blank

VOA ངོ་སྤྲོད། | ང་ཚོར་འབྲེལ་བ་གནང་ཡུལ།

བགྲོ་གླེང་མདུན་ལྕོག Saturdays

རྣམ་རྒྱལ་ཤསྟྲིས་གཙོ་གཉེར་བྱས་པའི་བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ཆབ་སྲིད་མི་སྣ་དང་རིག་གནས་མཁས་པ། སྒྱུ་རྩལ་པ། དེ་བཞིན་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང༌། ཁོར་ཡུག་སྲུང་སྐྱོབ་སོགས་སྤྱི་ཚོགས་དང་འབྲེལ་བའི་གནད་དོན་སྣ་མང་ཐོག་ཆེད་ལས་མཁས་པ་དང༌། གཞུང་དང་གཞུང་འབྲེལ་མིན་པའི་མི་སྣ་སོགས་མགྲོན་འབོད་ཞུས་ཏེ་བགྲོ་གླེང་བཅར་འདྲི་ཞུ་ཡི་ཡོད་པ་མ་ཟད། བོད་ཕྱི་ནང་གི་འགྱུར་བའི་འཕེལ་རིམ་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐད་དུས་བསྟུན་བགྲོ་གླེང་ཞུས་ཏེ་རྒྱང་སྲིང་བྱེད་ཀྱི་ཡོད།

 

རྒྱང་སྲིང་གི་དུས་ཚོད། 14-01-2012

རྒྱ་རིགས་མི་མང་དང་འབྲེལ་མཐུད་ཀྱི་སྲིད་བྱུས་ལ་བསྐྱར་ཞིབ་

ད་ལམ་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གིས་རྒྱ་རིགས་དད་ལྡན་ཆོས་ཞུ་བ་མང་པོ་ཞིག་ལ་རྒྱ་བོད་དཀའ་རྙོག་དང་འབྲེལ་བའི་གནད་དོན་ཐད་་ཐོག་བཀའ་བསྩལ་གནང་ཡོད་པ་ལྟར་ ༧གོང་ས་མཆོག་དང་བཙན་འབྱོལ་བོད་གཞུང་གིས་རྒྱ་རིགས་མི་མང་ལ་འབྲེལ་མཐུད་གནང་བཞིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དང་གླིང་མོལ་ཞུས་པ་ཞིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 24-12-2011

བགྲོ་གླིང་གཙོ་སྐྱོང་བའི་མྱོང་བ་དང་གཟིགས་སྣང་།

གཟའ་འཁོར་འདི་ནས་རྒྱལ་ལགས་ཀྱིས་མདུན་ལྕོག་གི་བགྲོ་གླིང་གི་ལས་རིམ་གྱི་གཙོ་སྐྱོང་བའི་ཐུགས་འགན་དེ་ང་ཚོའི་གསར་འགོད་པ་རིག་འཛིན་ལགས་ལ་རྩིས་སྤྲོད་གནང་གི་ཡོད་པ་ལྟར། གཟའ་འཁོར་འདིའི་མདུན་ལྕོག་གི་མགྲོ་གླིང་ལས་རིམ་ནང་རྣམ་རྒྱལ་ལགས་ཀྱིས་འདས་པའི་ལོ་ངོ་མང་པོའི་རིང་ལས་རིམ་འདི་གོ་སྒྲིག་གནང་བའི་མྱོང་བ་གླེང་སློང་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 31-12-2011

ཕྱི་ལོ་༢༠༡༡་ལོའི་བོད་གནས་བསྐྱར་ཞིབ།

མདུན་ལྕོག་གི་མགྲོ་གླིང་གི་ལས་རིམ་གྱིས་ཕ་ཡུལ་དྲ་རྒྱའི་རྩོམ་སྒྲིག་པ་ཤེས་རབ་འོད་ཟེར་ལགས་དང་ ནོར་ལྦེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་གཉིས་མགྲོན་འབོད་ཞུས་ཏེ་ཕྱི་ལོ་༢༠༡༡ ལོའི་བོད་དོན་དང་འབྲེལ་བའི་གནས་ཚུལ་གལ་ཆེ་འགའ་ཤས་ལ་བགྲོ་གླིང་དང་བསྐྱར་ཞིབ་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 07-01-2012

༧གོང་ས་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་བཀའ་སློབ་སྩལ་བའི་ནང་དོན།

