གཟའ་ཕུར་བུ་ནམ་ཡིན་གྱི་དགོང་དྲོའི་ལས་རིམ་འདིའི་ཐོག་པདྨ་བདེ་ཆེན་ལགས་ཀྱིས་གཙོ་སྐྱོང་གནང་བའི་གཞོན་སྐྱེས་རྣམས་ལ་དམིགས་པའི་ལེ་ཚན་འདིའི་ནང་གཙོ་བོ་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་གཞོན་སྐྱེས་རང་ངོས་ནས་ཤེས་ཡོན་སློབ་གསོ་དང་ཆབ་སྲིད་ མང་གཙོ་དང་རིག་གཞུང་ རྩེད་སྣ་དང་ལས་རིགས་སོགས་གཞོན་སྐྱེས་དང་འབྲེལ་ཡོད་གནད་དོན་སྣ་དམང་ཐོག་བགྲོ་གླེང་བྱེད་ཀྱི་ཡོད། གཞོན་སྐྱེས་ཚོས་ལེ་ཚན་འདིའི་ནང་ཞལ་པར་ཐོག་མཉམ་ཞུགས་གནང་རྒྱུ་ཡོད་མ་ཟད་དེའི་ཐོག་གློག་འཕྲིན་གཏོང་རྒྱུའི་ཆ་རྐྱེན་ཡང་ཡོད།
རྒྱང་སྲིང་གི་དུས་ཚོད།
19-01-2012
བོད་ནང་རང་ལུས་མེར་སྲེག་གིས་ཕྱི་རྒྱལ་ནང་ཤུགས་རྐྱེན་ཐེབས་པ།
བོད་ནང་བོད་མི་གཞོན་སྐྱེས་གཙོ་བོར་གྱུར་པས་གཅིག་
མཇུག་གཉིས་མཐུད་བྱས་ཏེ་རང་ལུས་མེར་སྲེག་གི་ལས་འགུལ་
སྤེལ་དང་སྤལེ་མུས་ཡིན་པ་དེ་དག་གིས་རང་དབང་ལུང་པ་ཁག་
གི་ནང་ཡོད་པའི་བོད་པའི་གཞོན་སྐྱེས་དང་གཞན་ཡང་རྒྱལ་
སྤྱིའི་ནང་བོད་ཀྱི་གནས་སྟངས་ཐོག་དོ་སྣང་དང་སེམས་འགུལ་
ཆེན་པོ་ཐེབས་ཀྱི་ཡོད་པའི་སྐོར་གཟའ་འཁོར་འདིའི་གཞོན་
སྐྱེས་དང་ཤེས་ཡོན་ལས་རིམ་ནང་ཆེད་འབོད་སྐུ་མགྲོན་གཉིས་ཀྱིས་གཏམ་བཤད་གནང་བ་དེ་གནས་རོགས་གནང།
རྒྱང་སྲིང་གི་དུས་ཚོད།
22-12-2011
དུས་འཁོར་དབང་ཆེན་གྱི་མཛད་རིམ་གསར་ཤོས་ཁག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༣༡་ཉིན་གནས་མཆོག་རྡོ་རྗེ་གདན་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢ པ་གནང་རྒྱུར་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་ཞིང་། དེ་མིན་དུས་འཁོར་དབང་ཆེན་དང་འབྲེལ་བའི་དོགས་གཞི་ཁག་ཅིག་ལ་གཞོན་ནུ་ཚོས་ལན་འདེབས་བྱས་པ་བཅས་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་དུ་སྐབས་འདིའི་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུས་ང་ཚོའི་གནས་འདྲིར་དང་ལེན་གནང་བ་ཞིག་གསན་རོགས་གནང་།
རྒྱང་སྲིང་གི་དུས་ཚོད།
15-12-2011
ཧ་ཝར་ཌེ་སློབ་ཆེན་དུ་བོད་དོན་དྲིལ་བསྒྲགས།
བོད་པའི་གཞོན་སྐྱེས་བུ་མོ་བསྟན་འཛིན་བདེ་སྐྱིད་ཀྱིས་རང་ཉིད་ཨ་རིའི་ཧ་ཝཌ་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་བཞིན་པ་དང་ཆབས་ཅིག་ཏུ་་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་ཅིང་། བསྟན་འཛིན་བདེ་སྐྱིད་ནི་རྒྱལ་སྤྱིའི་རིག་གནས་སློབ་གཉེར་པ་ཞིག་ཡིན་པའི་ཆ་ནས་བཞུགས་སྒར་དྷ་རམ་ས་ལར་ལས་སྦྱོང་ཉམས་མྱོང་བསགས་པ་མ་ཟད། ཁོང་གིས་ཉུང་མཐའ་ཡང་བོད་པའི་སློབ་གྲྭ་བཞིའི་ནང་དུ་དངོས་སུ་བསྐྱོད་ནས་སེམས་འགུལ་ཐེབས་པའི་ཕྱག་ལས་གནང་འདུག་པའི་སྐོར། ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་དུ་བསྟན་འཛིན་བདེ་སྐྱིད་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།
རྒྱང་སྲིང་གི་དུས་ཚོད།
08-12-2011
བལ་ཡུལ་དུ་རྣམ་རྒྱལ་མཐོ་སློབ་ཀྱི་རྩེད་སྣའི་འགྲན་བསྡུར་ནང་སློབ་གྲའི་བྱེད་སྒོ་ཁག
བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱིས་ཉེ་ཆར་གོ་སྒྲིག་བྱས་པའི་རྩེད་སྣའི་འགྲན་བསྡུར་ཐོག་སློབ་ཕྲུག་དང་མི་མང་བཅས་ཁྱོན་བསྡོམས་མི་གྲངས་ཉིས་སྟོང་ལྷག་ཞིག་འཛོམས་འདུག་པ་དེ་ནི་་བལ་ཡུལ་གྱི་གནས་སྟངས་འོག་ཉེ་བའི་ཆར་བོད་མི་ཕོན་ཆེ་ཞིག་འཛོམས་པ་དཀོན་རིགས་ཤིག་ཏུ་གྱུར་ཡོད་པ་རེད་ཅེས་བལ་ཡུལ་དུ་ཡོད་པའི་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་སྤྱི་གསར་པ་ནོར་བུ་ཚེ་རིང་ལགས་ཀྱིས་གསུངས་འདུག།་གནད་དོན་དེ་དང་གཞན་ཡང་སློབ་གྲ་དེའི་ལས་འཆར་གཞན་དང་སློབ་ཚན་ཇི་འདྲ་འཁྲིད་ཕྱོགས་བཅས་ཀྱི་སྐོར་སློབ་སྤྱི་དང་་སློབ་ཟུར་བཀྲིས་ཚེ་བརྟན་ལགས་གཉིས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་གྱི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ཐོག་གཏམ་བཤད་བྱས་པ་ཁག་གསན་པར་ཞུ།
རྒྱང་སྲིང་གི་དུས་ཚོད།
01-12-2011
བོད་པའི་སྤྱི་ཚོགས་སུ་ཨེཌ་སི་འགོས་ནད་ལ་དོ་སྣང་།
ཕྱི་ཟླ་༡༢་པའི་ཚེས་༡་ནི་འཛམ་གླིང་གི་ཨེཌ་སི་འགོད་ནད་སྔོན་འགོག་གི་ཉིན་མོར་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། དེར་བརྟེན་བོད་པའི་སྤྱི་ཚོགས་སུ་འགོས་ནད་དེར་དོ་སྣང་དང་གོ་རྟོགས་སྤེལ་ཕྱོགས་ལ་ལས་འགུལ་གནད་དུ་སྨིན་པ་ཞིག་སྤེལ་མཁན་གདམ་ག་ཚོགས་པས་མི་མང་ལ་དགོས་ངེས་ཀྱི་ཤེས་བྱའི་ཡིག་ཆ་རིན་པ་མེད་པར་འགྲེམ་སྤེལ་དང་། ཁོང་ཚོས་འགོས་ནད་དེ་སྔོན་འགོག་དང་བཅོས་ཐབས་བཅས་ལ་མི་སོ་སོས་འགན་ཁུར་ཆེས་ཆེར་ལེན་དགོས་པའི་སྐུལ་ལྕག་བཏང་ཡིན་ཞེས་གཞུང་འབྲེལ་མ་ཡིན་པ་གདམ་ག་ཚོགས་པའི་ལས་འཆར་འགན་འཛིན་ཕུན་ཚོགས་ཆོས་འཕེལ་གྱིས་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ལ་གཏམ་བཤད་གནང་བ་དེ་གསན་རོགས་གནང་།
རྒྱང་སྲིང་གི་དུས་ཚོད།
24-11-2011
བོད་པའི་བོུ་ཞིག་ལ་གྲགས་ཆེ་བའི་རོ་ཌསེ་སློབ་ཡོན་བྱ་དགའ་ཐོབ་པ།
བོད་མི་སློབ་གྲྭ་བ་བོུ་བསྟན་འཛིན་གསལ་སྒྲོན་ལགས་ལ་ལོ་འདིའི་གྲགས་ཆེ་བའི་རོ་ཌསེ་སློབ་ཡོན་གྱི་བྱ་དགའ་ཐོབ་ཡོད་པ་རེད།་དེ་ཡང་རང་ལོ་༢༢་སོན་པ་བསྟན་འཛིན་གསལ་སྒྲོན་ལགས་ནི་དེང་སང་ཨ་རིའི་སེ་ཀྲེན་ཕོཌ་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་མུས་ཐོག་མ་འོངས་པར་བོད་དོན་དུ་ལས་དོན་རླབས་ཆེ་བྱ་རྒྱུའི་ཆོད་སེམས་ཡོད་མཁན་ཞིག་ཡིན་འདུག།་གཟའ་འཁོར་འདིའི་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་ ཁོང་དང་དེ་བཞིན་དེ་སྔ་ཕྱི་ལོ་༡༩༩༢་ལོར་བོད་པའི་ཁྲོད་དུ་སྙན་གྲགས་ཆེ་བའི་སློབ་ཡོན་ཐོག་མར་ཐོབ་མཁན་འབུམ་རམས་པ་བཀྲིས་རབ་རྒྱས་གཉིས་ལ་གནས་འདྲི་ཞུས་པ་དེ་གསན་རོགས་གནང།
རྒྱང་སྲིང་གི་དུས་ཚོད།
17-11-2011
ལྷ་བབ་དུས་ཆེན་གྱི་ཆོས་ཕྱོགས་བྱེད་སྒོ
ད་རིང་གཟའ་ཕུར་བུ་སྟེ། བོད་ཟླ་དགུ་པའི་ཚེས་༢༢་དེ་ལྷ་བབ་དུས་ཆེན་ཡིན་ཞིང་། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ཨ རིའི་ཀ་ན་ཀྲ་ཀ་མངའ་སྡེར་ཡོད་པའི་མདོ་སྔགས་ཀུན་ཕན་གླིང་ཆོས་ཚོགས་ཀྱི་ཆོས་དགེ་དགེ་བཤེས་བློ་བཟང་དར་རྒྱས་མགྲོན་འབོད་དང་། ཁོང་ལ་དུས་ཆེན་ངོ་སྤྲོད་ཀྱི་གླེང་མོལ་ཞུས་པ་མ་ཟད། དགེ་བཤེས་བློ་བཟང་དར་རྒྱས་ཀྱིས་གཞོན་སྐྱེས་ཚོས་དུས་ཆེན་འདི་ལྟ་བུའི་སྐབས་སུ་གུང་སེང་བཏང་བ་དེ་གུང་སེང་གཅིག་པུའི་བསམ་བློ་མི་གཏོང་བར་དུས་ཆེན་གྱི་ངོ་བོ་ངེས་ཟིན་ནས་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་དེ་དག་གི་སྐབས་སུ་རྣམ་དཀར་དགེ་བའི་ལས་སུ་གང་ལེགས་འབད་འབུངས་བྱེད་དགོས་ཞེས་གསུངས་ཡོད་པ་ཞིག་གསན་རོགས་གནང་།
