blank

VOA ངོ་སྤྲོད། | ང་ཚོར་འབྲེལ་བ་གནང་ཡུལ།

སོ་ཡ་ལ། བོད་ཀྱི་དེང་རབས་གླུ་གཞས།

བསྟན་འཛིན་ནོར་དབྱངས་ལགས་ཀྱིས་གཙོ་སྐྱོངགནང་བའི་དེང་རབས་གླུ་གཞས་ཀྱི་ལས་རིམ་སོ་ཡ་ལ་ནང་དེང་དུས་བོད་ཀྱི་སྐད་གྲགས་ཆེ་བའི་གླུ་གཞས་སྙན་སྒྲོན་ཞུ་ཡི་ཡོད་པ་མ་ཟད། བོད་དང་བརྩན་འབྱོལ་ནང་གི་བོད་མི་གཞས་པ་གཞས་མ། གཞས་ཀྱི་རིག་གནས་མཁས་པ་དང་སྒྱུ་རྩལ་པ་སོགས་ལ་བཅར་འདྲི དེ་བཞིན་ལོ་རབས་༨༠་དང་༩༠་ནང་གི་གཞས་ལ་སོགས་པའི་དེང་རབས་བོད་ཀྱི་གླུ་གཞས་སྙན་སྒྲོན་ཞུ་ཡི་ཡོད།

གལ་སྲིད་ལེ་ཚན་འདིའི་ནང་གཞས་རེ་སྐུལ་གནང་འདོད་ཡོད་པ་ཡིན་ན་ཞལ་པར་དང་གློག་འཕྲིན་གཏོང་རྒྱུའི་ཆ་རྐྱེན་ཡང་ཡོད། ཞལ་པར་ཨང་གྲངས་༢༠༢༣༨༣༥༥༧༠་དང་གློབ་འཕྲིན་ཁ་བྱང་soyala@voanews.com ཡིན།

རྒྱང་སྲིང་གི་དུས་ཚོད། 12-05-2012

ལྟའུ་བློ་བཟང་དཔལ་ལྡན་ལགས་ཀྱི་གཞས། ༼ ༣ ༽

ལྟའུ་བློ་བཟང་དཔལ་ལྡན་ལགས་ཀྱི་བོད་ནང་གི་གཞས་པ་གཞས་མའི་སྐོར་དང་ཁོང་གི་ཕྲུ་གུ་རྣམས་ཀྱི་གཞས་ཀྱི་དབྱིངས་སྐོར་ལ་འབྲེལ་བརྗོད་གནང་བ་སོགས་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 15-05-2012

ལྟའུ་བློ་བཟང་དཔལ་ལྡན་ལགས་ཀྱི་གཞས། ༼ ༢༽

ཁོང་གི་གཞས་དགའ་ཤོས་སོགས་ཀྱི་བཀའ་མོལ་དང་གཞས་སྙན་སྒྲོན་ཞུས་ཀྱི་ཡིན།

རྒྱང་སྲིང་གི་དུས་ཚོད། 11-05-2012

ལྟའུ་བློ་བཟང་དཔལ་ལྡན་ལགས་ཀྱི་གཞས། ༼ ༡ ༽

ད་རིང་ཡུ་རོབ་ཀྱི་ཡུལ་གྲུ་ཇར་མི་ནིར་བརྟན་གཞི་བྱེད་པའི་གཞས་པ་ལྟའུ་བློ་བཟང་དཔལ་ལྡན་ལགས་ཀྱི་ངོ་སྤྲོད་དང་ཁོང་གི་གཞས་སྙན་སྒྲོན་ཞུས་ཡི་ཡིན། ང་ཚོས་ལྟའུ་བློ་བཟང་དཔལ་ལྡན་ལགས་སུ་ཁོང་གི་གཞས་ཀྱི་སྐོར་དང་དེང་རབས་བོད་གཞས་སྐོར་ལ་དཀའ་མོལ་ཞུས་པ་ཡིན།

རྒྱང་སྲིང་གི་དུས་ཚོད། 11-05-2012

ཕ་ཡུལ་བོད།

བློ་བཟང་ལགས་ཀྱི་ཕ་ཡུལ་ཞེས་པའི་གཞས་རྩམ་གྲིགས་གནང་བའི་སྐོར་དང་ཕ་ཡུལ་བོད་ཀྱི་སྐོར་དང་འབྲེལ་བའི་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 26-04-2012