ད་རིང་མདུན་ལྕོག་གི་བགྲོ་གླིང་གི་ནང་ ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་འཁོར་ དབང་ཆེན་ཞུ་བར་ཆེད་བོད་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་བརྒྱད་སྟོང་བརྒལ་བ་ལ་ལམ་སྟོན་བཀའ་སློབ་བཙལ་གནང་བའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་ཆེད་གཉེར་གསར་འགོད་པ་ཚེ་རིང་དབང་རྒྱལ་དང་མཉམ་དུ་རིག་འཛིན་གྱིས་གླེང་མོལ་ཞུས་པའི་ལས་རིམ་འདི་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 17-12-2011

རྡོར་གདན་དུ་རིས་མེད་སྨོན་ལམ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་ལགས་གདན་འདྲེན་ཞུས་ནས་དུས་འཁོར་དབང་ཆེན་གྲ་སྒྲིག་ལས་དོན་དང་རིས་མེད་སྨོན་ལམ་ཆེ་མོའི་སྐོར་ལ་བགྲོ་གླེང་ཞུས་པ་དེ་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 12-12-2011

ནོ་བྷེལ་ཞི་བའི་གཟེངས་རྟགས་དང་བོད་དོན།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་དང་ནོར་ཝེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ཆུང་དག་ཀོ་རན་ལགས་གཉིས་གདན་འདྲེན་ཞུས་ཏེ་ནོ་ཝེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་དང་བོད་དོན་ལ་གྲུབ་འབྲས་སྐོར་གླེང་མོལ་ཞུས་པ་དེ་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 03-12-2011

རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་ཁ་ཕྱོགས།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པ་ནས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་གདན་འདྲེན་ཞུས་ནས་རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་ཁ་ཕྱོགས་སྐོར་གླེང་མོལ་ཞུས་པ་དེ་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 26-11-2011

འཛམ་གླིང་ནང་བསྟན་ཆོས་ཚོགས་ཆེ་མོ།

ད་རིང་ནས་ཉིན་བཞིའི་རིང་དིལླི་གསར་པའི་ནང་འཛམ་གླིང་ནང་བསྟན་ཆོས་ཚོགས་ཆེ་མོ་ཞིག་གནང་གཏན་འཁེལ་ཡོད་པ་བཞིན་བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ཆོས་ཚོགས་དེ་གོ་སྒྲིག་གནང་མཁན་ཚོགས་ཆུང་གི་ཚོགས་གཙོ་ལ་དྭགས་བླ་མ་བློ་བཟང་གདན་འདྲེན་ཞུས་ནས་བཀའ་དྲི་ཁག་ཅིག་ཞུས་པ་དེ་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 14-11-2011

བོད་ལྗོངས་ནང་བསྟན་སློབ་གླིང་གི་རྒྱབ་ལྗོངས་དང་དམིགས་ཡུལ།

།བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བཞུགས་སྒར་དྷ་རམ་ས་ལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས་དང་ནིའུ་ཡོག་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་གཉིས་མགྲོན་འབོད་ཞུས་ནས་ཉེ་དུས་བོད་རང་སྐྱོང་ལྗོངས་ནང་བོད་ལྗོངས་ནང་བསྟན་སློབ་གླིང་ཞེས་པ་གསར་འཛུགས་བྱས་རྒྱབ་ལྗོངས་དང་དམིགས་ཡུལ་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 05-11-2011

བོད་དོན་ལ་རྒྱལ་སྤྱིའི་རྒྱབ་གཉེར་འཚོལ་བའི་ལས་འགུལ་བསྐྱར་ཞིབ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་དང་ཡོ་རོབ་ཀྱི་བོད་མི་མང་སྤྱི་འཐུས་ཆུང་བདག་ཀོ་རན་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་བཅས་མགྲོན་འབོད་ཀྱིས་ཉེ་དུས་རྒྱལ་སྤྱི་ཁྱོན་ཡོངས་སུ་བོད་ནང་གི་གནས་སྟངས་ལ་རྒྱལ་སྤྱིའི་རྒྱབ་གཉེར་འཚོལ་བའི་ལས་འགུལ་གྱི་བརྒྱུད་རིམ་ལ་དཔྱད་ཞིབ་དང་མ་འོངས་པར་ནུས་པ་ཆེ་རུ་གཏོང་ཐབས་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 29-10-2011

རྡོ་རྗེ་དུས་འཁོར་དབང་ཆེན་གྲ་སྒྲིག

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་ལགས་གདན་འདྲེན་ཞུས་ནས་དུས་འཁོར་དབང་ཆེན་གྱི་གྲ་སྒྲིག་དང་ཆོས་ཞུར་བཅར་མཁན་ཚོས་གྲ་སྒྲིག་གནང་ཕྱོགས་བཅས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 22-10-2011

