥ལོར་ཨ་མེ་རི་ཀར་འབྱོར་བ་དང་པར་ལེན་སྟངས་ཐད་རང་སྦྱོང་གནང་འདུག ། རིམ་བཞིན་་རྫོགས་སངས་ལགས་ཀྱིས་ བོད་ནང་གི་བོད་མི་དང་ཁོར་ཡུག བཙན་བྱོལ་བོད་མི་ཚོའི་འཚོ་བ་དང་གནས་བབ་སོགས་ད་ལྟའི་བར་དུ་བོད་དང་འབྲེལ་བའི་འདྲ་པར་སྟོང་ཕྲག་མང་པོ་འགྲེམས་སྤེལ་བྱེད་ཅིང་།འཛམ་གླིང་གི་དུས་དེབ་སྐད་གྲགས་ཅན་དང་པར་གྱི་དེབ་སྐད་གྲགས་ཅན་གང་མང་ དུ་ཁོང་གི་འདྲ་པར་དཔར་བསྐྲུན་བྱེད་མྱོང་བ་མ་ཟད། ཨ་མེ་རི་ཀ་དང་ཉི་ཧོང་གཙོ་བྱེད་པའི་རྒྱལ་ཁབ་ཁག་གི་རིག་གནས་ལོ་རྒྱུས་ལྡན་པའི་འགྲེམས་སྟོན་ཁང་མང་པོར་པར་གྱི་འགྲེམས་སྟོན་བྱེད་མྱོང་མཁན་གྱི་བོད་མི་པར་པ་ཆེད་ལས་པ་ཞིག་ཏུ་གྱུར་ཡོད། རྫོགས་སངས་ལགས་ཀྱིས་བརྗོད་ན་ཁོང་གིས་པར་ལ་བརྟེན་ནས་དུས་རབས་འདིའི་བོད་ཀྱི་འགྱུར་བ་དང་གནས་བབ་རྣམས་ལོ་རྒྱུས་ཀྱི་ཡིག་ཆར་འགྱུར་བར་འབད་བརྩོན་གནང་བཞིན་ཡོད་འདུག དེ་རིང་ང་ཚོས་རྫོགས་སངས་ལགས་ཀྱིས་འདྲ་པར་རྒྱུད་དེ་མི་རྣམས་ལ་གཏམ་རྒྱུད་ཤོད་པའི་སྐོར་ནས་ཁ་བརྡ་བྱ་རྒྱུ་ཡིན།

པར་བ་བསོད་ནམས་རྫོགས་སངས།

Published October 12, 2013