གཞས་གསར་བ་དང་རྙིང་པ་ཁག

གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་ང་ཚོའི་བོད་ཀྱི་འབྲོག་པ་གཞས་དང་ཚེ་རིང་འགྱུར་མེད་ལགས་ཀྱ་གཞས་གསར་བ་སྙིང་རྗེ་མོ་ལགས་ལ་སོགས་པའི་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 21-04-2012

ན་གཞོནག་གཞས་པ་གཞས་མ།

གཞས་པ་བློ་བཟང་བདེ་ལེགས་དང་བཀྲ་ཤིས་བློ་གྲོས་ལགས་དེ་བཞིན་གཞས་མ་ཆོས་སྐྱིད་ལགས་དང་སྒྲོན་མེ་ལ་སོགས་པའི་ན་གཞོན་གཞས་པ་གཞས་མ་ཁག་གི་གཞས་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 20-04-2012

སྐྱེ་རྒུ་མདོ་ས་ཡོམ་གོད་ཆག་གི་གཞས།

བོད་ཤར་ཕྱོགས་མདོ་ཁམས་སྐྱེ་རྒུ་མདོ་ལ་ས་ཡོམ་གྱི་གོད་ཆག་ཕོག་སྟེ་ལོ་གཉིས་འཁོར་ཡོད་པ་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་གོད་ཆག་དེ་ལ་དམིགས་པའི་དམིགས་བསལ་གཞས་གསར་ཙོམ་གནང་བའི་གཞས་ཁག་ཅིག་སྙན་འབུལ་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 15-03-2012

ཨོཾ་མ་ནི་པ་དྨེ་ཧཱུྃ་

བོད་གཞུང་ཟློས་གར་ཚོགས་པའི་གཞས་ཨོཾ་མ་ནི་པ་དྨེ་ཧཱུྃ་དང་གཞས་པ་ཟླ་བ་ལགས་ཀྱི་གསོན་འེབས་ལ་སོགས་པའི་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 02-03-2012

གཞས་གསར་བ་༼༡༽

ཉེ་ཆར་གནས་མཆོག་རྡོ་རྗེ་ལྡན་དུ་དུས་འཁོར་དབང་ཆེན་སྐབས་ལ་གསར་དུ་འགྲེམ་སྤྲེལ་གནང་ཡོད་པའི་གཞས་ཁག་གཅིག་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 26-04-2012

གཞས་གསར་བ་༼༢༽

རྒྱང་སྲིང་གི་དུས་ཚོད། 01-12-2011

སོ་ཡ་ལ།

སོ་ཡ་ལ་གསན་དང་།

རྒྱང་སྲིང་གི་དུས་ཚོད། 24-11-2011

བོད་ཀྱི་དེང་རབས་གླུ་གཞས་སྐོར་གླེང་མོལ།

ད་རིང་གི་ལས་རིམ་ནང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་བོད་ཀྱི་དེང་རབས་གླུ་གཞས་སྐོར་ལ་གླེང་མོལ་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 18-11-2011

སོ་ཡ་ལ།

རྒྱང་སྲིང་གི་དུས་ཚོད། 17-11-2011

བོད་གཞས།

ཨ་ཀ་མའི་ན་མོ་མཛེས་མ་དང་གཡུ་འབྲུག་རོལ་ཚོགས་ཀྱི་གཞས་རྨི་ལམ་་དང་སྐད་གྲགས་ཆེ་བའི་གཞས་དང་པོ་ནང་ནས་ཡོང་དུས་ལ་སོགས་པ་གསན་དང་།

རྒྱང་སྲིང་གི་དུས་ཚོད། 16-11-2011

ཞལ་འདོན།

གཞས་མ་དབྱངས་ཅན་ལྷ་མོ་ལགས་དང་ཨ་ནི་ཆོས་དབྱིངས་སྒྲོལ་མ་ལགས་ དེ་བཞིན་གཞས་པ་ཟླ་བ་ལགས་ཀྱི་ཞལ་འདོན་དབྱངས་ཀྱི་ཐོག་ནས་ལེན་པ་ཁག་གཅིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 28-10-2011

རེ་སྐུལ་གནང་བའི་གཞས།

སོ་ཡ་ལ་གསན་མཁན་ཚོས་རེ་སྐུལ་གནང་བའི་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 28-10-2011

