blank

VOA ངོ་སྤྲོད། | ང་ཚོར་འབྲེལ་བ་གནང་ཡུལ།

ཆོས་རིག་ལེ་ཚན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་ནང་ཆོས་ལ་དད་པ་བྱེད་མཁན་རྣམས་ལ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་པའི་བཀའ་སློབ་ཡང་ཡང་གནང་གི་ཡོད་པ་དང་ དེ་ནི་དད་པ་ཁོ་ནའི་དབང་དུ་མ་སོང་བར་ ཁ་འདོན་ཞིག་བྱེད་པ་ཡིན་ན་ཡང་ དེའི་དོན་དག་ཤེས་པ་བྱས་ཏེ་ཁ་འདོན་འདོན་པ་ཡིན་ན་ ཕན་བརླབས་ཆེ་བ་དང་ སེམས་ལ་འགུལ་འཁྱོགས་མང་བ་ཐེབས་ཀྱི་རེད་ཅེས་བཀའ་སློབ་བསྩལ་གནང་གི་ཡོད་པར་བརྟེན་ ནང་ཆོས་ལ་བསླབ་པ་སློབ་གཉེར་དང་ ཐོས་བསམ་སྒོམ་གསུམ་དེ་ཙམ་གནང་མྱོང་མེད་ན་ཡང་ནང་ཆོས་ལ་དོ་སྣང་དང་ སྦྱང་འདོད་ཡོད་མཁན་་ང་ཚོའི་རླུང་འཕྲིན་གསན་མཁན་རྣམས་ལ་དམིགས་ཏེ་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་འདི་གོ་བསྒྲིགས་ཞུས་པ་ཞིག་ཡིན་པ་དང་ ལས་རིམ་འདི་གོ་སྒྲིག་ཞུ་མཁན་ཀུན་བཟང་སྒྲོལ་མ་ཡིན་ ལས་རིམ་འདིའི་ནང་ ནང་ཆོས་དང་ ནང་ཆོས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་སྐོར་བཅས་ལ་མཁྱེན་རྒྱ་ཡངས་པའི་བླ་མ་དང་ དགེ་བཤེས་ མཁས་པ་སོགས་ལ་གནས་དྲི་ཞུས་པ་དང་ དེ་བཞིན་སྐབས་རེ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་པ་ཁག་རྒྱང་སྲིང་ཞུ་གི་ཡོད་ ལས་རིམ་དེ་གསན་ནས་ཕན་ཐོགས་ཡོང་བའི་རེ་བ་ཞུ་གི་ཡོད་

རྒྱང་སྲིང་གི་དུས་ཚོད། 08-01-2012

རྗེ་བཙུན་མི་ལའི་རྣམ་ཐར། ༼༡༽

མཁན་པོ་ཚུལ་ཁྲིམས་ལགས་ཀྱིས་རྗེ་བཙུན་མི་ལའི་རྣམ་ཐར་སྐོར་གསུངས་པའི་དུམ་བུ་བཞི་པའམ་ མཐའ་མ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 15-01-2012

རྗེ་བཙུན་མི་ལའི་རྣམ་ཐར། ༼༢༽

མཁན་པོ་ཚུལ་ཁྲིམས་ལགས་ཀྱིས་རྗེ་བཙུན་མི་ལའི་རྣམ་ཐར་སྐོར་གསུངས་པའི་དུམ་བུ་བཞི་པའམ་ མཐའ་མ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 22-01-2012

རྗེ་བཙུན་མི་ལའི་རྣམ་ཐར། ༼༣༽

མཁན་པོ་ཚུལ་ཁྲིམས་ལགས་ཀྱིས་རྗེ་བཙུན་མི་ལའི་རྣམ་ཐར་སྐོར་གསུངས་པའི་དུམ་བུ་བཞི་པའམ་ མཐའ་མ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 29-01-2012

རྗེ་བཙུན་མི་ལའི་རྣམ་ཐར། ༤

མཁན་པོ་ཚུལ་ཁྲིམས་ལགས་ཀྱིས་རྗེ་བཙུན་མི་ལའི་རྣམ་ཐར་སྐོར་གསུངས་པའི་དུམ་བུ་བཞི་པའམ་ མཐའ་མ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 18-12-2011

སྟོང་ལེན་སྒོམ་སྟངས་སྐོར།

རྡ་རམ་ས་ལའི་རིག་ལམ་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་བདག་གཞན་མཉམ་བརྗེ་སྒོ་ནས་བློ་སྦྱོང་སྟངས་ཀྱི་ནང་གཏོང་ལེན་སྒོམ་སྟངས་ཐད་འགྲེལ་བཤད་གནང་བ་ཞིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 11-12-2011