རྒྱང་སྲིང་གི་དུས་ཚོད།
10-11-2011
འཕྲོད་བསྟེན་དང་དགེ་རྒན་གྱི་དགོས་མཁོ་ཡོད་མུས།
བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སློབ་སྦྱོང་གོང་མཐོར་གཏོང་ཐབས་སུ་ཚད་ལྡན་གྱི་དགེ་རྒན་དགོས་མཁོ་ཡོད་པ་དང་དེ་བཞིན་འཕྲོད་བསྟེན་སྨན་བཅོས་བྱེད་མཁན་མི་སྣའང་མང་བ་དགོས་ཀྱི་ཡོད་འདུག འོན་ཀྱང་དེ་སང་མཐོ་རིམ་སློབ་གྲྭ་ཐོན་མཁན་གྲས་སུ་ཆེད་ལས་མི་སྣ་ཉུང་བའི་དཀའ་ངལ་འཕྲད་ཀྱི་ཡོ
རྒྱང་སྲིང་གི་དུས་ཚོད།
27-10-2011
བོད་དོན་ཞུ་ཡིག
ད་ལྟ་བོད་ཀྱི་གནས་སྟངས་དེ་ཉིད་ཛ་དྲག་ཅན་ཞིག་ལ་གྱུར་པའི་སྐབས་འདིར་ཕྱི་ལོགས་ཀྱི་རང་དབང་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོས་ལས་འགུལ་སྣ་ཚོགས་ཤིག་སྤེལ་གྱི་ཡོད་ཅིང་། ལས་འགུལ་དེ་དག་གི་གྲས་ཀྱི་གཅིག་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་བོད་དོན་ཐུགས་སྣང་གནང་རོགས་ཞེས་ཞུ་ཡིག་འབུལ་རྒྱུ་དེ་ཡིན་པ་དང་། ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་གནས་སྡོད་བོད་པ་གཞོན་སྐྱེས་ངག་དབང་བཀྲ་ཤིས་ཀྱིས་ཉེ་ཆར་ཨ་རིའི་སྲིད་འཛིན་ཨོ་བྷ་མར་ཞུ་ཡིག་ཕུལ་པ་དང་། དེ་བཞིན་འཇར་མན་ཎིའི་གྲོས་ཚོགས་འཐུས་མིས་སྲིད་བློན་ཨན་ཀེ་ལ་མར་ཀེལ་ལ་ཞུ་ཡིག་ཕུལ་ཡོད་པའི་སྐོར་བགྲོ་གླེང་བྱས་ཡོད་ཅིང་། ང་ཚོའི་ལས་རིམ་འདིར་གསན་མཁན་རྣམ་པ་ཚོས་ཐད་ཀར་ཁ་པར་བརྒྱུད་ནས་མཉམ་ཞུགས་བྱེད་ཐུབ་པའི་ཆ་རྐྱེན་འཛོམས་པ་ལྟར་ད་རེས་ཀྱི་ལས་རིམ་ནང་དུ་ནིའུ་ཡོག་ནས་ཚེ་རིང་དཔལ་ལྡན་གྱིས་ཁ་པར་བརྒྱུད་ནས་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོར་ཐད་ཀར་ཞུ་ཡིག་འབུལ་བཞིན་པའི་ལས་འགུལ་སྐོར་ཡང་འགྲེལ་བཤད་གནང་ཡོད་པ་རེད།།
རྒྱང་སྲིང་གི་དུས་ཚོད།
20-10-2011
གཞོན་སྐྱེས་ཚོ་གདུང་སེམས་མཉམ་སྐྱེད་ཀྱི་ལས་ལ་ཆེད་ཞུགས།
ཕྱི་ཟླ་༡༠་ཚེས་༡༩་ཉིན་བཞུགས་སྒར་རྡ་རམ་ས་ལར་གཏན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལམ་སྟོན་བཀོད་ཁྱབ་འོག འཛམ་གླིང་གི་ཡུལ་གྲུ་མང་པོར་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་ཚོས་ཉིན་དེར་བོད་དོན་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་པོ་ཞིག་སྤེལ་ཡོད་པ་དང་ ཁོང་ཚོས་བསྔོ་བ་སྨོན་ལམ་དང་མར་མེའི་ཁྲོམས་སྐོར། གཞན་ཡང་ཟས་བཅད་ངོ་རྒོལ་དང་རྔམ་སྟོན་ཁྲོམས་སྐོར་སོགས་བྱས་ཏེ་བོད་ནང་ལོགས་སུ་བོད་པ་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷང་སྟེ་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུ་གིས་བོད་ལ་འཛིན་པའི་སྲི་ཇུས་དང་། བོད་པ་ཚོར་དྲག་གནོན་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་དང་བྱེད་བཞིན་པར་གདུང་སེམས་མཉམ་སྐྱེད་བྱས་ཡོད་པ་རེད། ལས་འགུལ་དེ་ཚོ་མང་པོ་ཞིག་ནི་གཞོན་སྐྱེས་ཀྱིས་གོ་སྒྲིག་བྱས་པའམ། ཡང་ན་གཞོན་སྐྱེས་མང་པོ་ཞིག་མ་སྐུལ་དང་བླངས་ཐོག་ཏུ་ལས་འགུལ་དེ་དག་ལ་མཉམ་ཞུགས་བྱས་ཡོད་ཅིང་། གཟའ་འཁོར་འདིའི་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་མཐོ་རིམ་སློབ་གྲ་ཁག་ཏུ་སློབ་གཉེར་བྱེད་བཞིན་ཡོད་པའི་བོད་པའི་གཞོན་སྐྱེས་གཉིས་ལ་རང་གི་ས་ཁུལ་ཁག་གཙོ་བོར་གྱུར་པའི་བོད་པའི་གཞོན་སྐྱེས་ཚོ་ལས་འགུལ་དེ་དག་མཉམ་ཞུགས་ཇི་ལྟར་བྱེད་ཀྱི་ཡོད་མེད་ཀྱི་མྱོང་ཚོར་སོགས་ལ་བཅར་འདྲི་བྱས་པ་ཞིག་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
06-10-2011
བེུད་ལ་དྲག་ཙུབ་ཀྱི་བྱ་སྤྱོད་མཚམས་འཇོག་དགོས་པར་ཚད་མཐོའི་རྒྱབ་སྐྱོར་ཐོབ་འདུག
ད་ལོ་དབྱར་ཀ་བཙན་བྱོལ་བོད་མིའི་གཞིས་ཆགས་བསྟན་འཛིན་སྒང་དུ་བེུད་ཞིག་གིས་བཟའ་ཚང་དབར་འཛུལ་བའི་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བའི་ལན་དུ་ བེུད་དེར་ཐོག་བསམ་ཡུལ་ལས་འདས་པའི་ཉེས་བརྡུང་དང་ལུས་གཅེར་བུར་བཏོན་ནས་མི་མང་གི་མདུན་སར་ཉེས་བརྡུང་ཚད་མེད་བཏང་བ་དང་སྦྲགས་དམའ་འབེབས་བཏང་བ་སོགས་ཧ་ཅང་ཐ་ཞན་གྱི་གནས་ཚུལ་བྱུང་བ་དེའི་རྒྱབ་ལྗོངས་ཀྱི་ཐོག་ནས་ཉེ་ཆར་ཕྱི་ཟླ་དགུ་པའི་ཚེས་༣༠འི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བེུད་ལ་དྲག་ཙུབ་ཀྱི་བྱ་སྤྱོད་མཚམས་འཇོག་དགོས་པའི་གྲོས་ཆོད་ཤིག་སྤྱི་མོས་ཐོག་ནས་བཞག་ཡོད་པ་རེད། དེ་བཞིན་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་ས་གནས་ས་ཐོག་ཏུ་ཆེད་བསྐྱོད་བྱས་ཏེ་ བེུད་དེའི་གནས་ཚུལ་ཐོག་མཐའ་བར་གསུམ་ལ་ཞིབ་རྩད་བྱས་པ་དང་དེ་བཞིན་བེུད་དེར་རོགས་ཕན་དང་འབྲེལ་ཡོད་ཚང་མར་དང་གོ་བསྡུར་བྱས་ཏེ་གང་དགའ་ཅི་ལེགས་སུ་གྱུར་ཐབས་བྱས་འདུག་པ་དེའི་སྐོར་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་དང་བསྟན་འཛིན་སྒང་དུ་ཆེད་བསྐྱདོ་གནང་མཁན་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཞོན་བསམ་གཏན་ཆོས་སྒྲོན་ལགས་གཉིས་ལ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།
རྒྱང་སྲིང་གི་དུས་ཚོད།
13-10-2011
སེམས་ཁམས་རིག་པར་བརྟེན་ནས་སེམས་ནད་བཅོས་ཐབས་ཀྱི་ཁྱད་ཆོས།
ནིའུ་ཡོག་ནང་གནས་འཁོད་དགེ་བཤེས་བློ་བཟང་དངོས་གྲུབ་ལགས་ཀྱིས་རང་ཉིད་སེམས་ནད་བཅོས་ཐབས་ཀྱི་ཁྱད་ལས་པའི་སློབ་སྦྱོང་མཐར་སོན་ཏེ་སེམས་ཁམས་སྨན་པའི་ཞབས་ཞུ་ལོ་བཅུ་ལྷག་རིང་གནང་པའི་ཉམས་མྱོང་ཐོག་གླེང་པ་དང་སྦྲགས་ནང་པ་ཡིན་མིན་ལ་མ་ལྟོས་པར་ནད་པ་གང་འདྲ་ཞིག་ལའང་ནང་ཆོས་ཀྱི་བསླབ་བྱ་དང་ལྷག་པར་དུ་ཞི་གནས་སྒོམ་སྒྱུབ་བྱེད་སྟངས་སོགས་ཀྱིས་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོིད་གནང་བ་དང་དེ་བཞིན་ཁོང་གིས་སེམས་ནད་བཅོས་ཐབས་ཀྱི་ཐད་ཐོག་མར་སེམས་སྡུག་སོགས་ཀྱི་ནད་རྟགས་ཐོན་སྐབས་ནས་སྣང་ཆུང་མ་བཏང་བར་རང་གི་སྙིང་ཉེ་བ་རྣམས་ལ་སོ་སོའི་སེམས་ནད་སྐོར་བརྗོད་ཡས་དང་ རིམ་བཞིན་སྨན་པ་བསྟེན་གཏུགས་བྱེད་རྒྱུ་དེ་ཚོ་གལ་ཆེན་པོ་རེད་ཅེས་ཁོང་གིས་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་གསུངས་སོང༌།
རྒྱང་སྲིང་གི་དུས་ཚོད།
22-09-2011
བཀའ་ཤག་གསར་པ་དང་སྤྱི་འཐུས་ཀྱི་ད་ལྟའི་ཚོགས་དུས་ཐོག་གླེང་བ།