རྔ་པའི་གནས་ཚུལ་དང་དེ་མིན་བོད་ཀྱི་ས་ཁུལ་ནང་དམ་བསྒྲགས།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཀྱི་བོད་གནས་དབྱེ་ཞིབ་པ་ལྷག་པ་ཚེ་རིང་ལགས་གདན་འདྲེན་ཞུས་ནས་རྔ་པའི་དོན་རྐྱེན་དང་དེ་ལ་བརྟེན་ནས་བོད་ཀྱི་ས་ཁུལ་གཞན་ནང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་བཅས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 15-10-2011

བཀའ་སྤྱི་གཉིས་ཀྱིས་ཟུང་སྦྲེལ་འབོད་བསྐུལ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བྱང་ཨ་རིའི་སྤྱི་འཐུས་བཀྲིས་རྣམ་རྒྱལ་ལགས་དང་ལྷག་དཀར་ལས་འགུལ་དོན་གཉེར་བ་ཤིང་ཟ་རིན་པོ་ཆེ་གཉིས་གདན་འདྲེན་ཞུས་ནས་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་ཚུལ་གཞུང་མང་གིས་གདུང་མཉམ་བསྐྱེད་ལས་འགུལ་བྱ་རྒྱུར་ཟུང་སྦྲེལ་འབོད་བསྐུལ་གནང་བར་མང་ཚོགས་ཀྱིས་དང་ལེན་ཞུ་ཕྱོགས་ཐད་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 08-10-2011

གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་ལ་འགྱུར་བ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཟུར་པ་བློ་བཟང་ཡེ་ཤེས་ལགས་དང་ཚེ་དབང་དཔལ་འབྱོར་ལགས་གཉིས་མགྲོན་འབོད་ཀྱིས་བཙན་བྱོལ་བོད་མིའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་གཞིགས་པའི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 01-10-2011

ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་གལ་ཆེའི་བཀའ་ཡིག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཚོགས་ཐེངས་བཅིུག་པའི་ཐོག་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་བཀའ་སློབ་བསྩལ་པ་མ་ཟད། ཡོངས་ཁྱབ་ཀྱི་བཀའ་ཡིག་བསྩལ་པ་བཅས་ཀྱི་སྐོར་ལ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཀུན་གླེང་ལས་རིམ་གྱིས་བཀའ་འདྲི་ཞུས་པ་དེ་གལ་ཆེ་ནན་ཏན་གྱི་ཚུལ་དུ་བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་སྙན་སྒྲོན་ཞུ་གི་རེད།

རྒྱང་སྲིང་གི་དུས་ཚོད། 24-09-2011

སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བོད་མི་མང་སྤྱི་འཐུས་རྨུག་རུ་བསྟན་པ་ལགས་དང་བོད་ཀྱི་གཞོན་ནུའི་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་གཉིས་མགྲོན་འབོད་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཞེས་པར་བཅའ་ཁྲིམས་བསྐྱར་བཅོས་འགྲོ་མ་ཐུབ་པའི་གནད་དོན་དང་བཀའ་བློན་རྣམ་པའི་ལས་བགོས་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 18-09-2011

བཀའ་ཁྲི་བློ་བཟང་སེངྒེ་ལགས་ཀྱི་བཀའ་ཤག

བགྲོ་གླེང་མདུན་ལྕོག་ལa་རིམ་གྱིས་བོད་མི་མང་སྤྱི་འཐུས་ཨ་འཕྲུག་ཚེ་བརྟན་ལགས་དང་སྤྱི་འཐུས་ཆུང་བདག་ཀོ་རན་ལགས། དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གི་འགན་འཛིན་ཨུ་རྒྱན་བསྟན་འཛིན་ལགས་བཅས་མགྲོན་འབོད་ཀྱིས་ཉེ་འཆར་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་ལགས་ཀྱི་ཕྱག་རོགས་བཀའ་བློན་དྲུག་གསལ་བསྒྲགས་གནང་བ་དང་ཁོང་རྣམས་ཀྱི་ལས་བགོས་བཅས་ཀྱི་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 03-09-2011

གཞོན་ནུའི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དོན་འགྲུབ་ལྷ་དར་ལགས་མགྲོན་འབོད་ཀྱིས་ཉེ་དུས་རྒྱ་གར་བྱང་ཤར་རྡོར་རྗེ་གླིང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༢ འཚོགས་པའི་གྲོས་ཆོད་སྐོར་དང་དེ་མིན་གཞོན་ནུའི་ལས་རིམ་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 20-08-2011