གཞན་གཅེས་འཛིན་བྱེད་དགོས་པ།

བྱང་ཆུབ་སེམས་རང་བརྒྱུད་ལ་སྐྱེས་པ་བྱ་རྒྱུའི་ཐབས་ལམ་བདག་གཞན་མཉམ་བརྗེ་སྒོ་ནས་བློ་སྦྱོང་སྟངས་སྐོར་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་འགྲེལ་བཤད་གནང་བའི་དུམ་བུ་ཞིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 04-12-2011

བྱང་ཆུབ་སེམས་ཀྱི་ཕན་ཡོན་སྐོར།

རྡ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་བྱང་ཆུབ་སེམས་ཀྱི་ཕན་ཡོན་སྐོར་འགྲེལ་བཤད་གནང་བ་ཞིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 27-11-2011

བདེ་ཆེན་ཞིང་སྒྲུབ།

ཨ་རིའི་ནུབ་བྱང་མངའ་སྡེ་ཨོ་རི་རྒན་གྱི་གྲོང་ཁྱེར་པོ་ཊོ་ལེན་ནང་ཡོད་པའི་མཁན་པོ་དཀར་ལྡན་ལགས་ཀྱིས་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོས་ཉམས་སུ་ལེན་སྟངས་སྐོར་གསུངས་པ་ཞིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 21-11-2011

ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་པོ་ཊོ་ལེན་ཊིའི་བོད་མི་ཚོར་ནང་ཆོས་ངོ་སྤྲོད།

ཨ་རིའི་ནུབ་བྱང་མངའ་སྡེ་ཨོ་རི་གྷན་གྱི་གྲོང་ཁྱེར་པོ་ཊོ་ལེན་ཊིའི་ནང་གནས་འཁོད་བོད་མི་རྣམས་ལ་ཟླ་བ་གཅིག་ཙམ་ཞིག་རིང་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ལ་མཁན་པོ་སྐར་ལྡན་ལགས་ཀྱིས་ནང་ཆོས་ངོ་སྤྲོད་གནང་བའི་གནས་ཚུལ་ཞིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 13-11-2011

གཅོད་གཏོང་སྟངས་སྐོར་འགྲེལ་བཤད་གནང་བའི་དུམ་བུ་བཞི་པའམ་ མཐའ་མ།

བལ་ཡུལ་དུ་བཞུགས་མཁན་བླ་མ་དབང་འདུས་ལགས་ཀྱིས་གཅོད་གཏོང་སྟངས་སྐོར་འགྲེལ་བཤད་གནང་བའི་དུམ་བུ་བཞི་པའམ་ མཐའ་མ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 06-11-2011

གཅོད་སྐོར་དུམ་བུ་གསུམ་པ།

བལ་ཡུལ་དུ་བཞུགས་མཁན་བླ་མ་དབང་འདུས་ལགས་སུ་ གཅོད་གཏོང་ཕྱོགས་སྐོར་གནས་འདྲི་ཞུས་པའི་དུམ་བུ་གསུམ་པ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 30-10-2011

གཅོད་ཀྱི་སྐོར་དུམ་བུ་གཉིས་པ།

གཅོད་ཉམས་ལེན་པ་བླ་མ་དབང་འདུས་ལགས་སུ་གཅོད་སྐོར་གནས་འདྲི་ཞུས་པའི་དུམ་བུ་གཉིས་པ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 24-10-2011

གཅོད་ཉམས་ལེན་པ་བླ་མ་དབང་འདུས་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས།

བལ་ཡུལ་དུ་རྟེན་གཞི་བྱས་པའི་ དཔལ་གྱི་དིང་རི་གླང་སྐོར་བྱང་སེམས་ཀུན་དགའ་གླིང་དགོན་པའི་འགན་འཛིན་བླ་མ་ཚེ་རིང་དབང་འདུས་ནོར་བུ་ལགས་ནི་གཅོད་ཉམས་ལེན་པ་ཞིག་ཡིན་པ་དང་ ཁོང་གི་སྐུ་ཚེའི་ལོ་རྒྱུས་ཤིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 16-10-2011