དེ་སང་སྐབས་བཅུ་བཞི་པའི་བོད་མི་མང་གི་སྤྱི་འཐུས་ཀྱི་ཚོགས་དུས་གཉིས་པ་འཚོག་བཞིན་པ་དང་ དེའི་ཐོག་བཀའ་བློན་ཁྲི་པ་མཆོག་གིས་ཕྱག་རོགས་བཀའ་བློན་དྲུག་བསྐོ་འདེམས་གནང་པར་སྤྱི་འཐུས་ཀྱིས་སྤྱི་མོས་མོས་མཐུན་རྒྱབ་སྐྱོར་ཐོབ་པ་བཅས་ཀྱི་ཐད་གཞོན་སྐྱེས་ཀྱི་བསམ་ཚུལ་གསུང་རྒྱུར་ ང་ཚོའིགཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱིས་ལས་རིམ་ནང་ཚོགས་འདུ་དེར་ཟུར་ཉན་གྱི་ངོས་ནས་བཅར་མཁན་བསྟན་འཛིན་བརྩོན་གྲུས་ལགས་དང་ ཨ་རིའི་ཡུ་ཀྲ་མངའ་སྡེའི་ནང་གནས་འཁོད་ས་གནས་བོད་རིགས་ཚོགས་པའི་དྲུང་ཆེ་ལྷག་བསམ་ཆོས་སྒྲོན་གཉིས་ཞལ་པར་ཐོག་མགྲོན་འབོད་ཀྱི་བསམ་ཚུལ་གླེང་བ་ཞིག་གསན་གྱི་རེད།
རྒྱང་སྲིང་གི་དུས་ཚོད།
08-09-2011
བོད་ཕྲུག་གི་ཤེས་ཡོན་སློབ་གསོའི་ཐོད་སློབ་སྤྱི་སྐལ་བཟང་བསྟན་འཛིན་ལགས་ཀྱི་དགོངས་འཆར།
ཉེ་ཆར་ཕྱི་ཟླ་དགུ་པའི་ཚེས་༣ དང་༤བཅས་སོ་སོར་རྒྱ་གར་ནང་གི་བོད་པའི་སློབ་གྲ་ཁག་བཅུའི་སློབ་སྤྱི་རྣམས་དང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་བཅས་ལྷན་འཛོམས་གནང་འདུག་པ་དེའི་སྐབས་སུ་སློབ་སྤྱི་སོ་སོས་རང་རང་གི་ཉམས་མྱོང་དང་རྒྱུས་མངའ་ལ་གཞིགས་ཏེ་བོད་ཕྲུག་ལ་ཤེས་ཡོན་སླབོ་གསོ་སྤྲོད་ཕྱོགས་ཀྱི་ཐད་དགོངས་འཆར་དང་ དགོངས་ཚུལ་སྙན་སེང་ཞུས་ཡོད་པ་རེད། གཞི་རྐང་བཀའ་ཁྲིའི་ངོས་ནས་ལམ་སྟོན་འདི་ཡིན་ཟེར་གང་ཡང་གནང་མེད་ཀྱང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་ཚོགས་འདུ་དེ་ཐོག་ནས་བོད་པའི་ཕྲུག་གུའི་སློབ་སྦྱོང་གོང་མཐོར་གཏོང་ཕྱོགས་ཐད་བསམ་ཚུལ་མང་པོ་ཞིག་བརྗེ་ལེན་བྱ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག། ཚོགས་འདུ་དེ་དང་དེ་བཞིན་སློབ་སྦྱོང་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་ཐོག་རྒྱ་གར་བྱང་ཤར་ཀ་ལིམ་པོང་གི་གཏན་སློབ་ཀྱི་སློབ་སྤྱི་སྐལ་བཟང་བསྟན་འཛིན་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་གི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ཐོག་གཏམ་བཤད་གནང་བ་དེ་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
01-09-2011
བོད་མིའི་སྤྱི་ཚོགས་ནང་དམངས་གཙོའི་གནས་སྟངས་ཇི་ཆགས་ཐོག
གཟའ་འཁོར་འདིའི་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་བཙན་བྱོལ་ནང་བོད་ལྗོངས་དམངས་གཙོ་དབུ་བརྙེས་ནས་མི་ལོ་ ༥༡འཁོར་བའི་དུས་དྲན་ཞུ་བ་དང་ཆབས་ཅིག དེང་སྐབས་བོད་མིའི་སྤྱི་ཚོགས་ཁྲོད་དུ་དངོས་འབྲེལ་དམངས་གཙོའི་ལྟ་སྤྱོད་ཇི་འདྲ་ཞིག་ལག་ལྟར་ཐུབ་མིན་སྐོར་ཨ་རི་དང་ཨིན་ཡུལ་བཅས་སོ་སོར་གནས་འཁོད་བོད་པའི་གཞོན་སྐྱེས་ཤེས་ཡོན་ཅན་གཉིས་དང་བགྲོ་གླེང་བྱས་པ་ཡིན་པས་དེ་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
18-08-2011
འཕྲིན་ཁང་གི་བོད་སྐད་སྡེ་ཚན་དུ་ལས་སྦྱོང་གི་ཉམས་མྱོང་གསོག་བཞིན་པ།
དེང་སང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་ཟླ་བ་གཅིག་གི་རིང་ལས་སྦྱོང་གི་ཉམས་མྱོང་གསོག་བཞིན་ཡོད་པ་ ཨ་རིའི་ཝའ་མནཌ་མངའ་སྡེའི་མེ་ཌེལ་སྦེ་རེ་མཐོ་སློབ་ཀྱི་སློབ་གྲྭ་བ་མཁའ་འགྲོ་སྐྱིད་ལགས་ཀྱིས་ ལས་སྦྱོང་བྱེད་བཞིན་པའི་མྱོང་ཚོར་དང་ དེ་བཞིན་ལས་སྦྱོང་བྱེད་པའི་གནད་འགག་སོགས་ཀྱི་ཐད་གཟའ་འཁོར་འདིའི་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ཐོག་གཏམ་བཤད་གནང་བ་དེ་གསན་གྱི་རེད།
རྒྱང་སྲིང་གི་དུས་ཚོད།
04-08-2011
བོད་གཞུང་ཟློས་སྒར་ནང་གི་མི་ཚེའི་སྐོར་གཞོན་སྐྱེས་གསུམ་གྱིས་གླེང་བ།
ཉེ་ཆར་ཨ་རིའི་རྒྱལ་སའི་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་པའི་དུས་བཟང་དང་སྟབས་བསྟུན་ཏེ་ ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་འཐུན་ཚོགས་པས་མགྲོན་འབོད་ཐོག་ཨ་རིར་ཕེབས་པ་བོད་གཞུང་ཟློས་སྒར་ཚོགས་པའི་ཚོགས་མི་རྣམས་ཕྱི་ཟླ་བརྒྱད་པའི་ཚེས་༤ཉིན་རྡ་སར་ཕྱིར་ལོག་མ་གནང་སྔོན་ འདི་གི་རླུང་འཕྲིན་ཁང་ནས་གནས་འདྲི་རིམ་པ་ཞིག་ཞུས་པའི་ནང་ནས་ ཚོགས་མི་གཞོན་སྐྱེས་གསུམ་གྱིས་སོ་སོ་ཟློས་སྒར་ནང་གང་བྱས་ཏེ་བསླེབས་ཡོད་པ་དང་ དེ་བཞིན་ཉིན་རེར་འཁྲབ་སྦྱོང་གང་འདྲ་བྱེད་ཀྱི་ཡོད་མེད་དང་ ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཉར་ཚགས་བྱེད་བའི་ལས་དོན་ནང་དངོས་སུ་མཉམ་ཞུགས་བྱས་པར་ དགའ་སྤོབ་ཆེན་པོ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་སོགས་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་གྱི་ནང་དོན་དེ་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
28-07-2011
བོད་པའི་གཞོན་སྐྱེས་ཚོས་བཀའ་ཁྲི་གསར་པར་རེ་བ་ཇི་འདྲ་བྱེད་ཀྱི་ཡོད་པ།
རིང་མིན་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་ལས་འཁུར་དམ་བཅའ་ཕུལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་འགན་དངོས་སུ་བཞེས་གཏན་འཕེལ་བ་ལྟར་ བོད་པའི་གཞོན་སྐྱེས་ཚོས་དགའ་སྤོབས་ཆེན་པོ་བྱེད་བཞིན་པ་དང་ དུས་མཚུངས་ཁོང་གི་ངོས་ནས་ཐོག་མཐའ་བར་གསུམ་གྱི་ཕྱག་ལས་རྣམ་པར་དག་པ་ཞིག་གནང་བའི་རེ་འགུག་བྱེད་ཀྱི་ཡོད་པ་བཅས་ཀྱི་ཐད་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་གྱི་ནང་བོད་ཀྱི་སྲིད་དོན་བསྐྱར་ཞིབ་ཀྱི་དཔྱད་ཞིབ་པ་བསྟན་འཛིན་དབང་རྒྱལ་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་གྱི་རེད།
རྒྱང་སྲིང་གི་དུས་ཚོད།
21-07-2011
དུས་འཁོར་དབང་ཆེན་སྐབས་སུ་བོད་པའི་གཞོན་སྐྱེས་ཀྱིས་དང་བླངས་དང་མཉམ་ཞུགས་ལེགས་པར་བྱས་ཡོད་པ།
ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་བཙལ་གནང་མཛད་པའི་སྐབས་སུ་ བོད་པའི་གཞོན་སྐྱེས་ཕོན་ཆེ་ཞིག་གིས་མཉམ་ཞུགས་དང་དང་བླངས་ཀྱི་ཞབས་ཞུ་ཧ་ཅང་ལེགས་པོའི་བསྒྱུབས་པའི་སྐོར་ ཆོས་ཞུ་བ་ཀརྨ་གོང་བདེ་ལགས་དང་ དང་བླངས་བ་ཚེ་དབང་དབྱངས་འཛོམས་དང་ཚེ་རིང་བླ་མ་ལགས་བཅས་ལ་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
23-06-2011
བོད་དོན་ཞི་བའི་གོམ་བགྲོད་པ་ནིའུ་ཡོག་ནས་ཝ་ཤིང་ཀྲན་ཕྱོགས་སུ་སྐྱོད་བཞིན་ཡོད་པ།
བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་ཉེ་བའི་ཆར་ཨ་མདོ་རྔ་པ་ཀིརྟི་ས་ཁུལ་དང་དེ་བཞིན་ཁམས་དཀར་མཛེས་བཅས་པའི་ནང་བོད་མིས་ཞི་བའི་ངོ་རྒོལ་བྱས་པར་རྒྱ་གཞུང་གི་དམ་དྲག་དང་གནོན་སྡོམ་ཅི་ཆེ་བྱེད་བཞིན་པར་ངོ་རྒོལ་དང་བོད་མིར་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་ བོད་མི་གཞོན་སྐྱེས་དང་བླངས་བ་ཁག་ཅིག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་རྒྱལ་ས་ཝ་ཤིང་ཀྲན་བར་དུ་ཞི་བའི་གོམ་བསྐྱོད་ཀྱི་ལས་འགུལ་ཞིག་སྩོམ་བཞིན་ཡོད་པ་དང་། གོམ་བསྐྱོད་པ་དེ་དག་ཨ་རིའི་རང་བཙན་དུས་ཆེན་ནམ་ ཕྱི་ཟླ་བདུན་པའི་ཚེས་༤འི་ཉིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ནང་འབྱོར་རྒྱུ་ཡིན་སྐབས་སུ་གྲོས་ཚོགས་ཀྱིས་འཐུས་མི་ངོ་ཐུག་སོགས་བོད་དོན་གྱི་ལས་འགུལ་སྣ་མང་ཞིག་སྤེལ་རྒྱུའི་འཆར་གཞི་འདུག་པའི་ནགས་ཚུལ་གྱིས་ཐད་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་གོམ་བསྐྱོད་པ་ངག་དབང་བཀྲིས་ལགས་དང་བློ་དགའ་གཉིས་ཀྱིས་གཏམ་བཤད་གནང་བ་དེ་གསན་རོགས་གནང་།