བཀའ་ཁྲི་གསར་པར་གདོང་ལེན་གནང་དགོས་པའི་གནད་དོན།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་སྤྱི་འཐུས་ཨ་ཕྲུག་ཚེ་བརྟེན་གཉིས་མགྲོན་འབོད་ཀྱིས་བཀའ་བློན་ཁྲི་པ་གསར་པ་བློ་བཟང་སེངྒེ་ལགས་ལ་གདོང་ལེན་གནང་དགོས་པའི་གནད་དོན་གང་ཡོད་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 30-07-2011

བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་དང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་གཉིས་མགྲོན་འབོད་ཀྱིས་ཕྱི་ཟླ་ ༥ ནང་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཞེས་པར་སླར་ཡང་བསྐྱར་བཅོས་གནང་འཆར་ཡོད་པར་འགག་དགོས་ཇི་ཆགས་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 23-07-2011

རྒྱ་ནག་གི་བོད་སྐོར་ཡིག་ཆ་དཀར་པོ་དང་ཞི་ཅིན་པིན་གྱི་གཏམ་བཤད།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་རྒྱ་ནག་སྐོར་དཔྱད་ཞིབ་པ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ནིའུ་ཡོག་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་གཉིས་མགྲོན་འབོད་ཀྱིས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ཚན་པས་བཏོན་པའི་བོད་སྐོར་གྱི་ཡིག་ཆ་དཀར་པོ་དང་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་པིན་གྱིས་ལྷ་སར་གཏམ་བཤད་བྱས་པའི་ནང་དོན་སྐོར་བགྲོ་གླེང་བྱས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 25-06-2011

དུས་འཁོད་དབང་གྱི་ཆོས་ཕྱོགས་གྲ་སྒྲིག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ་དཔར་རིས་ཀྱི་ལམ་ནས་༧གོང་ས་མཆོག་གི་མཛད་རྣམ་དཔར་དེབ་ཅིག་འགྲེམས་སྤེལ་གནང་འཆར་ཡོད་པའི་སྐོར་ དེའི་ཐད་ཕྱག་ལས་གཙོ་བོ་གནང་མཁན་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 18-06-2011

སྤྱི་འཐུས་ལས་རྒྱུན་གཉིས་ཀྱི་ཉམས་མྱོང་དང་སློབ་གསོ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བྱང་ཨ་རིའི་སྤྱི་ཟུར་བསྟན་འཛིན་ཆོས་ལྡན་ལགས་གདན་འདྲེན་ཞུས་ནས་ལོ་བཅུའི་རིང་སྤྱི་འཐུས་ལས་རྒྱུན་གཉིས་གནང་རྒྱུན་གྱི་ཉམས་མྱོང་དང་སློབ་གསོ་ཇི་བྱུང་གི་སྐོར་གླེང་མོལ་ཞུས་པ་དེ་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 12-06-2011

ས་ག་ཟླ་བའི་ངོ་སྤྲོད།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་རྒྱལ་བ་ཀརྨ་པའི་མཚན་ཞབས་དགེ་བཤེས་རིན་ཆེན་དངོས་གྲུབ་ལ་མགྲོན་འབོད་ཀྱིས་ས་ག་ཟླ་བའི་དུས་ཆེན་གྱི་ཁྱད་འཕགས་དང་། གནས་བརྟན་སྡེ་པ་དང་བོད་ལུགས་ནང་བསྟན་གཉིས་ལ་ས་ག་ཟླ་བ་དུས་ཚོད་མི་འདྲ་བར་རྩིས་སྲོལ་གྱི་རྒྱུ་མཚན་སོགས་ཀྱི་སྐོར་གླེང་མོལ་ཞུ་རྒྱུ་ཡིན།

རྒྱང་སྲིང་གི་དུས་ཚོད། 04-06-2011

སྤྱི་འཐུས་ཚོགས་གཞོན་དང་གླེང་མོལ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ཉེ་དུས་གསར་འདེམས་བྱུང་བ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གདན་འདྲེན་ཞུས་ནས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་ལས་འགན་དང་གདོང་ལེན་གནང་དགོས་པའི་གནད་དོན་གང་ཡོད་བཅས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 29-05-2011

བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་ཨ་རི་དང་ཁེ་ནེ་ཌའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་གཉིས་མགྲོན་འབོད་ཞུས་ཏེ། བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབསབ་གནང་ཕྱོགས་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 14-05-2011