རྡ་རམ་ས་ལར་ནང་ཆོས་སློབ་ཁྲིད་གནང་སྟངས་དང་ཕན་ཐོགས་ཐད་ཀྱི་དུམ་བུ་གཉིས་པ།

རྡ་རམ་ས་ལའི་ས་གནས་མང་ཚོགས་ལ་རིག་ལམ་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲ་དབུ་འཛུགས་གནང་སྟེ་ད་བར་ལོ་ངོ་དྲུག་ཙམ་ཕྱིན་པའི་རིང་མང་ཚོགས་ལ་ཕན་ཐོགས་ཇི་ཙམ་བྱུང་ཡོད་མེད་སོགས་ཀྱི་ཐད་འབྲེལ་ཡོད་མི་སྣ་ཁག་ལ་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 09-10-2011

རྡ་རམ་ས་ལར་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་གནང་བ།

བཞུགས་སྒར་རྡ་རམ་ས་ལའི་ས་གནས་བོད་མི་མང་ཚོགས་གཙོ་བོར་གྱུར་བའི་བོད་པའི་སློབ་གྲ་ཁག་ཁག་ཅིག་དང་ དེ་མིན་བོད་ཀྱི་ཆོས་ཉམས་སུ་ལེན་མཁན་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་ལུང་ཁུག་ས་ཁུལ་ཁག་བཅས་ལ་ནང་ཆོས་ངོ་སྤྲོད་གནང་དུ་ཕེབས་མཁན་རྡ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་སུ་ནང་ཆོས་སློབ་ཁྲིད་གནང་སྟངས་དང་ མི་མང་གིས་དོ་སྣང་ཇི་ཙམ་བྱེད་ཀྱི་ཡོད་མེད་སོགས་ཀྱི་སྐོར་གནས་འདྲི་ཞུས་པའི་དུམ་བུ་དང་པོ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 25-09-2011

སྟོང་ཉིད་ཀྱི་འགྲེལ་བཤད་དུམ་བུ་བཞི་པ།

དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་སྟོང་ཉིད་སྐོར་འགྲེལ་བཤད་གནང་བའི་དུམ་བུ་བཞི་པ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 18-09-2011

སྟོང་ཉིད་དང་འབྲེལ་བའི་ལེ་ཚན་གསུམ་པ།

སྟོང་ཉིད་ཀྱི་དོན་ཤེས་པ་ལ་དང་པོ་རྟེན་འབྲེལ་གྱི་དོན་ཤེས་དགོས་པ་དང་ རྟེན་འབྲེལ་ལ་དབྱེ་ན་གསུམ་ཡོད་པ་སྟེ་ རྒྱུ་འབྲས་རྟེན་འབྲེལ་དང་ ཆ་ལ་བརྟེན་པའི་རྟེན་འབྲེལ་ དེ་བཞིན་མིང་རྐྱང་བཏགས་ཡོད་ཙམ་གྱི་རྟེན་འབྲེལ་བཅས་ཀྱི་ནང་ནས་ད་རེས་ཆ་ལ་བརྟེན་པའི་རྟེན་འབྲེལ་སྐོར་ དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་འགྲེལ་བརྗོད་གནང་བ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 11-09-2011

སྟོང་ཉིད་ཀྱི་སྐོར་དུམ་བུ་གཉིས་པ།

རྡ་རམ་ས་ལའི་མཚན་ཉིད་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་སྟོང་པ་ཉིད་ཀྱི་སྐོར་འགྲེལ་བཤད་གནང་བའི་དུམ་བུ་གཉིས་པ་དེ་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 04-09-2011

སྟོང་ཉིད་ཀྱི་ངོ་སྤྲོད།།

རྡ་རམ་ས་ལར་ཡོད་པའི་མཚན་ཉིད་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་སྟོང་ཉིད་ཀྱི་གོ་དོན་ཤེས་པའི་ཕན་ཡོན་དང་ མ་ཤེས་པའི་ཉེས་དམིགས་ངོ་སྤྲོད་གནང་བ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 28-08-2011

བདེན་པ་བཞིའི་སྐོར་དུམ་བུ་གསུམ་པ།

རྡ་རམ་ས་ལའི་མཚན་ཉིད་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་བདེན་པ་བཞིའི་སྐོར་འགྲེལ་བཤད་གནང་བའི་དུམ་བུ་གསུམ་པ་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 14-08-2011

འཕགས་པའི་བདེན་པ་བཞི། (དང་པོ)

འཕགས་པའི་བདེན་པ་བཞིའི་སྐོར་རྡ་རམ་ས་ལའི་མཚན་ཉིད་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་འགྲེལ་བཤད་གནང་བའི་དུམ་བུ་དང་པོ་དེ་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 21-08-2011