བསྟན་འཛིན་ཟླ་བ་ལགས་ཀྱི་གཞས།

གཞས་པ་བསྟན་འཛིན་ཟླ་བ་ལགས་ཀྱི་ངོ་སྤྲོད་དང་ཁོང་གི་གཞས་སྙན་སྒྲོན་ཞུ་གི་ཡིན། གཞས་པ་བསྟན་འཛིན་ཟླ་བ་ལགས་ཆུང་བྱིས་པའི་སྐབས་སུ་ཤིམ་ལར་བོད་ཁྱིམ་སློབ་གྲའི་ནང་སློབ་སྦྱོང་གནང་ཡིན་པ་དང་སློབ་གྲའི་ནང་གཞས་ན་འཁྲབ་བསྟོན་མང་པོའི་ནད་མཉམ་ཞུགས་གནང་ཡོད་འདུག།

རྒྱང་སྲིང་གི་དུས་ཚོད། 28-10-2011

བསྟན་འཛྀན་ཟླ་བ་ཚོ་ནའི་གཞས།

དེང་སྐབས་ཡུ་རོབ་གི་ཡུལ་གྲུ་ཧོ་ལེན་ཊ་ནང་ཞུགས་མཁན་གྱི་ན་གཞོན་གཞས་པ་བསྟན་འཛིན་ཟླ་བ་འཚོན་ན་ལགས་གི་ངོ་སྤྲོད་དང་ཁོང་གི་ rap གཞས་སྙན་སྒྲོན་ཞུ་ཡི་ཡིན། ཟླ་བ་ཚོ་ན་ལགས་ནི་བརྩན་འབྱོལ་སྤྱི་ཚོགས་ནང་ བོད་སྐད་དང་དབྱིན་སྐད་ཟུང་འབྲེལ་ཐོག་རེཔ་(rap)བོད་གཞས་གཏང་མཁན་ཉུང་ཤེས་ཡོད་པའི་ནང་ནས་གཅིག་ཡིན་པ་རེད། ཁོང་གི་དྲ་རྒྱའི་ཁ་བྱང་ http://www.youtube.com/user/dabeck23

རྒྱང་སྲིང་གི་དུས་ཚོད། 14-10-2011

ན་གཞོན་གཞས་པ་ཆོས་མགོན་ལགས་ཀྱི་གཞས།

བརྩན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ནང་ན་གཞོན་གཞས་པ་ཆོས་མགོན་ལགས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག། བསྟན་འཛིན་ནོར་དབྱངས་ལགས་ཀྱི་གཙོ་སྐྱོང་གནང་བའི་བོད་ཀྱི་དེང་རབས་གླུ་གཞས་ཀྱི་ལས་ཚན་སོ་ཡ་ལ་ནང་གཞས་པ་ཆོས་མགོན་ལགས་ཀྱི་གཞས་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 23-09-2011

རེཔ་བོད་གཞས/ (Rap Songs)

ན་གཞོན་མང་པོས་མཉེས་པོ་གནང་བའི་རེཔ་གཞས་ཀྱི་རིགས་ནང་ནས་སྐད་གྲགས་ཆེ་བའི་རེཔ་བོད་གཞས་ཁ་ཤས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 02-09-2011

དར་ཁྱབས་ཆེ་བའི་གཞས།

དེང་སང་སྐད་གྲགས་ཆེབའི་གཞས་དྲུག་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 02-09-2011

ཨུ་རྒྱན་ལགས་ཀྱི་གཞས།

ཨུ་རྒྱན་ཆོས་འཕེལ་ལགས་ཀྱི་རྩ་བརླག་ཞེས་པའི་གཞས་ཀྱི་འོད་སྡེར་ནང་གི་གཞས་གསན་རོགས་གནང་། http://www.tibetalivingtradition.co.uk

རྒྱང་སྲིང་གི་དུས་ཚོད། 27-08-2011

བོད་གཞས།

དེང་དུས་བོད་ཀྱི་གླུ་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 26-08-2011

དེང་དུས་བོད་གཞས།

གཞས་གངས་དཀར་སོན་རྩ་དང་སྣམ་བུ་དེ་བཞིན་ཁུ་སིམ་སིམ་ལ་སོགས་པའི་དེང་དུས་བོད་གཞས་ཁག་གཅིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 25-08-2011

བོད་ཀྱི་དེང་རབས་གླུ་གཞས།

གཞས་པ་ཚེ་རིང་འགྱུར་མེད་ལགས་དང་བསྟན་འཛིན་རྒྱལ་པོ་ལགས་ཀྱི་གཞས་དང་གཞན་གཞས་པ་ཁག་གི་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 20-08-2011

