འཁྲབ་སྟོན་པ་ཚུལ་ཁྲིམས་སྒྲོལ་མ། i
X
October 25, 2013
ལོ་ན་བཅུ་ལ་སོན་ཙམ་ནས་བོད་གཞུང་ཟློས་གར་དུ་བོད་ཀྱི་སྲོལ་རྒྱུན་གླུ་གཞས་འཁྲབ་སྟོན་དང་ནང་མ་སྟོད་གཞས་སོགས་ལ་སྦྱང་བ་བྱས་ཏེ་རིམ་བཞིན་འཁྲབ་སྟོན་པ་དང་། ལས་བྱེད། ད་ལྟ་དགེ་རྒན་དུ་གྱུར་ཡོད་པའི་ཚུལ་ཁྲིམས་སྒྲོལ་མ་ལགས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བཟོས་པའི་ ༼ངེས་གཏན་མེད་པའི་མི་ཚེ་༽དང་༼ང་ཚོ་གྲྭ་བ་མིན ། ༽ ༼ཀྱེ་མ་༽ལ་སོགས་པའི གློག་བརྙན་འདྲ་མིན་བརྒྱད་ཙམ་གྱི་ནང་མི་སྣ་འདྲ་མིན་གྱི་འཁྲབ་ཚན་འཁྲབ་མྱོང་བ་རེད། ཚུལ་ཁྲིམས་སྒྲོལ་མ་ལགས་ཀྱིས་བོད་གཞུང་ཟློས་གར་གྱི་ནང་ལོ་ངོ་༤༠་བསྐྱལ་བའི་ལོ་རྒྱུས་དང་ད་ལྟའི་བར་དུ་གློག་བརྙན་འཁྲབ་སྟོན་པ་བྱེད་པའི་རྒྱུད་རིམ་སྐོར་དྲ་བརྙན་གླེང་མོལ་བྱས་ཡོད། ཚུལ་ཁྲིམས་སྒྲོལ་མ་ལགས་ཀྱིས་བརྗོད་ན། བོད་མི་ཚོ་བཙན་བྱོལ་ལ་སླེབས་ཚར་ཙམ་གྱི་དུས་ཏེ། ཆེས་དཀའ་སྡུག་ཆེ་བའི་དུས་དེར་བོད་གཞུང་ཟློས་གར་གྱིས་གསོས་ཤིང་བསྐྱངས་པ་དང་ལྷག་པར་དུ་༧གོང་ས་མཆོག་གི་བཀའ་སློབ་ཉན་ཅིག་ལ་བརྟེན་ནས་ད་དུང་ཡིན་ཡང་བོད་གཞུང་ཟློས་གར་དང་ཁ་འབྲལ་འདོད་མེད་ཅིང་། གློག་བརྙན་འཁྲབ་སྟོན་བྱེད་འདོད་པའི་རྒྱུན་རིང་གི་ཕུགས་བསམ་ཡང་ལེགས་གྲུབ་བྱུང་ཡོད་པ་རེད།

འཁྲབ་སྟོན་པ་ཚུལ་ཁྲིམས་སྒྲོལ་མ།

Published October 25, 2013