བདེན་པ་བཞིའི་སྐོར་དུམ་པོ་གཉིས་པ།

རྡ་རམ་ས་ལའི་མཚན་ཉིན་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་བདེན་པ་བཞིའི་སྐོར་འགྲེལ་བཤད་གནང་བའི་དུམ་པོ་གཉིས་པ་དེ་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 31-07-2011

བདེན་པ་གཉིས།

རྡ་རམ་ས་ལའི་མཚན་ཉིད་སློབ་གཉེར་ཁང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་བདེན་གཉིས་སྟེ་ཀུན་རྫོབ་བདེན་པ་དང་ དོན་དམ་བདེན་པ་གཉིས་ཀྱི་གོ་དོན་འགྲེལ་བཤད་གནང་བ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 24-07-2011

དུས་འཁོར་དབང་ཆེན་གྱི་སྐོར་དུམ་བུ་མཐའ་མའམ། བཞི་པ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་་དྲུང་ནས་དུས་འཁོར་དབང་ཆེན་ཞུས་ཚར་བའི་རྗེས་ཆོས་ཞུ་བ་རྣམས་ཀྱིས་ཉམས་ལེན་བྱེད་ཕྱོགས་ཀྱི་སྐོར་དགེ་བཤེས་བསྟན་འཛིན་དར་རྒྱས་ལགས་ཀྱིས་འགྲེལ་བཤད་གནང་བ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 03-07-2011

དུས་འཁོར་དབང་ཆེན་གྱི་བྱུང་རིམ་སྐོར་གྱི་དུམ་བུ་དང་པོ།

དཔལ་དུས་ཀྱི་འཁོར་ལོའི་དབང་ཐོག་མར་བྱུང་རིམ་སྐོར་ཡུ་རོབ་ཀྱི་ཡུལ་གྲུ་ཨོ་སི་ཊོ་རི་ཡའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་ཀྱི་ཆེས་མཐོའི་མཐོ་རིམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་དར་རྒྱལ་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 09-07-2011

དུས་འཁོར་དབང་ཆེན་བྱུང་རིམ་སྐོར་དུམ་བུ་གཉིས་པ།

དུས་འཁོར་དབང་ཆེན་ཐོག་མར་བྱུང་རིམ་སྐོར་དགེ་བཤེས་བསྟན་འཛིན་དར་རྒྱལ་ལགས་ཀྱིས་འགྲེལ་བཤད་གནང་པའི་དུམ་བུ་གཉིས་པ་དེ་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 17-07-2011

དུས་འཁོར་དབང་ཆེན་སྐོར་དུམ་བུ་གསུམ་པ།

དུས་འཁོར་དབང་ཆེན་ཞུས་པའི་སྐབས་ཆོས་ཞུ་བ་རྣམས་ཀྱིས་སྐུལ་སློང་འཁྱེར་སྟངས་དང་ ཆ་རྐྱེན་ག་རེ་ཚང་དགོས་མིན་སོགས་ཀྱི་ཐད་ལ་དགེ་བཤེས་བསྟན་འཛིན་དར་རྒྱལ་ལགས་ཀྱིས་འགྲེལ་བཤད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 27-06-2011

སྟོང་ཉིདདང་རྟེན་འབྲེལ་གྱི་འགྲེལ་བཤད།

བཞུགས་སྒར་རྡ་རམ་ས་ལའི་རིག་ལམ་སློབ་གཉེར་ཁང་གི་དཔེ་ཁྲིད་སློབ་དགེ་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་སྟོང་ཉིད་དང་རྟེན་ཅིང་འབྲེལ་བ་འབྱུང་བའི་གོ་དོན་འགྲེལ་བརྗོད་གནང་བ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 19-06-2011

སྐྱབས་འགྲོ་རྒྱས་པའི་འགྲེལ་བཤད་ཀྱི་དུམ་བུ་གཉིས་པ།

རྡ་རམ་ས་ལའི་རིག་ལམ་སློབ་གཉེར་ཁང་གི་དཔེ་ཁྲིད་སློབ་དགེ་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་སྐྱབས་འགྲོ་རྒྱས་པ་འགྲེལ་བཤད་གནང་བའི་དུམ་བུ་གཉིས་པ་དེ་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 12-06-2011

སྐྱབས་འགྲོའི་འགྲེལ་བཤད་རྒྱས་པའི་སྐོར་དུམ་བུ་དང་པོ།

རྡ་རམ་ས་ལའི་རིགས་ལམ་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགསཀྱིས་སྐྱབས་འགྲོའི་སྐོར་འགྲེལ་བཤད་རྒྱས་པ་གནང་བའི་དུམ་བུ་དང་པོ་དེ་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 06-05-2011