རྒྱང་སྲིང་གི་དུས་ཚོད།
16-06-2011
ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གང་འདྲ་ཞུས་མིན་དང་དུས་ཆེན་དེའི་ངོ་སྤྲོད་བཅས།
གཞོན་སྐྱེས་ཚོས་བཞི་པ་ས་ག་ཟླ་བའི་ཆོས་ཕྱོགས་ཀྱི་བྱ་བ་ནང་ཞུགས་པ་གང་ལེགས་ཡིན་པ་དང་ ཕྱོགས་མཚུངས་དུས་རྟག་ཏུ་སེམས་ལ་ངེས་པ་བྱེད་རྒྱུ་དེ་ནི་ཆོས་དང་འཇིག་རྟེན་གང་ཅིར་ནུས་སྟོབས་ཆེ་ཆུང་དེ་ནི་སོ་སོའི་སྒོ་གསུམ་གྱི་ཀུན་སྤྱོད་ལ་རག་ལུས་ཀྱི་ཡོད་སྟབས་ དེའི་ཐོག་ཡིད་གཟབ་བྱེད་དགོས་ཞེས་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་ བློ་གསར་མེ་ཏྲེ་ནང་པའི་ཆོས་ཚོགས་ཀྱི་འགན་འཛིན་སྐུ་ཞབས་བསྟན་འཛིན་བདེ་གཤེགས་ལགས་ཀྱིས་གསུངས་ཡོད་པ་མ་ཟད་ ལས་རིམ་འདིའི་ནང་ཞུགས་མཁན་སློབ་བུ་ཉི་མ་རྡོ་རྗེ་ལགས་ཀྱིས་ཀྱང་གནད་དོན་དེའི་ཐོག་དོ་སྣང་དེ་ཙམ་མེད་པའི་གཟིགས་ཚུལ་ཡོད་སྐོར་གསུངས་སོང༌།
རྒྱང་སྲིང་གི་དུས་ཚོད།
09-06-2011
ཀིརྟི་དགོན་པའི་ཆེད་དུ་རྐང་འཁོར་རྒྱང་སྐྱོད།
བཙན་བྱོལ་བོད་མིའི་གཞིས་ཆགས་མོན་གྷོཌ་ནས་རྒྱ་གར་གྱི་གྲོང་ཁྱེར་ཆེན་མོ་པུ་ནེ་བར་དུ་ཉི་མ་བདུན་ལ་རྐང་འཁོར་རྒྱང་སྐྱོད་ཀྱི་ལས་འགུལ་ཞིག་འདི་ཟླའི་ཚེས་༨་ཉིན་འགོ་ཚུགས་ཤིང་། གཤལ་ལ་རྐང་འཁོར་རྒྱང་སྐྱོད་པའི་སྣེ་ཁྲིད་པ་གྲྭ་གངས་རི་ལ་ལས་འགུལ་དེའི་ཕན་ནུས་དང་། བཞུགས་སྒར་རྡ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལ་ཀིརྟི་དགོན་པའི་ད་ལྟའི་གནས་སྟངས་བཅས་ལ་འདི་གའི་རླུང་འཕྲིན་ཁང་གི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ཁོངས་སུ་གནས་ཚུལ་འགྲེལ་བརྗོད་བྱས་པ་ཞིག་གསན་རོགས་གནང་།
རྒྱང་སྲིང་གི་དུས་ཚོད།
26-05-2011
བོད་གཞུང་མང་ཚོགས་ཆེན་ཐོག་གཞོན་སྐྱེས་ཀྱིས་མཉམ་ཞུགས་ལེགས་པར་གནང་ཡོད།
ཉེ་ཆར་ཉིན་གྲངས་བཞིའི་རིང་ཚོགས་པའི་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཐེངས་གཉིས་པའི་ནང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་འཛོམས་པའི་མི་མང་གི་འཐུས་མི་ ༤༡༨ དེའི་ནང་གཞོན་སྐྱེས་ཧ་ཅང་མང་པོ་ཞིག་ཡོད་པ་མ་ཟད་ ཁོང་ཚོས་དོ་སྣང་དང་མཉམ་ཞུགས་དེ་གཞིན་འགན་འཁུར་ལེན་ཕྱོགས་ནི་བསྔགས་བརྗོད་ཀྱི་རང་བཞིན་རེད་འདུག་ཅེས་ཚགོས་ཆེན་དེའི་ནང་མཉམ་ཞུགས་གནང་མཁན་ རིང་མིན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནང་རང་ལོ་གཞོན་ཤོས་དེ་ཆགས་རྒྱུ་ཡིན་པ་ འཇམ་དབྱངས་བཟོད་པ་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་གཏམ་བཤད་གནང་ཡོད་པ་རེད།
རྒྱང་སྲིང་གི་དུས་ཚོད།
19-05-2011
༧གོང་ས་མཆོག་གིས་སྐུ་དབང་རྩིས་སྤྲོད་དང་བོད་གཞུང་མང་ཚོགས་ཆེན་གྱིས་ཐོག་གཞོན་སྐྱེས་ཀྱི་བསམ་ཚུལ།
༧ གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་གི་འགན་དབང་མང་ཚོགས་ཀྱི་འོས་འདེམས་བྱས་པའི་འགོ་ཁྲིད་ཁག་ལ་རྩིས་སྤྲོད་གནང་གཏན་འཁེལ་བའི་ཐད་བོད་པའི་གཞོན་སྐྱེས་མང་ཆེ་བས་གང་ཉིད་ལ་དད་གུས་དེ་སྔ་ལས་ལྷག་པའི་ཐོག་ནས་མོས་མཐུན་ཞུ་གི་ཡོད་པ་དང་ དེ་བཞིན་གཟའ་སྤེན་པའི་ཉིན་ནས་འཚོག་རྒྱུའི་བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གོ་བསྡུར་བྱེད་ཕྱོགས་ཀྱིས་ཐད་གཞོན་སྐྱེས་ཚོས་བསམ་ཚུལ་ཤུགས་ཆེ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གསལ་བཏོན་བྱ་རྒྱུ་ཡིན་ཞེས་ཨ་རིའི་རླུང་འཕྲིན་ཁང་གི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་ མང་གཙོའི་ཆེད་ན་གཞོན་དང་བླངས་བ་བསྟན་འཛིན་བརྩོན་གྲུས་ལགས་དང་ བོད་རང་བཙན་ཆེད་སློབ་ཕྲུག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གཙོ་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གསུང་གི་འདུག
རྒྱང་སྲིང་གི་དུས་ཚོད།
12-05-2011
མི་ནི་སོ་ཌར་༧གོང་ས་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ཞུ་རྒྱུའི་གོ་སྐལ་ཐོག
ཉེ་ཆར་བིོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེ་མི་ནི་སོ་ཌར་ཆིབས་བསྒྱུར་གྱི་མཛད་འཆར་ཁག་གི་ཐད་ས་གནས་བོད་རིགས་ཚོགས་པས་གོ་སྒྲིག་འཐུས་ཚང་ཞུས་པ་དེར་ས་གནས་ཀྱིས་གཞོན་སྐྱེས་ཚོས་འགན་འཁུར་དང་མཉམ་ཞུགས་ཧ་ཅང་ལེགས་པོ་བྱས་འདུག་པས་དེའི་སྐོར་ས་གནས་ཀྱིས་གཞོན་སྐྱེས་གཉིས་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱིས་ལས་རིམ་ནང་མགྲོན་འབོད་ཞུས་ཏེ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།
རྒྱང་སྲིང་གི་དུས་ཚོད།
05-05-2011
ཀིརྟི་དགོན་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བསྐྱོད།
བོད་ཀྱི་ཨ་མདོ་ཀིརྟི་དགོན་པའི་གནས་སྟངས་ད་དུའང་ཛ་དྲག་ཅིང་དྲག་གནོན་འོག་གནས་མུས་ཡིན་པར་བརྟེན་བཙན་བྱོལ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ཀིརྟིའི་སྡུག་བསྔལ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་གཞུང་ལ་ངོ་རྒོལ་གྱིས་ཆེད་དུ་ལས་འགུལ་མང་པོ་ཞིག་སྤེལ་དང་སྤེལ་མུས་ཡིན་པའི་ནང་ནས་ གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་རྒྱ་གར་གྱི་རྒྱལ་སའི་ནང་བྱེད་བཞིན་པའི་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱེད་བཞིན་པ་དེ་དང་དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་རྒྱལ་ས་ཝ་ཤིང་ཀྲན་གྱི་ཞི་བའི་གོམ་བསྐྱོད་བྱེད་བཞིན་པ་བཅས་ཀྱི་སྐོར་འབྲེལ་ཡོད་ལ་གནས་འདྲི་ཞུས་པ་དེ་གསན་གྱི་རེད།
རྒྱང་སྲིང་གི་དུས་ཚོད།
28-04-2011
བཀའ་ཁྲིར་མི་རབས་གསར་པ་ཞིག་འོས་འདེམ་བྱུང་བར་གཞོན་སྐྱེས་རྣམས་དགའ་ཚོར་ཆེན་་པོ་བྱུང་ཡོད།