དེང་རབས་གཞས།

རྒྱང་སྲིང་གི་དུས་ཚོད། 19-08-2011

བོད་གཞས།

དེང་དུས་བོད་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 18-08-2011

དེང་དུས་བོད་གཞས།

གཞས་པ་ཕུར་བུ་བཀྲིས་རྣམ་རྒྱལ་ལགས་དང་ཡོན་ཏན་ལགས་དེ་བཞིན་ཤེར་བསྟན་ལགས་དང་གཞས་མ་རིན་འཛིན་དབང་མོ་ལགས་ཀྱི་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 13-08-2011

གཞས་རེ་སྐུལ།

གསན་མཁན་ཁ་ཤས་ཀྱིས་གཞས་རེ་སྐུལ་གནང་བའི་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 12-08-2011

ལས་ཚན་གསན་མཁན་གྱིས་རེ་སྐུལ་་གནང་བའི་གཞས།

ད་རིང་སོ་ཡ་ལ་གསན་མཁན་རྣམས་པ་ཚོས་རེ་སྐུལ་གནང་བའི་གཞས་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 29-07-2011

གཟི་མིག་དགུ་པའི་གཞས།

ལྷ་ས་ནས་ཡིན་པའི་དེང་རབས་བོད་ཀྱི་སྐད་གྲགས་ཆེ་བའི་རོལ་ཚོགས་གཟི་མིག་དགུ་པ་རོལ་ཚོགས་ཀྱི་གཞས་གསན་རོགས་གནང།

རྒྱང་སྲིང་གི་དུས་ཚོད། 23-07-2011

བོད་གཞས།

གཞས་པ་གཞས་མ་སྣ་ཚོགས་ཀྱི་གཞས་སྙན་སྒྲོན་ཞུས་པ་ཡིན།

རྒྱང་སྲིང་གི་དུས་ཚོད། 22-07-2011

གཞས་མ་སྒྲོལ་པེ།

མདོ་སྨད་ཨ་མདོའི་ཁོངས་གཏོགས། རྔ་བ་ཁུལ་གྱི་ཁྱུང་མཆུ་རྫོང་ཨ་མཆོག་ཧི་ར་མ་ཞེས་པའི་འབྲོག་སྡེ་ཞིག་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་ཡིན་པའི་བོད་ཀྱི་གླུ་གར་སྒྱུ་རྩལ་བ་སྒྲོལ་པེ་ལགས་ཀྱི་གཞས་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 21-07-2011

དེང་དུས་བོད་གཞས།

གཞས་པ་ཡ་དོང་ལགས་དང་ གཞས་མ་རིན་འཛིན་དབང་མོ་ལགས་དང་ཚེ་དབང་ལྷ་མོ་ལགས་ དེ་བཞིན་གཞས་པ་ཆོས་གྲགས་ལགས་ཀྱི་གཞས་གསན་ན།

རྒྱང་སྲིང་གི་དུས་ཚོད། 07-07-2011

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་གཞས།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༦ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་བོད་མི་ཚོས་སྲུང་བརྩི་གཟབ་རྒྱས་ཞུས་པ་ལྟར་ད་རིང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཞུས་པའི་གཞས་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 04-07-2011

དེང་དུས་བོད་གཞས།

ད་རིང་གཞས་པ་བློ་བཟང་བདེ་ལེགས་ལགས་ཀྱི་གཞས་དང་བོད་ནང་གི་སྐད་གྲགས་ཆེ་བའི་བྱམས་པ་ཚེ་རིང་ལགས་ཀྱི་གཞས་དང་ལྟ་བོ་བློ་བཟང་དཔལ་ལྡན་ལགས་ཀྱི་གཏོང་བའི་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 01-07-2011

མེ་ལོང་གི་རོལ་ཆ་བ་འཇིག་མེད་ལགས་ཀྱི་ངོ་སྤྲོད།

ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་ནང་གནས་བསྡོད་གནང་བཞིན་ཡོད་པའི་དེང་དུས་གཞས་དང་རོལ་དབྱངས་གྱི་ཆེད་ལས་པ་ བསྟན་འཛིན་འཇིག་མེད་ལགས་ཀྱི་ང་སྤྲོད་དང་ཁོང་གི་གཞས་ཁ་ཤས་སྙན་སྒྲོན་ཞུ་རྒྱུ་ཡིན