བཅའ་ཁྲིམས་སྔོན་གླེང་དང་དོན་ཚན་དང་པོ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ཨ་རིའི་གྲོང་ཁྱེར་སྱི་ཊལ་ནས་བཀྲིས་རྣམ་རྒྱལ་ལགས་དང་བཞུགས་སྒར་དྷ་རམ་ས་ལ་ནས་བསྟན་འཛིན་བརྩོན་གྲུས་ལགས་གཉིས་མགྲོན་འབོད་ཀྱིས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་སྡོན་གླེང་དང་དོན་ཚན་དང་པོ་གསར་འཇུག་གནང་རྒྱུར་རྒྱབ་སྐྱོར་གནང་བ་དང་གཞུང་གི་མིང་ལ་བསྒྱུར་བ་གཏོང་རྒྱུ་སོགས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 07-05-2011

༧གོང་ས་མཆོག་གི་བཀའ་སློབ་ཟུར་འདོན།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ནི་སོ་ཊ་ཁུལ་གནས་འཁོད་བོད་མི་ཚོར་བཀའ་སློབ་བསྩལ་པ་ནས་ཟུར་འདོན་ཞུས་པ་ཞིག་སྙན་སྒྲོན་ཞུ་གི་ཡིན།

རྒྱང་སྲིང་གི་དུས་ཚོད། 30-04-2011

འོས་བསྡུའི་གྲུབ་འབྲས་ལ་དཔྱད་ཞིབ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་གྱི་གསར་འགོད་པ་བགྲེས་པོ་བཀྲ་ཤིས་དབང་ཕྱུག་ལགས་དང་བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་ལས་རོགས་ཆོས་ཉིད་དབང་ཕྱུག་ལགས་གཉིས་མགྲོན་འབོད་ཀྱིས་བཀའ་སྤྱི་འོས་བསྡུའི་གྲུབ་འབྲས་ལ་དཔྱད་ཞིབ་དང་འབྲེལ་བའི་གླེངམོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 23-04-2011

དགའ་ལྡན་ཕོ་བྲང་པའི་སྲི་ཞུ་ལས་བྱེད།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བཙན་བྱོལ་བོད་གཞུང་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་དབྱངས་སྐྱིད་གཉིས་མགྲོན་འབོད་ཀྱིས་སྲི་ཞུ་ལས་བྱེད་ཚོས་བརྟན་བཞུགས་འདེགས་འབུལ་ཞུས་པ་དང་རྗེས་འབྲེལ་བཀའ་སློབ་ཕེབས་པའི་འབྲུ་དོན་ལག་བསྟར་གནང་ཕྱོགས་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 16-04-2011

ཡེ་རྡོར་ཟེར་བའི་རྩོམ་ཡིག་ལ་དཔྱད་པ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ནིའུ་ཡོག་གྲོང་ཁྱེར་ནང་བཞུགས་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུས་འགན་འཛིན་ཀུན་དགའ་བཀྲིས་ལགས་མགྲོན་འབོད་ཀྱིས་ཉེ་དུས་ཡེ་རྡོར་ཟེར་བའི་མིང་ཅན་གྱིས་རྒྱ་ཡིག་ཐོག་རྩོམ་ཡིག་ཅིག་བྲིས་ཏེ། ༸གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་བའི་ཐག་གཅོད་ཐོག་ཟུར་ཟའི་འགྲེལ་བརྗོད་བྱས་པའི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 09-04-2011

བཅའ་ཁྲིམས་སྒྲོམ་གཞི་གསར་པ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ཁེལ་ཕྷོར་ནྱི་མཐོ་རིམ་སློབ་གྲ་ཆེ་མོའི་སློབ་དཔོན་ངག་དབང་ཕུན་ཚོགས་ལགས་དང་ཡུ་རོབ་སྤྱི་འཐུས་བསོད་ནམས་ཕྷར་སི་ལགས་གཉིས་མགྲོན་འབོད་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲིད་ཟིན་རྗེས་བཙན་བྱོལ་བོད་མིའི་སྒྲོམ་གཞི་གང་འདྲ་ཞིག་དགོས་ཀྱི་རེད་ཅེས་པའི་ཐོག་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 02-04-2011

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅིུག་པ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པར་༧གོང་ས་མཆོག་གི་གསུང་འཕྲིན་ལ་བགྲོ་གླེང་དང་དེའི་ཉམས་མྱོང། ཚོར་སྣང་བཅས་ཀྱི་ཐད་སྤྱི་འཐུས་ཀརྨ་ཡི་ཤེས་ལགས་ལ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 26-02-2011