ས་ག་ཟླ་བའི་དུས་ཆེན་གྱི་སྐོར། ༢

ས་ག་ཟླ་བའི་དུས་ཆེན་གྱི་སྐབས་དམིགས་གསལ་གྱི་ཚོགས་གསག་སྒྲིབ་སྦྱོང་བྱེད་སྟངས་གནད་འགག་ཅན་འགའ་ཞིག་སྐོར་རྡ་རམ་ས་་ལའི་རིག་ལམ་སློབ་གཉེར་ཁང་གི་དཔེ་འཁྲིད་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་འགྲེལ་བཤད་གནང་བ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 30-05-2011

ས་ག་ཟླ་བའི་དུས་ཆེན་སྐོར།

ས་ག་ཟླ་བའི་དུས་ཆེན་ངོ་སྤྲོད་དང་ དེ་བཞིན་དུས་ཆེན་ཁྱད་པར་ཅན་དེའི་སྐབས་ཚོགས་གསོག་སྒྲིབ་སྦྱོང་བྱེད་པ་ཡིན་ན་ ཕན་ཡོན་ཧ་ཅང་ཆེན་པོ་ཡོད་པའི་སྐོར་རྡ་རམ་ས་ལའི་རིག་ལམ་སློབ་གཉེར་ཁང་གི་དཔེ་འཁྲིད་སློབ་དགེ་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་འགྲེལ་བཤད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 22-05-2011

དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་འགྲེལ་བཤད་འབྲིང་བའི་སྐོར།

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་རིག་ལམ་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་སྟངས་སྐོར་འགྲེལ་བཤད་འབྲིང་བའི་ཐོག་ནས་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 15-05-2011

སྐྱབས་འགྲོའི་འགྲེལ་བཤད་འབྲིང་བ་ཞིག།

རྡ་རམ་ས་ལའི་རིག་ལམ་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་སྐྱབས་འགྲོའི་འགྲེལ་བཤད་འབྲིང་བ་གནང་བ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 08-05-2011

དཀོན་མཆོག་གསུམ།

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་རིག་ལམ་སློབ་གཉེར་ཁང་གི་སློབ་དགེ་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྟངས་དང་ དཀོན་མཆོག་གསུམ་གྱི་ངོ་སྤྲོད་བཅས་འགྲེལ་བཤད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 01-05-2011

སངས་རྒྱས་སྨན་ལྷའི་དབང་སྐོར།

ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་དབང་ལུང་མན་ངག་ ཡང་ན་ དབང་ལུང་ཁྲིད་བཅས་ཀྱི་གོ་དོན་དང་ དེ་བཞིན་སངས་རྒྱས་སྨན་ལྷའི་དབང་གི་ཐད་ཨ་རིའི་མེ་རི་ལན་ཊི་མངའ་སྡེའི་ནང་ཡོད་པའི་འབྲི་ཁུང་བཀའ་བརྒྱུད་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་ལགས་ཀྱིས་འགྲེལ་བཤད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 24-04-2011

བོད་ནང་སངས་རྒྱས་ཀྱི་ཆོས་དར་སྟངས་སྐོར་དུམ་བུ་གཉིས་པ།

བོད་ནང་ཐོག་མར་སངས་རྒྱས་ཀྱི་ཆོས་དར་སྟངས་སྐོར་རྡ་རམ་ས་ལའི་མཚན་ཉིད་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་འགྲེལ་བཤད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 17-04-2011

བོད་ནང་སངས་རྒྱས་ཀྱི་ཆོས་དར་སྟངས་སྐོར་དུམ་བུ་དང་པོ།

བོད་ནང་ཐོག་མར་སངས་རྒྱས་ཀྱི་ཆོས་དར་སྟངས་སྐོར་རྡ་རམ་ས་ལའི་མཚན་ཉིད་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་འགྲེལ་བཤད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 10-04-2011

ནང་ཆོས་བྱུང་རིམ་དང་ དར་སྟངས་སྐོར།

ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་ནང་ཆོས་བྱུང་རིམ་དང་ དར་སྟངས་སྐོར་རྡ་རམ་ས་ལའི་མཚན་ཉིད་སློབ་གཉེར་ཁང་གི་སློབ་དགེ་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་འགྲེལ་བཤད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 03-04-2011