རྒྱང་སྲིང་གི་དུས་ཚོད། 30-06-2011

གཞས་མ་ཆོས་སྐྱིད་ལགས་ལ་བཅར་འདྲི།

གཞས་མ་ཆོས་སྐྱིད་ལགས་ཀྱི་ད་བར་གཞས་ཀྱི་འོད་སྡེར་གསུམ་འགྲེམ་སྤེལ་གནང་འདུག ད་རིང་ཆཽས་སྐྱིད་ལགས་ལ་བཅར་འདྲི་ཞུ་རྒྱུ་དང་ཁོང་གི་གཞས་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 04-06-2011

བོད་གཞས།

གཞས་པ་སྤེམ་ཚི་ལགས་ཀྱི་གཞས་དང་ཕུར་བུ་རྣམ་རྒྱལ་ལགས་ཀྱི་གཞས་དང་དར་ཁྱབ་ཆེ་བའི་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 03-06-2011

བོད་ཀྱི་རོལ་ཆ་རུས་ཁག

བོད་ཀྱི་རོལ་ཆ་རུས་ཁག་གི་གཞས་སྙན་སྒྲོན་ཞུ་རྒྱུ་ཡིན། ཇེ་ཇེ་ཨཡི་རོལ་ཚོགས་དང་ མོ་ལོང་རོལ་ཚོགས་དེ་བཞིན་གཡུ་འབྲུག་ཚན་འདེབས་རུས་ཁག་གི་གཞས་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 02-06-2011

བོད་ནས་གཞས།

བོད་ནང་ནས་ཐོན་པའི་གླུ་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 16-05-2011

བོད་ཀྱི་ཆང་གཞས།

མུ་མཐུད་སྟེ་ད་རིང་དར་ཁྱབ་ཆེ་བའི་ཆང་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 26-05-2011

ཆང་གཞས།

སྐད་གྲགས་ཆེ་བའི་ཆང་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 19-05-2011

གཞས་རེ་སྐུལ།

ད་རིང་ལས་རིམ་གསན་མཁན་ཚོས་གཞས་རེ་སྐུལ་གནང་བ་ཁག་གཅིག་སྙན་སྒྲོན་ཞུ་རྒྱུ་ཡིན།

རྒྱང་སྲིང་གི་དུས་ཚོད། 13-05-2011

དེང་རབས་གླུ་གཞས།

རྒྱང་སྲིང་གི་དུས་ཚོད། 12-05-2011

དེང་རབས་གཞས།

རྒྱང་སྲིང་གི་དུས་ཚོད། 07-05-2011

བློ་བཟང་བདེ་ལེགས་ལགས་ཀྱི་གཞས་དང་ངོ་སྤྲོད།

བློ་བཟང་བདེ་ལེགས་ལགས་གི་༢༠༠༧་ལོའི་ནང་ལ་གཞས་ཀྱི་འདོ་སྡེར་དང་པོ་ཁུ་བྱུག་ཟེར་བ་དང་༢༠༠༩་ལོའི་ནང་ལ་བསྟན་འཛིན་སྒྲོལ་མ་ཟེར་བའི་འོད་སྡེར་གཉིས་འགྲེམ་སྤེལ་གནང་འདུག། ད་རིང་གཞས་པ་བློ་བཟང་བདེ་ལེགས་ལགས་ལ་ཁོང་གི་གཞས་ཀྱི་སྐོར་ལ་བཅར་འདྲི་ཞུ་རྒྱུ་ཡིན།

རྒྱང་སྲིང་གི་དུས་ཚོད། 06-05-2011

བྱིས་པའི་གླུ་གཞས།

བོད་ཀྱི་བྱིས་པའི་གླུ་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 28-04-2011

གཞས་པ་བློ་ཚེ་བརྟེན་ལགས་ཀྱི་གཞས།

བོད་མི་ན་གཞོན་གཞས་པ་བློ་ཚེ་བརྟེན་ལགས་ལ་ཁོང་གི་གཞས་ཀྱི་སྐོར་ལ་བཅར་འདྲི་ཞུ་རྒྱུ་དང་ཁོང་གི་དར་ཁྱབ་ཆེ་བའི་གཞས་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 15-04-2011

སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་གཞས།

ཉེ་དུས་ང་ཚོས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་རྣམས་ནས་དེང་དུས་ཀྱི་གླུ་གཞས་ཐོག་ནས་ཆེ་བསྟོད་ཞུས་པའི་གཞས་ཁག་གཅིག་སྙན་སྒྲོན་ཞུས་པ་ཡིན། ད་རིང་གི་ལས་རིམ་འདིའི་ནང་མུ་མཐུད་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཞུས་པའི་གཞས་རྒྱངས་བསྲེང་ཞུ་རྒྱུ་ཡིན།