ཡུ་རོབ་ཀྱི་སྤྱི་འཐུས་འོས་མི་དང་གླེང་མོལ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ཡུ་རོབ་ནང་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་བཀྲས་མཐོང་དབང་པོ་ལགས་དང་། བསམ་མདོ་བྱམས་པ་ཚེ་རིང་ལགས། སྨོན་མཁར་བསོད་ནམས་ཕུན་ཚོགས་ལགས་བཅས་གདན་འདྲེན་ཞུས་ནས་སྤྱི་འཐུས་འོས་མིར་བཞེངས་པའི་དམིགས་དོན་དང་ལས་འཆར་སྐོར་གླེང་མོལ་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 19-02-2011

ཡུ་རོབ་ཀྱི་སྤྱི་འཐུས་འོས་མི་དང་གླེང་མོལ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ཡུ་རོབ་ནས་བོད་མི་མང་སྤྱི་འཐུས་འོས་མི་ཐུབ་བསྟན་དབང་ཆེན་ལགས་དང་ཆུང་བདག་ཀོ་རེན་ལགས་གཉིས་མགྲོན་འབོད་ཀྱིས་སྤྱི་འཐུས་འོས་མིར་ལངས་པའི་དགོས་དོན་དང་ལས་འཆར་སོགས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 07-02-2011

བྱང་ཨ་རིའི་སྤྱི་འཐུས་འོས་མི་གསུམ་དང་གླེང་མོལ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་འོས་མི་ནོར་བུ་ཚེ་རིང་ལགས་དང་ཀུན་དགའ་འཕྲིན་ལས་ལགས། དྭང་བླང་འོས་མི་བདེ་སྐྱིད་ཆོས་དབྱངས་ལགས་བཅས་གདན་འདྲེན་ཞུས་ནས་སྤྱི་འཐུས་ལ་བཞེངས་རྒྱུའི་འདུན་པ་དང་ལས་རིམ་འཆར་གཞི་སོགས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 01-02-2011

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲུབ་ཆའི་སྐོར་བགྲོ་གླེང་།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲིས་དབང་ཕྱུག་ལགས་དང་བོད་ཀྱི་གཞོན་ནུའི་ཚོགས་གཙོ་གཞོན་པ་དོན་འགྲུབ་ལྷ་དར་ལགས་གཉིས་གདན་འདྲེན་ཞུས་ནས་སྤྱི་ཁྱབ་འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་གནང་བའི་ཐོ་གཞུང་ལ་གཞིགས་ཏེ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲུབ་ཆའི་ཐོག་ཚོད་དཔག་གང་འདྲ་བྱེད་ཆོག་པའི་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 22-01-2011

ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་དང་བོད་ཀྱི་གནད་དོན་སྐོར།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་རྒྱ་ནག་གི་དཔལ་འབྱོར་དབྱེ་ཞིབ་པ་ཚེ་དབང་རྣམ་རྒྱལ་ལགས་གཉིས་མགྲོན་འབོད་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཨ་རིར་རྒྱལ་དོན་འཚམས་གཟིགས་ལ་འབྱོར་བའི་གནས་ཚུལ་ལ་དཔྱད་ཞིབ་དང་ཨ་རི་དང་རྒྱ་ནག་གི་འབྲེལ་བས་བོད་དོན་ལ་ཤུགས་རྐྱེན་ཇི་ཡོང་བཅས་ཀྱི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 08-01-2011

མཐོ་སློབ་བསྐྱོད་བཞིན་པའི་བོད་ཕྲུག་ཚོས་བཀའ་ཁྲིའི་འོས་བསྡུར་འགན་འཁུར།

བགྲེ་གླེང་མདུན་ལྕོག་ལས་རིམ་གྱིས་ཅནྜི་གྷར་མཐོ་རིམ་སློབ་གྲའི་སློབ་མ་དགེ་འདུན་འཇམ་དབྱངས་ལགས་དང་ས་ར་བོད་ཀྱི་མཐོ་སློབ་ཀྱི་སློབ་མ་སྦྱིན་པ་རྒྱ་མཚོ་གཉིས་མགྲོན་འབོད་ཀྱིས་མཐོ་སློབ་ལ་བསྐྱོད་བཞིན་པ་ཚོས་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་བསྡུར་འགན་འཁུར་དང་དོ་སྣང་གནང་སྟངས་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 25-12-2010