བཙན་བྱོལ་བོད་གཞུང་ནང་མི་མང་གིས་ཐད་ཀར་འོས་བསྡུ་བྱས་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པར་ཧ་ཝཌ་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་ལས་དོན་པ་འདབ་ཤོག་གཉིས་ལྡན་པ་ཤེས་ཡོན་ཅན་བློ་བཟང་སེང་གེ་ལགས་ལ་འོས་འདེམས་བྱུང་བར་དེར་བོད་པའི་གཞོན་སྐྱེས་ཚོ་དགའ་མོས་དང་སྤོབས་པ་བྱངུ་མ་ཟད་ སེམས་འགུལ་ཐེབས་རྒྱུའི་གཞི་རྩ་ཞིག་ཏུ་གྱུར་ཡོད། དེའི་ཐོག་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་བོད་པའི་གཞོན་སྐྱེས་གཉིས་ཀྱིས་བཀའ་མོལ་གནང་བ་ཞིག་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
21-04-2011
བོད་ཀྱི་ཨ་མདོ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ཀྱི་ཐད་གཞོན་སྐྱེས་ཀྱི་ལས་འགུལ་སྤེལ་འདུག།
བོད་ཀྱི་ཨ་མདོ་ཀིརྟི་དགོན་པའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་དང་བྱེད་བཞིན་པའི་གནས་སྟངས་ལ་བོད་མི་གཞོན་སྐྱེས་གཙོ་བོར་གྱུར་བས་རྒྱ་གཞུང་ལ་ངོ་རྒོལ་དང་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་མང་ཞིག་སྤེལ་གྱི་ཡོད་པ་དང་ དེ་བཞིན་ཀིརྟི་དགོན་པའི་དངོས་ཡོད་གནས་ཚུལ་བཅས་པའི་ཐོག གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་བཞུགས་སྒར་རྡ་རམ་ས་ལ་ནས་ཀིརྟི་དགོན་པའི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་ ཨིན་ཇིའི་རྒྱལ་ས་ལན་ཌན་ནས་བསྟན་འཛིན་རང་གྲོལ་ལགས་དང་ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་མཐོ་རིམ་སློབ་གྲའི་སློབ་བུ་ཀུན་བཟང་ཐོགས་མེད་ལགས་བཅས་ཀྱིས་གཏམ་བཤད་གནང་བ་དེ་གསན་གྱི་རེད།
རྒྱང་སྲིང་གི་དུས་ཚོད།
14-04-2011
ཨ་རིའི་མེ་ནི་སོ་ཌའི་བོད་མི་ཚོས་སྐྱིད་པོ་ཞེས་པའི་འཁྲབ་སྟོན་གྱི་ཐོག་ནས་༧གོང་ས་མཆོག་བསུ་བ་ཞུ་རྒྱུ་ཡིན་པ།
རིང་མིན་ཕྱི་ཟླ་ལྔ་པའི་འགོ་སྟོད་དུ་བོད་ཀྱི་བླ་མ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་སྡོད་བོད་མི་ཕོན་ཆེ་གནས་ཡུལ་ཨ་རིའི་མི་ནི་སོ་ཌ་ནང་ཆིབས་བསྒྱུར་བཀྲིན་བསྐྱང་རྒྱུ་ཡིན་པ་ལྟར་ ཁུལ་དེར་འཁྲབ་འཁྲིད་ཁེ་ལས་ཤིག་དང་མཉམ་ལས་ཀྱི་ཐོག་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་མི་ལྷན་དུ་བོད་ཀྱི་སྲོལ་རྒྱུན་འཁྲབ་སྟོན་རིག་གནས་དང་ དེ་བཞིན་་བོད་ཀྱི་གནད་དོན་དང་འབྲེལ་བའི་གཏམ་བརྗོད་དང་ གཟབ་སྦྱོང་ སློབ་ཁྲིད་སོགས་གནང་རྒྱུ་ཡིན་པ་དེ་ ༧གོང་ས་མཆོག་དེར་ཆིབས་བསྒྱུར་གནང་བའི་སྔ་ནུབ་ཏུ་བྱས་ཏེ་ ད་རེས་ཀྱི་ཆིབས་བསྒྱུར་ལ་བསུ་བ་ཞུ་རྒྱུ་ཡིན་ཞེས་ ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་ཁུལ་དེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཚེ་དབང་ཆོས་ལྡན་ལགས་ཀྱིས་གསུངས་ཡོད་པ་རེད།
རྒྱང་སྲིང་གི་དུས་ཚོད།
07-04-2011
རིའི་དྲན་རྟེན་བོད་སྨན་སློབ་ཁང་ནས་བེུད་སྨན་པ་ཤ་སྟག་གི་ཚོ་ཁག་གཅིག་ཐོན་པ།
རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ས་གནས་སུ་རྟེན་གཞི་བྱས་པའི་ལྕགས་པོ་རི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་ནས་བེུད་ཤ་སྟག་གི་སྨན་པའི་ཚོ་ཁག་གཅིག་སློབ་ཐོན་བྱུང་བ་དེ་ནི་བོད་སྨན་གྱི་ལྟེ་གནས་གང་འདྲ་ཞིག་གི་ནང་བྱུང་མྱོང་མེད་པ་ཞིག་རེད་ཅེས་བོད་སྨན་སློབ་གཉེར་ཁང་དེའི་དབུ་འཛིན་ཨེམ་རྗེ་བྱམས་པ་མཁས་གྲུབ་ལགས་ཀྱིས་གསུངས་པ་སོགས་ ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་འདིར་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
24-03-2011
འདས་པའི་གཟའ་ཉི་མའི་ཉིན་གྱི་འོས་བསྡུའི་ཐོག་གཞོན་སྐྱེས་ཀྱིས་དཔྱད་གླེང་བྱས་པ།
ད་རིང་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་འདིའི་ནང་རྒྱ་གར་དང་ཨ་རི་ ཨིན་ཡུལ་བཅས་ནས་བོད་པའི་གཞོན་སྐྱེས་བཞིས་ འདས་པའི་གཟའ་ཉི་མའི་ཉིན་བྱས་པའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུའི་ཐད་སོ་སོའི་ས་གནས་ནང་གི་གནས་ཚུལ་དང་ དེ་བཞིན་འོས་བསྡུ་དེ་དང་འབྲེལ་བའི་ཐད་བསམ་ཚུལ་གསུངས་བའི་ནང་ ད་རེས་ཀྱི་འོས་བསྡུའི་བརྒྱུད་རིམ་ནང་བོད་མི་ཚོས་དོ་སྣང་དང་མཉམ་ཞུགས་བཅས་གང་ཅིའི་ཐད་སྔར་ལས་ལྷག་པ་ཞིག་བྱས་པའི་མཐོང་ཚུལ་བྱུང་ཞེས་བརྗོད་འདུག
རྒྱང་སྲིང་གི་དུས་ཚོད།
17-03-2011
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལོ་འཁོར་དུས་ཆེན།
བོད་ཀྱི་བུད་མེད་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་༥༢་ཧྲིལ་བོ་འཁོར་པའི་དུས་ཆེན་སྐབས་སུ་དབུས་བུད་མེད་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བུད་མེད་ལྷན་ཚོགས་ཀྱི་ལས་དོན་སྒྲུབ་ཕྱོགས་དང་། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་བུད་མེད་ཚོའི་བདེ་རྩ་དང་ནུས་པ་གོང་འཕེལ་གཏོང་དགོས་པ་མ་ཟད། ད་དུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་ཕྱོགས་སུའང་སྲི་ཞུ་གང་ལེགས་བསྒྲུབས་ཡོད་ཅེས་འགྲེལ་བརྗོད་བྱས་པ་དང་། ད་རེས་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་རྩིས་སྤྲོད་གནང་ནས་བགྲེས་ཡོལ་ཆ་ཚང་གནང་རྒྱུའི་ཐུགས་ཐག་བཅད་ཡོད་པར་བརྟེན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དམིགས་བསལ་ཚོགས་ཆེན་ཞིག་སྐོང་ནས་གནད་དོན་དེར་གྲོས་བསྡུར་ལྷུག་པོ་བྱ་འཆར་ཡོད་པ་དང་། ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་དེའི་སྐོར་གསུངས་པ་དེར་གསན་རོགས་གནང་།
རྒྱང་སྲིང་གི་དུས་ཚོད།
10-03-2011
བོད་མི་གཞོན་སྐྱེས་ཚོས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་སྲུང་བརྩི་གཟབ་རྒྱས་ཀྱི་ངང་ཞུས་པ།
བོད་མིས་རྒྱ་གཞུང་ལ་ངོ་རྒོལ་སྒེར་ལངས་བྱས་ནས་མི་ལོ་༥༢ ཧྲིལ་པོར་འཁོར་བའི་དུས་དྲན་ཉིན་མོའི་བྱེད་སྒོ་ཁག་གི་ནང་། དེ་སྔ་བོད་རང་བཙན་ཡིན་པ་མཐོང་མྱོང་མེད་པ་དང་ དེ་བཞིན་བོད་རྒྱ་ལག་ཏུ་ཤོར་བའི་དུས་སུ་སྐྱེས་སྲིང་བྱུང་མེད་པའི་གཞོན་སྐྱེས་མི་རབས་གསར་པ་ཚོས་གསུམ་བཅུའི་དུས་དྲན་ཉིན་བོད་དོན་ཐད་ལས་འགུལ་འདྲ་མིན་ནང་ཞུགས་ཏེ་དྲན་གསོ་དང་སེམས་ཤུགས་ཇེ་ཆེར་འཕེལ་བའི་རྣམ་པ་གསལ་སྟོན་བྱས་ཡོད་པའི་སྐོར་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་ས་གནས་འདྲ་མིན་ཁག་གསུམ་ནས་གཞོན་སྐྱེས་ཀྱིས་གཏམ་བཤད་བྱས་པ་ཞིག་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
17-02-2011
དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་ངོ་སྤྲོད།