རྒྱང་སྲིང་གི་དུས་ཚོད། 14-04-2011

སྐྱེ་རྒུ་མདོ་ས་ཡོམ་གོད་ཆག་གི་གཞས།

བོད་ཤར་ཕྱོགས་མདོ་ཁམས་སྐྱེ་རྒུ་མདོ་ལ་ས་ཡོམ་གྱི་གོད་ཆག་ཕོག་སྟེ་ལོ་གཅིག་འཁོར་ཡོད་པ་དང བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་གོད་ཆག་དེ་ལ་དམིགས་པའི་དམིགས་བསལ་གཞས་གསར་ཙོམ་གནང་བའི་གཞས་ཁག་ཅིག་སྙན་འབུལ་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 07-04-2011

གཞས་པ་ཚེ་རིང་བཀྲི་སི་ལགས་ལ་བཅར་འདྲི།

ད་རིང་ཚེ་རིང་ལགས་ཀྱིས་༢༠༠༩་ལོའི་ནང་ལ་དཀོན་མཆོག་མཁྱེན་ཞེས་པའི་འོད་སྡེར་འགྲེམས་སྤེལ་གནང་བའི་སྐོར་ལ་བཀའ་མོལ་ཞུ་རྒྱུ་དང་དཀོན་མཆོག་མཁྱེན་འོད་སྡེར་ནང་གི་གཞས་ཁ་ཤས་སྙན་སྒྲོན་ཞུ་རྒྱུ་ཡིན།

རྒྱང་སྲིང་གི་དུས་ཚོད། 01-04-2011

བཀྲ་ཤིས་བློ་གྲོས་ལགས་ཀྱི་ངོ་སྤྲོད་དང་གཞས།

ད་རིང་བོད་མི་ན་གཞོན་གཞས་པ་བཀྲ་ཤིས་བློ་གྲོས་ལགས་ཀྱི་ངོ་སྤྲོད་དང་ ཁོང་གི་༢༠༠༨་ལོའི་ནང་ཡིད་ལ་འཁོར་ཞེས་པའི་འོད་སྡེར་འགྲེམས་སྤེལ་གནང་བའི་ནང་གི་གཞས་ཁ་ཤས་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 26-03-2011

ལོ་རབས་༨༠་དང་༩༠་ནང་གི་གཞས།

མུ་མཐུད་སྟེ་ལོ་རབས་༨༠་ དང་༩༠་ནང་ལ་དར་ཁྱབ་ཆེ་བའི་བོད་ཀྱི་གླུ་གཞས་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 05-07-2011

ལོ་རབས་༨༠་གཞས།

ད་རིང་ལོ་རབས་བརྒྱད་བཅུའི་ནང་ལ་དར་ཁྱབ་ཆེ་བའི་བོད་ཀྱི་གླུ་གཞས་ཁག་གཅིག་སྙན་འབུལ་ཞུ་རྒྱུ་ཡིན།

རྒྱང་སྲིང་གི་དུས་ཚོད། 24-03-2011

བསྟོད་གླུ།

བོད་མི་རྣམས་ནས་ སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བསྟོད་པའི་གཞས་གསར་རྩོམ་གནང་པའི་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 19-03-2011

འོས་འཕན་རྒྱུའི་ཉིན་མོ།

སང་ཉིན་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་འདེམས་གྱི་འོས་ཤོག་འཕེན་རྒྱུའི་ཉིན་མོ་རེད། དུས་དེའི་ཆེད་དུ་ནེའུ་ཡོག་གི་སྟག་ཚེར་རོལ་ཆ་རུས་ཁག་གི་ཙམ་གནང་བའི་གཞས་"rock the vote" དང་གཞས་གཞན་ཁག་སྙན་སྒྲོན་ཞུ་རྒྱུ་ཡིན།