ས་སྐྱའི་ཆོས་བརྒྱུད།

བོད་ཀྱི་ཆོས་ལུགས་ཆེན་པོ་བཞིའི་ཁོངས་ནས་ས་སྐྱའི་ཆོས་བརྒྱུད་ཀྱི་སྐོར་ཨ་རིའི་ནིའུ་ཡོག་དང་ ནིའུ་ཇར་སིའི་མངའ་ཁུལ་གྱི་ས་སྐྱ་ཆོས་ཚོགས་ཀྱི་བླ་མ་པད་མ་དབང་གྲགས་ལགས་སུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང།

རྒྱང་སྲིང་གི་དུས་ཚོད། 27-03-2011

༧གོང་ས་མཆོག་གིས་སྔོན་འགྲོའི་གསུང་ཆོས་གནང་བ།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་འགྲོའི་གསུང་ཆོས་གནང་བའི་སྐབས་སེམས་རྒྱུད་འདུ་ཐབས་སྐོར་བཀའ་འཁྲིད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 20-03-2011

༧གོང་ས་མཆོག་གིས་སློབ་དཔོན་ཀརྨ་ལ་ཥི་ལའི་གསུང་སྒོམ་རིམ་བར་པ་བཀའ་འཁྲིད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྲས་ཞི་བ་ལྷའི་གསུང་སྤྱོད་འཇུག་དང་ སློབ་དཔོན་ཀརྨ་ལ་ཥི་ལའི་གསུང་སྒོམ་རིམ་བར་པ་བཅས་ཀྱི་བཀའ་ཁྲིད་བསྩལ་པའི་དུམ་བུ་ཞིག་དང་ དེ་བཞིན་དེའི་སྐབས་ནང་ཆོས་ངོ་སྤྲོད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 06-03-2011

དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་

ཨ་རིའི་མངའ་སྡེ་མེ་རི་ལན་ཊིའི་ནང་ཡོད་པའི་འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་ལགས་ཀྱིས་དཔལ་མགོན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ཀྱི་གོ་དོན་འགྲེལ་བཤད་གནང་པ་ཞིག་གསན་གནང་གི་རེད་

རྒྱང་སྲིང་གི་དུས་ཚོད། 27-02-2011

༧གོང་ས་མཆོག་གི་ནང་ཆོས་ངོ་སྤྲོད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༢༠༠༨ཀྱི་དཔྱིད་ཆོས་ཆེན་མོའི་གསུང་ཆོས་སྐབས་དད་ལྡན་ཆོས་ཞུ་བ་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་པའི་དུམ་བུ་ཞིག་གསན་གནང་གི་རེད་

རྒྱང་སྲིང་གི་དུས་ཚོད། 20-02-2011

ཁམས་གསུམ།

ཁམས་གསུམ་ནི་ འདོད་ཁམས་དང་ གཟུགས་ཁམས་ གཟུགས་མེད་ཁམས་བཅས་ཡིན་པའི་ཐད་ཨ་རིའི་མེ་རི་ལན་ཊིའི་མངའ་སྡེའི་ནང་ཡོད་པའི་འབྲི་གུང་བཀའ་བརྒྱུད་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་ལགས་ཀྱིས་འགྲེལ་བརྗོད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 13-02-2011

རྨི་ལམ་བཏན་ཕྱོགས་ལ་འགྲེལ་བཤད་ཇི་འདྲ་གནང་གི་ཡོད་མེད།

བོད་ཀྱི་ནང་པའི་ཆོས་ཀྱིས་རྨི་ལམ་བཏན་ཕྱོགས་ལ་འགྲེལ་བཤད་ཇི་འདྲ་གནང་གི་ཡོད་མེད་སྐོར་ཨ་རིའི་མེ་རི་ལནཊ་མངའ་སྡེའི་ནང་ཡོད་པའི་འབྲི་ཁུང་རྐར་བརྒྱུད་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་ལགས་ཀྱིས་འགྲེལ་བཤད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 06-02-2011

ལྟ་བ་ཀ་བཏགས་ཀྱི་ཕྱ་རྒྱ་བཞིའི་དུམ་བུ་གཉིས་པ།

ཡུ་རོབ་ཀྱི་ཡུལ་གྲུ་ཨོ་སི་ཀྲོ་རི་ཡའི་ནང་ཡོད་པའི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་དར་རྒྱས་ལགས་ཀྱིས་ལྟ་བ་ཀ་བཏགས་ཀྱི་ཕྱ་རྒྱ་བཞ་འགྲེལ་བཤད་གནང་པའི་དུམ་བུ་གཉིས་པ་དེ་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 30-01-2011

ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིའི་སྐོར་དུམ་བུ་དང་པོ།

ཨོ་སི་ཀྲོ་རི་ཡའི་ནང་ཡོད་པའི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་དར་རྒྱས་ལགས་སུ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་སྐོར་གནས་འདྲི་ཞུས་པའི་དུམ་བུ་དང་པོ་དེ་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 09-01-2011

ཨོཾ་མ་ཎི་པད་མེ་ཧཱུཾ།

རྡ་རམ་ས་ལའི་མཚན་ཉིད་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་མ་ཎི་ཡི་གེ་དྲུག་མའི་སྒོ་ནས་ནང་ཆོས་ངོ་སྤྲོད་གནང་པའི་དུམ་བུ་དང་པོ་དེ་གསན་གནང་གི་རེད་

རྒྱང་སྲིང་གི་དུས་ཚོད། 26-12-2010

འཚེ་བ་སྤོང་བའི་སྤྱོད་པའི་ཕན་ཡོན།

འཚེ་བ་སྤོང་བའི་སྤྱོད་པའི་་ཕན་ཡོན་སྐོར་རྡ་རམ་ས་ལའི་མཚན་ཉིད་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་འགྲེལ་བརྗོད་གནང་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 12-12-2010

ཡོན་ཏན་གཞིར་གྱུར་མའི་ཕྱག་དཔེའི་དུམ་བུ་བཞི་པ།

ཡོན་ཏན་གཞིར་གྱུར་མའམ་ བྱིན་རླབས་སྤུངས་ཞུ་ཞུ་བའི་ཕྱག་དཔེའི་ནང་དོན་སྐོར་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་དོན་རིན་པོ་ཆེ་ཡིས་འགྲེལ་བཤད་གནང་པའི་དུམ་བུ་མཐའམ་ བཞི་པ་དེ་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 05-12-2010

ཡོན་ཏན་གཞིར་གྱུར་མའི་འགྲེལ་བཤད་ཀྱི་དུམ་བུ་གསུམ་པ།

བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་དོ་རིན་པོ་ཆེ་ཡིས་ཡོན་ཏན་གཞིར་གྱུར་མའི་ཕྱག་དཔེའི་ནང་དོན་སྐོར་འགྲེལ་བཤད་གནང་པའི་དུམ་བུ་གསུམ་པ་དེ་གསན་གྱི་རེད་

རྒྱང་སྲིང་གི་དུས་ཚོད། 28-11-2010

ཡོན་ཏན་གཞིར་གྱུར་མ་ཞུ་བའི་ཕྱག་དཔེའི་འགྲེལ་བཤད་ཀྱི་དུམ་བུ་གཉིས་པ།

ཡོན་ཏན་གཞིར་གྱུར་མའི་ཕྱག་དཔེའི་འགྲེལ་བཤད་ཀྱི་དུམ་བུ་གཉིས་པའི་ནང་བློ་རབ་འབྲིང་མཐའ་གསུམ་གྱི་ནང་ནས་བློ་འབྲིང་དང་རབ་གཉིས་ཀྱི་སྐོར་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་དོ་རིན་པོ་ཆེ་ཡིས་འགྲེལ་བཤད་གནང་པ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 24-10-2010

དུས་འཁོར་དབང་ཆེན་སྐོར་དུམ་བུ་དང་པོ།

ཡུ་རོབ་ཀྱི་ཡུལ་གྲུ་ཨོ་སི་ཀྲི་རི་ཡའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་དར་རྒྱས་ལགས་སུ་དུས་འཁོར་དབང་ཆེན་མ་ཞུས་གོང་ཀུན་སློང་ཇི་འདྲ་འཁྱེར་དགོས་པ་དང་ དུས་འཁོར་དབང་ཆེན་ཞུས་པའི་སྐབས་དམིགས་པ་ག་རེ་བྱེད་དགོས་པ་ དེ་བཞིན་དུས་འཁོར་དབང་ཆེན་ཞུས་ཚར་བའི་རྗེས་ཉམས་ལེན་ག་རེ་བྱེད་དགོས་པ་སོགས་ཀྱི་སྐོར་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 14-11-2010

བདེན་ཚིག་སྨོན་ལམ་གྱི་དུམ་བུ་གཉིས་པ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ལོ་༡༩༦༠ཐམ་པའི་ལོར་ལྗགས་རྩོམ་མཛད་པའི་བདེན་ཚིག་སྨོན་ལམ་གྱི་ནང་དོན་ཐད་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་དོ་རིན་པོ་ཆེ་ཡིས་འགྲེལ་བཤད་གནང་པའི་དུམ་བུ་གཉིས་པ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 07-11-2010