རིང་མིན་ཕྱི་ཟླ་བདུན་པའི་ནང་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་གྱི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་མཛད་རྒྱུ་ཡིན་པ་ལྟར་ ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་ཨ་རིའི་ནང་གཏན་གཞི་བྱེད་པའི་བློ་གསལ་མེ་ཏྲི་བོད་ཀྱི་ནང་ཆོས་ཁང་གི་འགན་འཛིན་དང་ཆོས་དགེ་གཅིག་ལྕོགས་སྐུ་ཞབས་བསྟན་འཛིན་བདེ་གཤེགས་ལགས་སུ་དུས་འཁརོ་དབང་ཆེན་ཞུ་ཕྱོགས་ཀྱི་ཐད་ངོ་སྤྲོད་དང་ལམ་སྟོན་སྐོར་གནས་འདྲི་ཞུས་པ་དེ་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
03-02-2011
བོད་པ་དང་བོད་དོན་རྒྱབ་སྐྱོར་པས་གྲོས་ཚོགས་ལ་ཞུ་སྐུལ།
ཟླ་བ་འདིའི་ཚེས་༢༨་དང་ཕྱི་ཟླ་གསུམ་པའི་ཚེས་༡ བཅས་ཉི་མ་གཉིས་ལ་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་མང་པོ་ཞིག་ཨ་རིའི་རྒྱལ་སར་ཕེབས་ཏེ། ཁོང་ཚོས་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ལ་དངོས་སུ་ཐུག་ནས་བོད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་རྒྱུའི་ཞུ་སྐུལ་བྱ་འཆར་ཡོད་པ་དང་། གཟའ་འཁོར་འདིའི་ང་ཚོའི་གཞོན་སྐྱེས་དང་
ཤེས་ཡོན་གྱི་ལས་རིམ་ནང་དུ་པདྨ་བདེ་ཆེན་གྱིས་གྲོས་ཚོགས་འཐུས་མི་ཚོར་ཞུ་སྐུལ་བྱེད་པའི་ལས་འགུལ་གོ་སྒྲིག་པ་སྟེ། རྒྱལ་སྤྱིའི་བོད་དོན་ལས་
འགུལ་ཁང་གི་འབྲེལ་ཡོད་ལས་བྱེད་པ་བསྟན་ཆོས་ལགས་སུ་བཅར་འདྲི་ཞུས་པ་དེ་གསན་རོགས་གནང་།།
རྒྱང་སྲིང་གི་དུས་ཚོད།
22-10-2010
༧གོང་ས་མཆོག་གིས་རྒྱ་རིགས་སློབ་ཕྲུག་ཚོར་མཇལ་ཁ་དང་བཀའ་སློབ།
གཟའ་འཁོར་སྔོན་མར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་སློབ་ཕྲུག་རྣམས་གཙོ་བོར་གྱུར་པའི་ཤེས་ཡོན་ཅན་༡༥༠་ཙམ་ལ་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་མཇལ་འཕྲད་དང་བཀའ་སློབ་ཟབ་རྒྱས་བསྩལ་ཡོད་པ་མ་ཟད། རྒྱ་རིགས་དེ་དག་གི་དྲི་བ་ཁག་ལ་༧གོང་ས་མཆོག་གིས་ལན་འདེབས་གནང་བ་སོགས་ཀྱི་སྐོར། ང་ཚོའི་གཟའ་འཁོར་འདིའི་གཟའ་ཕུར་བུའི་ཉིན་གྱི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་ཚོགས་འཛོམས་དེར་བཅར་མཁན་བོད་པའི་སློབ་ཕྲུག་བཅུ་ཙམ་ཡོད་པའི་ཁོངས་ནས་གསུམ་གྱིས་སོ་སོའི་མཐོང་ཚུལ་དང་བསམ་ཚུལ་བརྗོད་ཡོད་པ་རེད།།
རྒྱང་སྲིང་གི་དུས་ཚོད།
14-10-2010
༧གོང་ས་མཆོག་གིས་ཁེ་ལི་ཧྥོ་ཎི་ཡའི་བྱང་ཕྱོགས་ཀྱི་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཆིབས་སྒྱུར་འགོ་ཚུགས་ཡོད་པ་དང་། ཕྱི་ཚེས་༡༢་ཉིན་༧གོང་ས་མཆོག་གིས་ཁེ་ལེ་ཕོ་ནི་ཡའི་བྱང་ཕྱོགས་ཀྱི་བོད་མི་ཚོར་བླང་དོར་གྱི་བཀའ་སློབ་བཀྲིན་བསྩལ་གནང་མཛད་པ་མ་ཟད། བོད་ཕྲུག་གཞོན་སྐྱེས་ཚོས་༧གོང་ས་མཆོག་གི་བཀའ་སློབ་དེ་རྣམས་སྙིང་བཅངས་ཅི་འདྲ་བྱས་ཡོད་མེད་ཐད། ཨ་མི་རི་ཀར་གནས་སྡོད་བདེ་ཆེན་ཚེ་རིང་དང་བསྟན་འཛིན་ཟླ་བཟང་གཉིས་ལ་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ཁོངས་སུ་གནས་འདྲི་ཞུས་པ་དེར་གསན་རོགས་གནང་།།
རྒྱང་སྲིང་གི་དུས་ཚོད།
07-10-2010
བོད་པ་ན་གཞོན་ཚོས་འོས་བསྡུའི་གནད་དོན་གླེང་བ།
བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མི་ཚོས་ཐད་ཀར་འོས་བསྡུ་བྱས་པའི་བཀའ་བློན་ཁྲི་པ་སྐབས་གསུམ་པ་དང༌། བོད་མི་དམངས་སྤྱི་འཐུས་སྐབས་བཅོ་ལྔ་པའི་སྔོན་འགྲོའི་འོས་བསྡུ་བྱས་པའི་ཉམས་མྱོང་དང་འོས་བསྡུ་ལ་འབྲེལ་བའི་གནད་དོན་ཐད། བོད་པའི་གཞོན་སྐྱེས་བསོད་ནམས་རྡོ་རྗེ་ལགས་དང་ཕུན་ཚོགས་སྒྲོལ་མ་ལགས། ཀརྨ་རྣམ་རྒྱལ་ལགས་བཅས་ཀྱིས་སོ་སོའི་བསམ་ཚུལ་གསུངས་ཡོད་ཅིང༌། གཟའ་ཕུར་བུའི་ཉིན་པདྨ་བདེ་ཆེན་གྱིས་གཙོ་གཉེར་བྱེད་པའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་འདིར་ཞལ་པར་བརྒྱུད་ནས་མཉམ་ཞུགས་བྱེད་ཐུབ་པས་རྣམ་པ་ཚོས་ཆ་རྐྱེན་དེ་ལོངས་སྤྱོད་བྱེད་པའི་རེ་སྐུལ་ཞུ་རྒྱུ་ཡིན།།
རྒྱང་སྲིང་གི་དུས་ཚོད།
30-09-2010
ན་གཞོན་ཚོས་འོས་བསྡུ་བ་མང་པོས་འོས་ཤོག་འཕང་རྒྱུ་རེད།
མང་གཙོ་འཕེལ་རྒྱས་ཆེད་ན་གཞོན་རུ་ཁག་གིས་ ད་ལྟའི་སྐབས་འདིར་བཙན་བྱོལ་མི་མང་གིས་ཧ་ཅང་དོ་སྣང་ཆེན་པོ་བྱེད་པ་དང་ འོས་ཤོག་འཕེན་ཕྱོགས་ཀྱི་ཐད་ཁུར་ཆེན་པོ་ལེན་གྱི་ཡོད་པའི་ཐོག གཟའ་ཉི་མའི་ཉིན་འོས་དམིགས་སོགས་ཀྱི་སྐོར་ཆ་ཚང་ཤེས་རྟོགས་ཡོད་པའི་ངང་ གལ་ཆེའི་འོས་ཤོག་འཕང་རྒྱུ་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད།
རྒྱང་སྲིང་གི་དུས་ཚོད།
17-09-2010
བོད་མི་གཞོན་སྐྱེས་ཤིག་གིས་གློག་བརྙན་ནང་ཆོས་ལུགས་མཐུན་བསྒྲིལ་གླེང་བ།
གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་བོད་པའི་གློག་བརྙེན་བཟོ་མཁན་གཞོན་སྐྱེས་བློ་བཟང་ཆོས་འཕེལ་ལགས་ཀྱིས་རང་གི་གློག་བརྙན་དང་པོ་འདིའི་ཐོག་ནས་ཆོས་དང་རིག་གཞུང་འདྲ་མིན་གྱི་འོག་འཚར་ལོངས་བྱེད་བཞིན་པའི་བོད་པའི་ཕྲུག་གུའི་མ་འོངས་མདུན་ལམ་སྐོར་གླེང་སྟེ་ཆོས་ལུགས་མཐུན་བསྒྲིལ་དང་གོ་རྟོགས་གོང་འཕེལ་གྱི་གནད་འགག་ཐེར་འདོན་གནང་ཡོད་པ་དང་ ཕྱོགས་མཚུངས་གློག་བརྙན་དེའི་ནང་འཁྲབ་མཁན་གཞོན་སྐྱེས་བསོད་ནམ་དབང་འདུད་ལགས་ཀྱིས་རང་གི་མྱོང་ཚོར་སྐོར་གསུངས་པ་བཅས།
རྒྱང་སྲིང་གི་དུས་ཚོད།
26-08-2010
ད་ལོ་དབྱར་དུས་ཕྱི་རྒྱལ་ནས་བོད་ཕྲུག་རྒྱ་གར་དུ་བསྐྱོད་པའི་ཉམས་མྱོང།
ཨ་རིའི་བོད་གཞུང་དོན་གཅོད་ཁང་དང་རྒྱ་གར་ནང་གི་བོད་ཕྲུག་ཁྱིམ་སྡེ་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བའི་ལས་འཆར་གྱི་འོག ད་ལོ་དབྱར་ཀ་ཕྱི་རྒྱལ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་འཚར་ལོང་བྱེད་བཞིན་པའི་བོད་པའི་སློབ་ཕྲུག་རང་ལོ་༡༠ ནས་༡༩ བར་སོན་པ་གྲངས་༨༣ གྱིས་ཟླ་བ་གཅིག་དང་ཕྱེད་ཀའི་ལས་འཆར་དེའི་ནང་ཞུགས་ཡོད་པ་རེད། ལས་འཆར་དེའི་དམིགས་ཡུལ་ནི་བོད་པའི་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ རྒྱལ་རབས་ལོ་རྒྱུས་སོགས་སློབ་ཁྲིད་བྱས་པའི་ཐོག་ལ་ ཉེ་འཁོར་སློབ་གྲྭ་ཁག་དང་གཞན་ཡང་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་མ་ལག་གི་གནས་སྟངས་སོགས་ཀྱི་སྐོར་ཤེས་རྟོགས་དང་མཐོང་རྒྱ་ཇེ་ཆེར་འགྲོ་བའི་ཐབས་ཡིན་པ་རེད། ང་ཚོའི་ལས་རིམ་འདིའི་ནང་རྒྱ་གར་ནས་ཨ་རིར་ཉེ་ཆར་ཕྱིར་ལོག་བྱུང་བའི་སློབ་ཕྲུག་གསུམ་གྱིས་ ད་ལོ་དབྱར་དུས་ཀྱི་ལས་རིམ་གྱི་ཐོག་ནས་སློབ་སྦྱོང་དང་ཉམས་མྱོང་ག་རེ་བྱུང་ཡོད་པའི་སྐོར་གཏམ་བཤད་བྱས་ཡོད་པ་རེད།
རྒྱང་སྲིང་གི་དུས་ཚོད།
09-09-2010
རྒྱལ་སྤྱིའི་བོད་མིའི་ཆེད་ལས་པའི་ཚོགས་ཆེན་དང་པོ།