རྒྱང་སྲིང་གི་དུས་ཚོད། 18-03-2011

བྱ་དེ་ཁྲུང་ཁྲུང་དཀར་མོ།

རྒྱལ་དབང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོ་མཆོག་གི་མགུར་གླུའི་ནང༌ བྱ་དེ་ཁྲུང་ཁྲུང་དཀར་མོ། གཤོག་རྩེ་ང་ལ་གཡོར་དང༌། ཐག་རིང་རྒྱང་ལ་མི་འགྲོ། ལི་ཐང་བསྐོར་ནས་སླེབས་ཡོང༌། ཅེས་པའི་ཚིག་འདི་ལ་གཞི་ཞག་ནས་ བོད་ཀྱི་གཞས་པ་གཞས་ཁ་ཤས་ཀྱིས་དབྱངས་མི་འདྲ་བ་མང་པོ་ཞིག་གི་ནང་གཞས་འདི་གཏང་ཡོད་པའི་ནང་ནས་ད་རིང་ བྱ་དེ་ཁྲུང་ཁྲུང་དཀར་མོ་མའི་གཞས་ཚིག་འདི་ཡི་གཞས་ཀྱི་དབྱངས་མི་འདྲ་བ་༨་ལྷག་ཙམ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 05-03-2011

བོད་མིའི་གྱེན་ལངས་ཉིན་མོ།

རྒྱང་སྲིང་གི་དུས་ཚོད། 12-03-2011

བུད་མེད་དུས་ཆེན་སྲུང་བརྩི།

ཁ་སང་སྤྱ་ཟླ་༣ པའི་ཚེས་༨་གཟའ་མིག་དམར་ཉིན་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལོ་༡༠༠་འཁོར་བའི་ཉིན་མོ་ཡིན་པ་རེད། བུད་མེད་དུས་ཆེན་དེ་སུང་བརྩི་བྱེད་ཡོད་པ་ལྟར་ད་རིང་བོད་ཀྱི་དེང་རབས་གཞས་མ་སྐད་གྲགས་ཆེ་བ་ཁག་གཅིག་གི་བཏང་གནང་བའི་གཞས་སྙན་འབུལ་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 05-05-2011

ལོ་གསར་གཞས།

གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།

རྒྱང་སྲིང་གི་དུས་ཚོད། 18-02-2011

ཤེར་བསྟན་ལགས་ཀྱི་གཞས།

ད་རིང་ཨ་མདོ་མགོ་ལོག་ནས་ཡིན་པའི་སྐད་གྲགས་ཆེ་བའི་ན་གཞོན་གླུ་བ་ཤེར་བསྟན་ལགས་ཀྱི་གཞས་ཁ་ཤས་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 18-02-2011

དེང་དུས་བོད་ཀྱི་གཞས།

བོད་ཀྱི་དེང་རབས་གླུ་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 18-02-2011

རི་མིཀ་སི་གཞས།

ཁ་རགས་སྤེན་པ་ཚེ་རིང་ལགས་ཀྱི་གཞས་རི་འདི་ཁ་རང་རི་དང་རིན་འཛིན་སྒྲོལ་མ་ལགས་ཀྱི་ཨ་ཅ་ཆོས་སྒྲོན་ཟེར་བའི་གཞས་ལ་སོགས་པའི་"remix"གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 17-02-2011

བཀྲ་ཤིས་དོན་སྒྲུབ་ལགས་ཀྱི་གཞས།

གཟའ་འཁོར་སྔོན་མ་སྤྱི་ཟླ་གཉིས་པའི་ཚེས་བརྒྱད་རེས་གཟའ་མིག་དམར་ཉིན་ ཨ་མདོ་མཚོ་སྔོན་ཞིང་ཆེན་ རྨ་ལྷོ་སོག་རྫོང་ནས་ཡིན་པའི་ན་གཞོན་གླུ་བ་བཀྲ་ཤིས་དོན་སྒྲུབ་ལགས་ལོ་གཅིག་དང་ཟླ་བ་བདུན་གྱི་ཁྲིམས་ཚད་བཅད་ནས་ད་གློད་གྲོལ་ཐོབ་ཡོད་པ་རེད། ད་རིང་ཁོང་གི་གཞས་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 13-02-2011

ཕོ་མོ་བརྩེ་དུང་གི་གཞས།

སང་ཉིན་ཝེ་ལེན་ཊིན་དགའ་རོགས་ཉིན་མོའི་དུས་དང་བསྟུན་སྟེ་ད་རིང་ཕོ་མོ་བརྩེ་དུང་གི་གཞས་སྙན་སྒྲོན་ཞུ་ཡི་ཡིན།