བདེན་ཚིག་སྨོན་ལམ།

སྤྱི་ལོ་༡༩༦༠ཐམ་པའི་ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་དང་ བྱེ་བྲག་ཏུ་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ཀྱི་ཆེད་དུ་འཇག་རྩོམ་མཛད་པའི་བདེན་ཚིག་སྨོན་ལམ་གྱི་ནང་དོན་སྐོར་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་བྱ་དོ་རིན་པོ་ཆེ་ཡིས་འགྲེལ་བཤད་གནང་པའི་དུམ་བུ་དང་པོ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 31-10-2010

དུས་འཁོར་དབང་ཆེན་སྐོར་དུམ་བུ་གཉིས་པ།

ཡུ་རོབ་ཀྱི་ཡུལ་གྲུ་ཨོ་སི་ཀྲི་རི་ཡའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་དར་རྒྱས་ལགས་ཀྱིས་དུས་འཁོར་དབང་ཆེན་ཞུས་པའི་རྗེས་ཉམས་ལེན་བྱེད་སྒོའི་སྐོར་འགྲེལ་བརྗོད་གནང་པ་ཞིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 17-10-2010

དམར་ཟས་ལ་ལོངས་སྤྱད་པ་དང་རིགས་རུས་དབྱེ་འབྱེད་བྱེད་པ་སོགས་ལ་ནང་ཆོས་ཀྱི་ཐོག་ནས་འགྲེལ་བཤད་ཇི་འདྲ་གནང་མིན་སྐོར།

ནང་ཆོས་ཀྱི་ཐོག་ནས་དམར་ཟས་ལ་ལོངས་སྤྱད་པ་དང་ རིགས་རུས་དབྱེ་འབྱེད་བྱེད་པ་སོགས་ལ་འགྲེལ་བཤད་ཇི་འདྲ་གནང་མིན་སྐོར་ཨ་རིའི་མངའ་སྡེ་མེ་རི་ལན་དྲི་ནང་ཡོད་པའི་འབྲི་ཁུང་སྐར་རྒྱུད་ཆོས་ཚོགས་ཀྱི་མཁན་པོ་ཚུལ་ཁྲིམས་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང༌།

རྒྱང་སྲིང་གི་དུས་ཚོད། 26-09-2010

༧གོང་ས་མཆོག་གིས་སློབ་དཔོན་ཞི་བ་ལྷའི་གསུང་ སྤྱོད་འཇུག་བཀའ་ཁྲིད།

སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ཞི་བ་ལྷའི་གསུང་སྤྱོད་འཇུག་བཀའ་ཁྲིད་བསྩལ་གནང་མཛད་པའི་སྐབས་ཚོགས་བསགས་སྒྲིབ་སྦྱོང་གི་ནང་ནས་ནུས་སྟོབས་ཆེ་ཤོས་དེ་བདག་པའི་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་ཡིན་ཞེས་བཀའ་བསྩལ་གནང་པའི་སྐོར།

རྒྱང་སྲིང་གི་དུས་ཚོད། 12-09-2010

དུས་འཁོར་དབང་ཆེན་གྱི་བྱུང་རིམ།

ཐོག་མར་དུས་འཁོར་དབང་ཆེན་བྱུང་རིམ་སྐོར་ལ་ཡུ་རོབ་རྒྱལ་ཁབ་ཨོ་སི་ཀྲི་རི་ཡར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་འགན་འཛིན། དགེ་བཤེས་བསྟན་འཛིན་དར་རྒྱལ་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 22-08-2010

སྒྲོལ་མ་ཉི་ཤུ་རྩ་གཅིག་གི་བསྟོད་པ།

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་མཚན་ཉིད་གྲྭ་ཚང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་བསྟོད་པའི་སྐོར་འགྲེལ་བཤད་གནང་པའི་དུམ་བུ་གཉིས་པ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 15-08-2010

སྒྲོལ་མ་ཉི་ཤུ་རྩ་གཅིག་གི་བསྟོད་པ།

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་མཚན་ཉིད་གྲ་ཚང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་རྡ་རམ་ས་ལའི་ས་གནས་བོད་མི་ནང་ཆོས་ལ་དོན་གཉེར་ཅན་ཚོ་ཁག་ཅིག་ལ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་བསྟོད་པའི་སྐོར་འགྲེལ་བཤད་གནང་པའི་དུམ་བུ་དང་པོ་དེ་གསན་གྱི་རེད།