༢༠༡༠ ལོར་བོད་ནང་གནས་སྟངས་ལ་དཔྱད་ཞིབ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བོད་གནས་དབྱེ་ཞིབ་པ་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་གཉིས་མགྲོན་འབོད་ཀྱིས་ ༢༠༡༠ ལོར་བོད་ནང་གི་གནས་སྟངས་ལ་སྐྱར་ཞིབ་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 11-12-2010

སྨོན་ལམ་བོད་ཡིག་མཉན་ཆས་བཟོ་འགོད་ཀྱི་འཕེལ་རིམ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་སྨོན་ལམ་བོད་ཡིག་མཉན་ཆས་བཟོ་འགོད་གནང་མཁན་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་དང་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 06-12-2010

ཆོས་དགེའི་གཟབ་སྦྱོང་།

བགྲོ་གླེང་མདུན་ལྕོག་གིས་དྷ་རམ་ས་ལ་བོད་ཕྲུག་ཁྱིམ་སྡེའི་ཆོས་དགེ་དགེ་བཤེས་ཐུབ་བསྟན་ཀུན་མཁྱེན་ལགས་དང་། ཧ་བྷརྜ་པུར་བོད་གཞུང་ཤེས་རིག་གཏན་འཇགས་སློབ་གྲའི་ཆོས་དགེ་དགེ་བཤེས་བློ་ལྡན་ལགས་གཉིས་མགྲོན་འབོད་ཀྱིས་ཆོས་དགེའི་གཟབ་སྦྱོང་དང་ཆོས་དགེའི་ལས་འགན་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 27-11-2010

སྤྱི་འཐུས་ལས་ཐོག་གསུམ་ཆ་གཉིས་ཙམ་སྐྱར་དུ་འོས་འདེམས་བྱེད་སྲིད་པ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀུ་པི་ནས་བོད་ཀྱི་བང་ཆེན་གསར་འགོད་པ་བསོད་ནམས་ཚེ་རིང་ལགས་མགྲོན་འབོད་ཀྱིས་ད་ཡོད་བོད་མི་མང་སྤྱི་འཐུས་ལས་ཐོག་པའི་ཁོངས་ནས་གསུམ་ཆ་གཉིས་ལྷག་སླར་ཡང་འོས་འདེམས་བྱེད་སྲིད་པའི་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 15-11-2010

སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་དཔྱད་པ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་དང་མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླང་གི་བསྟན་འཛིན་ཤེས་རབ་གཉིས་མགྲོན་འབོད་ཀྱིས་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་དཔྱད་ཞིབ་དང་འབྲེལ་བགྲོ་གླེང་ཞུས་པ་ཞིག་གསན་གནང་རོགས།

རྒྱང་སྲིང་གི་དུས་ཚོད། 23-10-2010

ཀྲོ་རོན་ཀྲོའི་བོད་མི་ཚོར་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་པ།

རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེར་གནས་འཁོད་བོད་མི་ཚོར་བཀའ་སློབ་བསྩལ་གནང་མཛད་པ་དེ་ལས་རིམ་གསན་མཁན་རྣམས་ཀྱིས་མཁྱེན་རྟོགས་ཡོང་ཆེད་བགྲོ་གླེང་མདུན་ལྕོག་ལས་རིམ་སྙན་སྒྲོན་ཞུ་གི་ཡིན།

རྒྱང་སྲིང་གི་དུས་ཚོད། 16-10-2010

སན་ཧོ་སེའི་ནང་བོད་མི་ཚོར་བཀའ་སློབ་ཟུར་འདོན།

རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོང་ཁྱེར་སན་ཧོ་སེའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེར་གནས་འཁོད་བོད་མི་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་པ་ནས་གསན་མཁན་རྣམ་པ་ཚོས་མཁྱེན་རྟོགས་ཆེད་བགྲེ་གླེང་མདུན་ལྕོག་ལས་རིམ་གྱིས་ཟུར་འདོན་གྱིས་སྙན་སྒྲོན་ཞུ་གི་ཡིན།

རྒྱང་སྲིང་གི་དུས་ཚོད། 03-10-2010

སྔོན་འགྲོའི་འོས་བསྡུར་མཉམ་ཞུགས་གནང་མཁན་ཚད་མཐོ་བོ་བྱུང་བ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བཞུགས་སྒར་དྷ་རམ་ས་ལ་ནས་ཝི་ཨོ་ཨེ་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་མིག་དམར་ལགས་དང་༌། བལ་ཡུལ་ནས་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་དགའ་ལྡན་བཀྲིས་ལགས། བྷེ་ལ་ཀུ་པི་ནང་བོད་ཀྱི་བང་ཆེན་གསར་འགོད་པ་བསོད་ནམས་ཚེ་རིང་ལགས་བཅས་མགྲོན་འབོད་ཀྱིས་བཙན་བྱོལ་བོད་མི་ཚོས་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་འོས་བསྡུར་མཉམ་ཞུགས་གནང་བའི་སྐོར་བགྲོ་གླེང་ཞུས་པ་དེ་གསན་རོགས་གནང་