རྒྱང་སྲིང་གི་དུས་ཚོད། 14-02-2011

བརྩེ་དུང་གི་གཞས།

ད་རིང་ཝེ་ལན་ཊིན་དུས་ཆེན་རེད། དགའ་རོགས་ཉིན་མོ་འདིའི་ཉིིན་བརྩེ་དུང་ཡོད་པའི་ཕོ་མོ་རྣམས་ཀྱི་བརྩེ་བ་དེ་སྲུང་བརྩི་བྱེད་པའི་དུས་དམིགས་བསལ་གཅིག་རེད། ད་རིེང་སྐད་གྲགས་ཡོད་པའི་བརྩེ་དུང་གི་གཞས་གསན་རོགས་གནང་དང།

རྒྱང་སྲིང་གི་དུས་ཚོད། 10-02-2011

བརྩེ་དུང་ལྡན་པའི་གཞས།

ཕོ་མོ་བརྩེ་དུང་གྱི་ཉིན་སྲུང་རྩི་ཆེད་ད་རིང་བརྩེ་དུས་ལྡན་པའི་གཞས་སྙན་སྒྲོན་ཞུ་རྒྱུ་ཡིན། ལས་རིམ་གསན་མཁན་གྱི་རེ་སྐུལ་གནང་བའི་གཞས་ཡང་འབུལ་གྱི་ཡིན།

རྒྱང་སྲིང་གི་དུས་ཚོད། 05-02-2011

སྐད་གྲགས་ཆེ་བའི་གཞས་པ།

གཞས་པ་བཀྲས་ཆུང་ལགས་དང་ཕུར་བུ་རྣམ་རྒྱལ་ལགས་ལ་སོགས་པའི་དེང་དུས་ཀྱི་སྐད་གྲགས་ཆེ་བའི་གཞས་པ་སོགས་ཀྱི་གཏོང་བའི་གཞས་སྙན་སྒྲོན་ཞུ་རྒྱུ་ཡིན།

རྒྱང་སྲིང་གི་དུས་ཚོད། 04-02-2011

བཙན་འབྱོལ་གཞས།

རྒྱ་གར་ལ་སོགས་པའི་བརྩན་འབྱོལ་སྤྱི་ཚོགས་ནང་ནས་ཐོན་པའི་གཞས་ཁག་གཅིག་གསན་དང་།

རྒྱང་སྲིང་གི་དུས་ཚོད། 03-02-2011

ཀུན་དགའ་ལགས་ཀྱི་གཞས།

ཀུན་དགའ་ཕུན་ཚོགས་ལགས་ཀྱི་གཏོང་བའི་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 27-01-2011

དེང་དུས་བོད་ཀྱི་གཞས།

གཞས་མ་ཚེ་དབང་ལྷ་མོ་ལགས་དང་ཀུན་མཆོག་བསོད་ནམས་ལགས་ བདེ་སྐྱིད་ཚེ་རིང་ལགས་དང་ ཀུན་དགའ་ལགས་ཀྱི་གཏོང་བའི་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 08-01-2011

བརྩན་འབྱོལ་གཞས།

ཐུགས་རྗེ་བཀའ་དྲིན་གཞས་ཀྱི་འོད་སྡེ་ནང་གི་གཞས་དང་མེ་ལོང་རུས་ཁག་གི་འོད་སྡེ་དང་པོའི་ནང་གི་གཞས་ དེ་བཞིན་སྤྲིན་འཁོར་༣ པའི་ནང་གི་གཞས་ལ་སོགས་པའི་དར་ཁྱབ་ཆེ་བའི་བརྩན་འབྱོལ་ནང་གི་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 07-01-2011

བོད་ནས་འགྲེམ་སྤྲེལ་བྱས་པའི་གཞས།

བོད་ནང་གི་གཞས་པ་ཤེར་བསྟན་ལགས་ཀྱི་གཞས་བཀྲིས་སྨོན་འདུན་ ཀུན་དགའ་ལགས་ཀྱི་བ་གཞས་དང་གཞས་མ་ལྷ་སྐྱིད་ལགས་ཀྱི་གཞས་ཁ་པར་ཐོན་ཐ་ལ་སོགས་པའི་ཉེ་ཆར་བོད་ནས་ཐོན་པའི་གཞས་གསན་དང་།

རྒྱང་སྲིང་གི་དུས་ཚོད། 06-01-2011

༢༠༡༠ ལོའི་གཞས།

༢༠༡༠ ལོའི་ནང་ལ་བོད་ནང་ནས་ཐོན་པའི་དེང་རབས་གླུ་གཞས་གསན་དང་།