འདི་ཟླའི་ཚེས་༦ ནས་༨ བར་བཞུགས་སྒར་རྡ་རམ་ས་ལར་འཚོགས་པའི་རྒྱལ་སྤྱིའི་བོད་མིའི་ཆེད་ལས་ཚོགས་ཆེན་དང་པོའི་ནང་མཉམ་ཞུགས་བྱེད་མཁན་བོད་མི་དགུ་ཅུ་སྐོར་ཞིག་བྱུང་ཡོད་པ་རྣམས་ཀྱིས་ཤེས་ཡོན་སློབ་གསོ་དང་མང་ཚོགས་ཀྱི་འཕྲོད་བསྟེན། དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་སྤྱིའི་འབྲེལ་ལམ་སོགས་ཀྱི་གནད་དོན་ཐོག་གོ་བསྡུར་སྦྱང་བཤད་ལེགས་པོ་བྱས་པའི་མཐར་ལས་དོན་བྱེད་ཕྱོགས་ཀྱི་བང་རིམ་ཀྱང་བསྒྲིགས་ཡོད་པའི་སྐོར་ཚོགས་ཆེན་དེའི་ནང་མཉམ་ཞུགས་གནང་མཁན་གྲས་ཚོང་རིག་གསར་འགོད་པ་བསྟན་འཛིན་པདྨ་ལགས་དང་ཤེས་ཡོན་སློབ་གསོའི་ཆེད་ལས་པ་འཇམ་དབྱངས་རྒྱལ་མཚན་ལགས་གཉིས་ཀྱིས་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་གཏམ་བཤད་གནང་ཡོད་པ་རེད།
རྒྱང་སྲིང་གི་དུས་ཚོད།
12-08-2010
བོད་མི་ན་གཞོན་ཚོས་དམངས་གཙོ་འཕེལ་རྒྱས་གཏོང་ཐབས་བྱེད་བཞིན་པ།
རིང་མིན་བཙན་བྱོལ་ནང་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་བསྡུ་བྱ་རྒྱུ་ཡིན་པར་གཞིགས་ཏེ་བོད་པ་གཞོན་སྐྱེས་ཚོས་དམངས་གཙོའི་གོ་རྟོགས་གོང་འཕེལ་གཏོང་རྒྱུའི་ལས་དོན་གྱི་ཐད་དོ་སྣང་དང་འགན་འཁུར་ལེན་པའི་ཐོག་ནས་ཞུགས་ཀྱི་ཡོད་པའི་སྐོར་བསྟན་འཛིན་ཆོས་དབྱིངས་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གསུངས་ཡོད་པ་རེད།
རྒྱང་སྲིང་གི་དུས་ཚོད།
05-08-2010
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༤འཚོག་བཞིན་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གི་གྲོས་གཞི་དང་འབྲེལ་བའི་ཐད་གཞོན་ལྷན་གྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ལ་གནས་འདྲི་ཞུས་པར་ཐོག ཁོང་གིས་ཚོགས་ཆེན་གྱི་གྲོས་གཞི་ངོ་སྤྲོད་གནང་བ་དང་ ཡུ་རོབ་ས་གནསབྷལ་ཇམ་དང་ བྱང་ཨ་རིའི་ས་གནས་ཁེ་ན་ཌ་དང་ནིའུ་ཡོག་བཅས་གསུམ་གྱི་ས་གནས་རྒྱུན་ལས་རེ་ནས་ཚོགས་གཙོར་འདྲི་བ་ཞུས་པ་བཅས་བྱུང་ཡོད།
རྒྱང་སྲིང་གི་དུས་ཚོད།
29-07-2010
བོད་པའི་གཞོན་སྐྱེས་ཤིག་གིས་ནད་པ་ཞིག་གྀ་བསམ་དོན་བསྒྲུབ་པ།
སྐྲན་ནད་ནད་པ་ཕྱི་རྒྱལ་བ་ནང་པ་ཞིག་གིས་རེ་འདུན་བྱས་པ་ལྟར་བོད་པ་གཞོན་སྐྱེས་ལྕགས་རི་ཤར་ཐུབ་བསྟན་ཉི་མ་ལགས་ཀྱིས་དེང་དུས་འཕྲུལ་རིག་བརྙན་ཆས་གསར་གཏོད་བྱས་ཏེ་ དྲ་རྒྱའི་ཐོག་ནས་སངས་རྒྱས་སྨན་བླའི་གཟུངས་སྔགས་གསར་བཟོ་བྱས་ཏེ་ ནད་པ་དེ་གྲོངས་ཁར་ཉན་ཐུབ་པ་བྱུང་ཡོད་པ་རེད། ལེ་ཚན་འདིའི་ནང་ཐུབ་བསྟན་ལགས་ཀྱིས་གསར་གཏོད་བྱས་པའི་འཕྲུལ་ཆས་ཀྱི་ཐོག་ནས་སྨན་བླའི་གཟུངས་སྔགས་དང་དེ་བཞིན་གཟུངས་སྔགས་དེར་བླ་མ་བསྟན་འཛིན་བདེ་གཤེགས་ལགས་ཀྱིས་འགྲེལ་པ་གནང་བ་བཅས་གསན་རྒྱུ་ཡོད།
རྒྱང་སྲིང་གི་དུས་ཚོད།
15-07-2010
རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲི་ཇུས་ལ་འགྱུར་བ་གཏོང་ལུགས་བོད་པའི་གཞོན་སྐྱེས་ཀྱིས་སྐུལ་མ་ཞུས་པ།
ཉེ་ཆར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་བཞུགས་སྒར་རྡ་རམ་ས་ལར་ཕེབས་པའི་སྐབས་སུ་བོད་པའི་གཞོན་སྐྱེས་ཤེས་ཡོན་ཅན་ཁག་གཅིག་གིས་ཁོང་ལ་ཞུ་ཡིག་ཅིག་དོངས་སུ་ཕུལ་བའི་ནང་ རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲི་ཇུས་ལ་འགྱུར་བ་གཏོང་དགོས་ལུགས་སྐུལ་མ་ཞུས་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ཞུ་ཡིག་དེ་ཕུལ་མཁན་གྲས་ཉམས་ཞིབ་པ་ཀླུ་གར་བྱམས་དང་ལས་འགུལ་བ་བསྟན་ཆོས་ལགས་གཉིས་ལ་གནས་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
28-10-2010
བོད་ཕྲུར་ཚོར་སློབ་ཚན་ཚང་མ་རྒྱ་སྐད་དུ་ཁྲིད་རྒྱུའི་སྲིད་ཇུས་ལ་དཔྱད་ཞིབ།
བོད་ནང་གི་སློབ་གྲྭའི་སློབ་ཚན་ཚང་མ་རྒྱ་སྐད་ནང་དུ་སློབ་ཁྲིད་བྱེད་དགོས་པའི་རྒྱ་གཞུང་གི་སྲི་ཇུས་དེར་ཨ་མདོ་རེབ་གོང་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ཀྱི་བོད་ཕྲུག་སློབ་མ་སྟོང་ཕྲག་མང་པོས་ངོ་རྒོལ་བྱས་པ་དང་། དེ་དང་ཕྱོགས་མཚུངས་རང་དབང་ཡུལ་ལུང་ཁག་ཏུ་ཡོད་པའི་བོད་པ་བཙན་བྱོལ་བའི་སློབ་ཕྲུག་ཚོས་ཀྱང་བོད་ནང་གི་སློབ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱ་གཞུང་གི་སྲི་ཇུས་དེར་ངོ་རྒོལ་བྱེད་པར་མར་མེའི་ཁྲོམ་སྐོར་དང་མིང་རྟགས་བསྡུ་རུབ་སོགས་བྱེད་ཀྱི་ཡོད་ཅིང་། དེ་རིང་ལས་རིམ་འདིར་བོད་ཡིག་གི་ཚབ་ཏུ་རྒྱ་སྐད་གཅིག་པུས་རསློབ་ཁྲིད་བྱས་ན་དགེ་སྐྱོན་ཅི་ཡོད་ཐད། ཁ་བརྡ་ དྲ་རྒྱའི་རྩོམ་བྲིས་པ་དོན་གྲུབ་བཀྲིས་ལགས་སུ་གནས་འདྲི་ཞུས་པ་བཅས་གསན་རོགས་གནང༌།
རྒྱང་སྲིང་གི་དུས་ཚོད།
04-11-2010
ཨ་རིའི་གྲོས་ཚོགས་ཀྱི་འོས་འདེམས་དང་བོད་དོན།
ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་རྗེས་སུ་གཞུང་འཛིན་དམངས་གཙོ་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་སྟེ། ད་ཆ་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་སྤྱི་མཐུན་ཚོགས་པར་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་ཡོད་ཅིང་། ད་ལྟའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནེན་སི་ པི་ལོ་སི་རང་གི་ལས་གནས་ནས་འཕོ་འགྱུར་འགྲོ་རྒྱུ་ཡིན་པ་མ་ཟད། ཁོང་གི་ཚབ་ལ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་འཇོན་ བྷེ་ནར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་གསར་པར་འགྱུར་རྒྱུ་ཡིན་མོད། འོན་ཀྱང་ཨ་མི་རི་ཀའི་བོད་པ་མང་ཆེ་བས་སྲིད་དོན་ཚོགས་པ་གང་གིས་གྲོས་ཚོགས་སུ་དབང་ཆ་འཛིན་གྱི་ཡོད་མེད་ལ་མ་ལྟོས་པར་ཨ་རིའི་གྲོས་ཚོགས་སུ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་སྲིད་དོན་ཚོགས་པ་གཉིས་ཀར་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། གཤམ་ལ་ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་གཡུ་རྒྱལ་གྱིས་གཏམ་བཤད་བྱས་པ་དེར་གསན་རོགས་གནང༌།།
རྒྱང་སྲིང་གི་དུས་ཚོད།
11-11-2010
ནུབ་ཕྱོགས་ནང་གི་གོ་སྐབས་དང་གདོང་ལེན་བྱ་ཡུལ།
ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ བཙན་བྱོལ་བོད་མི་གཞོན་སྐྱེས་ཚོར་གོ་སྐབས་བཟང་པོ་འདྲ་མིན་ཞིག་ཡོད་པའི་ཐོག བོད་ཡིག་དང་ བོད་སྐད་ བོད་པའི་ཆོས་དང་རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་བྱེད་ཕྱོགས་ཀྱི྇་ཐད་དཀའ་ངལ་འཕྲད་པར་གདོང་ལེན་བྱེད་ཕྱོགས་བཅས་ཀྱི་སྐོར་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་ནང་གནས་འཁོད་ཀརྨ་ཚེ་རིང་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་གི་གཟའ་ཕུར་བུའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་གཏམ་བཤད་གནང་ཡོད་པ་རེད།
རྒྱང་སྲིང་གི་དུས་ཚོད།
25-11-2010