རྒྱང་སྲིང་གི་དུས་ཚོད། 25-09-2010

བཙན་བྱོལ་བོད་མི་ཚོ་སྔོན་གྲོའི་འོས་བསྡུར་གྲ་སྒྲིག་ཡིན་ནམ།

བགྲོ་གླེང་མདུན་ལྕོག་གིས་མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླང་ཞེས་པའི་ཚོགས་མི་བསྟན་འཛིན་བརྩོན་འགྲུས་ལགས་གདན་འདྲེན་ཞུས་ནས་བོད་མི་མང་སྤྱི་འཐུས་འོས་མི་འདོན་ཕྱོགས་དང་བོད་མི་ཚོ་སྔོན་གྲོའི་འོས་བསྡུར་མཉམ་ཞུགས་བྱ་རྒྱུར་གྲ་སྒྲིག་ཡོད་མེད་བཅས་ཀྱི་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང༌།

རྒྱང་སྲིང་གི་དུས་ཚོད། 11-09-2010

བོད་ཀྱི་བང་ཆེན་གསར་ཤོག་གི་གླེང་བརྗོད་ལ་བགྲོ་གླེང༌།

བགྲོ་གླེང་མདུན་ཅོག་གིས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སེ་ར་ཐེག་ཆེན་གླིང་གི་ཤིང་ས་རིན་པོ་ཆེ་དང་། དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཚོགས་གཙོ་གཞོན་པ་ཁྱུ་གསར་དངོས་གྲུབ་དཔལ་ལྡན། བོད་ཀྱི་བང་ཆེན་གསར་ཤོག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་རྣམས་མགྲོན་འབོད་ཀྱིས་བང་ཆེན་གསར་ཤོག་གི་གླེང་བརྗོད་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང༌།

རྒྱང་སྲིང་གི་དུས་ཚོད། 04-09-2010

བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་གྱི་རྒྱབ་གཉེར་ཡིག་ཆ།

བགྲོ་གླེང་མདུན་ལྕོག་གིས་དགེ་བཤེས་རྡོ་རྗེ་ལགས་དང་ཨོ་རི་ས་ཕུན་ཚོགས་བོད་མིའི་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཞོན་བསོད་ནམས་དཔལ་མོ་ལགས་གཉིས་མགྲོན་འབོད་ཀྱིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་རྒྱབ་གཉེར་ཡིག་ཆ་དང༌། ཚོགས་ཆེན་དེར་ཉམས་ཞུགས་གནང་བའི་རང་གི་ཉམས་མྱོང་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང༌།

རྒྱང་སྲིང་གི་དུས་ཚོད། 07-08-2010

འོས་བསྡུའི་ལས་རིམ་ལ་མང་ཚོགས་ཀྱི་དོ་སྣང༌།

བགྲོ་གླེང་མདུན་ལྕོག་གིས་བཞུགས་སྒར་དྷ་རམ་ས་ལ་ནས་མང་གཙོ་གོང་འཕེལ་ཆེད་ན་གཞོན་དང་བླང་ཞེས་པའི་ཚོགས་མི་བསྟན་འཛིན་ཤེས་རབ་ལགས་དང་ཝ་ཤིན་ཌན་མངའ་སྡེའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཟུར་བཀྲིས་རྣམ་རྒྱལ་ལགས་གཉིས་མགྲོན་འབོད་ཀྱིས་ད་ལྟ་འགྲོ་བཞིན་འོས་བསྡུའི་ལས་རིམ་ལ་བོད་མི་ཚོས་དོ་སྣང་གནང་ཕྱོགས་སྐོར་བགྲོ་གླེང་གནང་བ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 17-07-2010

བཀའ་བློན་ཁྲི་པའི་ཚོད་ལྟའི་འོས་བསྡུ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་བོད་ཀྱི་བེུད་ཚོགས་པའི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ལ་བཀའ་བློན་ཁྲི་པའི་ཚོད་ལྟའི་འོས་བསྡུའི་ལས་རིམ་ཞིག་གནང་ཡོད་པ་དེའི་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།