བཀའ་ཁྲིའི་འོས་འདེམས་ཀྱི་བསམ་ཚུལ་བསྡུ་ལེན།།
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་འོས་འདེམས་དངོས་གཞིའི་གོང་དེར་ཨ་མི་རི་ཀའི་ཝ་ཡེན་མིན་སློབ་གྲྭ་ཆེན་མོའི་སློབ་གཉེར་བ་བསྟན་འཛིན་ཡེ་ཤེས་ཀྱིས་དེང་རབས་དང་མཐུན་པར་དྲ་ལམ་བརྒྱུད་ནས་བཀའ་བློན་ཁྲི་པའི་འོས་འདེམས་དེར་མི་མང་ལ་བསམ་ཚུལ་བསྡུ་ལེན་གྱི་ལས་གཞི་ཞིག་འགོ་བརྩམས་ཡོད་པའི་སྐོར། བདུན་ཕྲག་འདིའི་གཟའ་ཕུར་བུའི་ཉིན་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་བསྟན་འཛིན་ཡེ་ཤེས་ལ་གནས་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།
རྒྱང་སྲིང་གི་དུས་ཚོད།
02-12-2010
བཙན་བྱོལ་སྤྱི་ཚོགས་ཀྱི་སླབ་གྲྭ་ཁག་གི་དགུན་ཁའི་གུང་སེང་།
དྷ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་སོགས་རྒྱ་གར་གྱི་བོད་པའི་སློབ་གྲྭ་ཁག་གི་དགུན་ཁའི་གུང་སེང་རིང་པོ་དེ་འགོ་འཛུགས་བྱ་ལ་ཉེ་མོད། འོན་ཀྱང་ཕ་མ་སྤུན་མཆེད་དང་ཉེ་ཚན་དམིགས་ནས་གུང་སེང་ལ་འགྲོ་ས་མེད་པའི་བུ་ཕྲུག་ཀྱང་མང་པོ་ཞིག་ཡོད་པར་བརྟེན། ད་ལོ་ནས་མ་སུ་རི་བོད་ཁྱིམ་གྱིས་སློབ་ཕྲུག་ཚོ་གུང་སེང་ལ་ལེན་ཕྱོགས་ཀྱི་སྒྲིག་སྲོལ་གསར་པ་ཞིག་གསལ་བསྒྲགས་བྱས་ཡོད་པ་རྒྱང་སྲིང་ཞུས་པ་དང་ཆབ་ཅིགས། དྷ་ས་བོད་ཁྱིམ་གྱི་ངེས་སྟོན་པ་ཕུན་ཚོགས་རྣམ་རྒྱལ་གྱིས་ཀྱང་། རང་ཁོངས་བོད་ཁྱིམ་གྱི་སློབ་ཕྲུག་ཚོ་གུང་སེང་གཏོང་ཕྱོགས་ལ་འགྲེལ་བཤད་བརྒྱབ་ཡོད་པའི་སྐོར།
རྒྱང་སྲིང་གི་དུས་ཚོད།
09-12-2010
ལིའུ་ལ་ཤའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་དགའ་སྟོན།
གཟའ་འཁོར་འདིའི་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་དབྱིན་ཡུལ་གཙོ་བོར་གྱུར་པའི་ས་གནས་མང་པོར་བོད་པ་དང་རྒྱ་མི་རིགས། ད་དུང་ཡུ་གུར་བ་ཚོ་མཉམ་འབྲེལ་བྱས་ཏེ། ཁོང་ཚོས་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ལིའུ་ཤའོ་པོ་ལ་ཕྱི་ལོ་༢༠༡༠་ཐམ་པའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་དགའ་སྟོན་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་སྲུང་བརྩི་བྱས་པ་དང་། རྒྱ་ནག་གི་དབང་བསྒྱུར་འོག་བོད་མི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་ཚབས་ཆེ་ཐེབས་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་འཁུར་སྔར་ལས་ཆེ་བ་བྱེད་དགོས་པའི་སྐུལ་མ་ཞུས་ཡོད་པ་རེད།།
རྒྱང་སྲིང་གི་དུས་ཚོད།
16-12-2010
རྒྱ་གར་གྱི་བོད་དང་རྒྱ་ནག་གི་སྲི་ཇུས་ལ་བསྐྱར་ཞིབ།
རྒྱ་ནག་གི་སྲིད་བློན་རྒྱ་གར་ལ་འཚམས་འདྲིར་ཕེབས་པ་
དང་ཆབ་ཅིགས། བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིས་གོ་སྒྲིག་འོག ད་བར་རྒྱ་གར་གཞུང་གིས་བོད་དང་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་བསྐྱར་ཞིབ་དང་འགྱུར་བ་གཏོང་དགོས་མིན་ཐད་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ཡོད་པ་རེད། བགྲོ་གླེང་དེར་རྒྱ་གར་གྱི་མཁས་པ་ཚོ་དང་མི་མང་གཉིས་ཀའི་ཁྲོད་དུ་བོད་དོན་ཤེས་རྟོགས་གོང་མཐོར་དང་། བོད་དོན་ལ་རྒྱབ་སྐྱོར་པའང་ཇེ་མང་དུ་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་ཐོན་གྱིན་འདུག་ཅེས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་དང་བསྟན་འཛིན་འཇིགས་བྲལ་གཉིས་ཀྱིས་འདི་གའི་རླུང་འཕྲིན་ཁང་གི་གཟའ་ཕུར་བུའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་བཤད་པ་དེ་གསན་རོགས་གནང༌།།
རྒྱང་སྲིང་གི་དུས་ཚོད།
23-12-2010
བཀའ་ཁྲི་རྗེས་མ་དེར་རེ་འགུག་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར།
གཟའ་འཁོར་འདིའི་གཟའ་ཕུར་བུའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་གྱི་ནང་པདྨ་བདེ་ཆེན་ལགས་ཀྱིས་ཨ་རིའི་ནང་གནས་འཁོེད་བོད་པའི་གཞོན་སྐྱེས་གཉིས་ལ་རིང་མིན་འབྱུང་འགྱུར་ཕྱི་ཟླ་གསུམ་པའི་ཚེས་༢༠འི་ཉིན་དངོས་སུ་འོས་བསྡུ་བྱ་རྒྱུའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དེ་གང་འདྲ་ཞིག་དགོས་ཀྱི་ཡོད་མེད་ཐོག་གནས་འདྲི་བྱས་པ་དང་ དམིགས་བཀར་ནས་བཀའ་ཁྲི་དེ་བཞིན་གཞོན་སྐྱེས་ཤིག་ངེས་པར་དགོས་མིན་གྱི་ཐད་བསམ་ཚུལ་དྲིས་ཡོད་པ་རེད།
རྒྱང་སྲིང་གི་དུས་ཚོད།
13-01-2011
རྒྱ་གར་རྒྱལ་ཡོངས་བོད་ཕྲུག་མཐོ་སློབ་པའི་ཚོགས་ཆེན།
འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་གྱི་ལས་རིམ་ནང་དུ་ཉེ་ཆར་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ས་རཱ་མཐོ་སློབ་ཁང་དུ་ཉིན་ལྔའི་རིང་བོད་ཕྲུག་མཐོ་སློབ་པའི་ཚོགས་ཆེན་ཐེངས་ལྔ་བ་ཚོགས་ཤིང་། པདྨ་བདེ་ཆེན་གྱིས་ཚོགས་ཆེནགོ་སྒྲིག་པ་དང་བགྲོ་གླེང་ལ་ཞུགས་བྱས་པའི་སློབ་ཕྲུག་གསུམ་ལ་བཅར་འདྲི་ཞུས་ཏེ། ཁོང་ཚོས་རང་གི་མྱོང་ཚོར་དང་ཚོགས་ཆེན་འདི་ལྟ་བུས་བོད་ཕྲུག་ན་གཞོན་ཚོ་འབྲེལ་བ་བཟང་དུ་གཏང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཁོང་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་དོན་སྒྲུབ་ཕྱོགས་ལ་གྲོས་བསྡུར་བྱས་པ་དང་། བོད་ཕྲུག་ཚོ་རང་ངོས་ནས་ཤེས་ཡོན་སློབ་སྦྱོང་ཡར་རྒྱས་དང་སྤྱི་དོན་ལ་འགན་ཁུར་ཆེ་ཙམ་ལེན་དགོས་པའི་དམ་བཅའ་འཇོག་རྒྱུ་གལ་འགངས་ཆེ་བའི་གྲོས་ཆོད་བཞག་ཡོད་པ་རེད།།
རྒྱང་སྲིང་གི་དུས་ཚོད།
20-01-2011
ཨ་རིའི་ནང་རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བ།
ད་རེས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས་ཨ་རིར་འཚམས་འདྲི་ལྟ་སྐོར་བྱས་པའི་དུས་ཡུན་ཧྲིལ་པོར་སྐབས་སུ་ བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དང་ དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཝི་གུར་མི་རིགས་དང་ཕ་ལོང་ཀོང་ངམ་རྩ་རླུང་སྒོམ་སྒྲུབ་ཆོས་ལུགས་ཀྱི་མི་སྣ་བཅས་བརྒྱ་ཕྲག་མང་པོས་གཟའ་མིག་དམར་ནས་ཕུར་བུའི་བར་ཉིན་ལྟར་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་ཡོད་པའི་སྐོར་ ང་ཚོའི་གཟའ་འཁོར་འདིའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་ནང་པདྨ་བདེ་ཆེན་ལགས་ཀྱིས་ལས་འགུལ་དེ་དག་གོ་སྒྲིག་གནང་མཁན་གྲས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇརསེ་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཀྲིས་ལགས་དང་ངོ་རྒོལ་བྱ་ཡུལ་དུ་གཞོན་ནུ་མ་བསྟན་འཛིན་སྒྲོལ་མ་ལགས་གཉིས་ལ་གནས་འདྲི་ཞུས་པ་དེ་གསན་གྱི་རེད།