blank

VOA ངོ་སྤྲོད། | ང་ཚོར་འབྲེལ་བ་གནང་ཡུལ།

འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།

འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེ་ཞེས་པ་འདི་ག་རླུང་འཕྲིན་ཁང་གི་བདུན་རེའི་འཕྲོད་བསྟེན་གྱི་ཤེས་བྱའི་ལེ་ཚན་འདིའི་ནང༌། འབྲེལ་ཡོད་ཤེས་ལྡན་མི་སྣར་གནས་འདྲི་དང་ཁུངས་ལྡན་ཞིབ་འཇུག་ཡིག་ཆ་གཞི་ལ་བཞག་ནས། བོད་ཀྱི་སྤྱི་ཚོགས་ནང་འཕྲོད་བསྟེན་གྱི་གོམས་གཤིས་ཡར་རྒྱས་གཏོང་བར་ཁ་ཚ་དགོས་གཏུགས་ཀྱི་ཕན་ནུས་ཡོད་པའི་གནས་ཚུལ་ཁག་རྒྱང་སྲིང་ཞུ་གི་ཡོད། ལེ་ཚན་འདིའི་ནང་ཟས་བཅུད་ཀྱི་སྐོར་དང༌། ལུས་རྩལ། སྤྱོད་མི་ཉན་པའི་ཟས་སྤྱོད། རྒྱུན་ཅན་གྱི་ནད་རིགས། དེ་བཞིན་བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་སོགས། དེང་དུས་འཛམ་གླིང་ཐོག་དོ་སྣང་ཆེན་པོ་བྱེད་དགོས་པའི་འཕྲོད་བསྟེན་གྱི་གནད་དོན་ཁག་ཚུད་ཡོད། ང་ཚོའི་རླུང་འཕྲིན་ཉན་མཁན་རྣམས་ཀྱིས་ཀྱང༌། སོ་སོའི་སྤྱོད་ལམ་ཐོག་བླང་འདོར་མ་འཛོལ་བ་བྱས་ཏེ་རང་གི་སྤྱི་ཚོགས་དེ་དེང་དུས་འཛམ་གླིང་སྤྱིའི་འཕྲོད་བསྟེན་གྱི་བྱ་གཞག་ནང་རྗེས་སུ་མི་ལུས་བར་བྱེད་པའི་འབད་བརྩོན་གནང་རྒྱུའི་རེ་སྐུལ་ཞུ་གི་ཡོད། 


 

རྒྱང་སྲིང་གི་དུས་ཚོད། 06-12-2011

ཡིད་ལ་བྱེད་པ་དང་བྱེད་ལས་ཅན་གྱི་དྲན་པ།

ཡིད་ལ་བྱེད་པ་དང་བྱེད་ལས་ཅན་གྱི་དྲན་པ་ཞེས་འབོད་པའི་སེམས་ཁམས་རིག་པའི་ཐ་སྙད་འདི་དག་མི་ཕལ་པས་ནམ་རྒྱུན་ཤེས་རྟོགས་ཡོད་པ་ཞིག་མིན་ན་ཡང་། འདི་དག་གི་བྱེད་ལས་ནི་ཤེས་བྱ་སྦྱོང་བར་མེད་ཐབ་མེད་པ་ཞིག་རེད། ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་། བོད་སྨན་སྨན་པ་དང་སེམས་ཁམས་རིག་པའི་མཁས་པ་བློ་བཟང་རབ་རྒྱས་ལགས་ཀྱིས་ཀླད་པའི་བྱེད་ལས་ཀྱི་ནུས་པ་དེ་གཉིས་སྐོར་འགྲེལ་བརྗོད་བྱས་དོན།

རྒྱང་སྲིང་གི་དུས་ཚོད། 15-11-2011

མགྱོག་ཟས་ཐུག་པ།

ཕོར་ཐུག་ཞེས་འབོད་པའི་ཤོག་ཆག་བརྒྱབ་པའི་མགྱོག་ཟས་ཐུག་པ་དེ་ནི་མིའི་འཕྲོད་བསྟེན་ལ་གནོད་ཚབས་ཆེ་བའི་ཟས་ཞིག་ཡིན་པའི་གནས་ཚུལ་ཐོན་དང་ཐོན་མུས་ཡིན་པར་བརྟེན། ཐེངས་འདིའི་ལེ་ཚན་ནང་ཟས་བཅུད་ཀྱིས་ཕོངས་པ་དང་རྫས་སྦྱོར་གྱིས་ཕྱུག་པའི་ཐུག་པ་ཕོར་ཐུག་གིས་ཇི་ལྟར་བྱེད་ནས་མིའི་འཕྲོད་བསྟེན་ལ་གནོད་འཚེ་བྱེད་ཀྱི་ཡོད་པའི་སྐོར་སྙན་སྒྲོན་ཞུ་གི་ཡོད།

རྒྱང་སྲིང་གི་དུས་ཚོད། 25-10-2011

སྙིང་གི་ཁྲག་རྩ་རྡོལ་བའི་ཉེན་ཁའི་སྔོན་བརྡ།

ཐེངས་འདིའི་ང་ཚོའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་།་་སྙིང་གི་ཁྲག་རྩ་རྡོལ་བའི་ཉེན་ཁ་ཡོང་སྐབས་སྔོན་ནས་དོ་སྣང་བྱེད་དགོས་པའི་སྔོན་བརྡ་དང་ནད་རྟགས་ག་རེ་ཡོད་པ་དང་། རྒྱུན་དུ་ཟས་དང་སྤྱོད་ལམ་གྱི་བརྒྱུད་ནས་སྙིང་ལ་འཕྲོད་བསྟེན་བྱེད་ཕྱོགས་སོགས་ཀྱི་སྐོར།

རྒྱང་སྲིང་གི་དུས་ཚོད། 28-09-2011

བྱེ་མ་ཀ་ར་སོགས་མངར་ཆའི་རིགས།

བྱེ་མ་ཀ་ར་སོགས་མངར་ཆའི་རིགས་ཀྱིས་འཕྲོད་བསྟེན་ལ་གནོད་འཚེ་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་ལ་ལེ་ཚན་འདིའི་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 22-09-2011

ག་རེ་ལ་བཙན་གཡེམ་ཟེར་གྱི་ཡོད་དམ།

བཙན་གཡེམ་ཟེར་བ་དེར་ནང་དོན་མི་འདྲ་བ་ཡོད་པའི་སྐོར་དང་། བཙན་གཡེམ་ཕོག་པའི་མི་ལ་དྲག་སྐྱེད་དཀའ་བའི་ལུས་སེམས་གཉིས་ཐོག་གི་དཀའ་ངལ་ཡོད་པའི་སྐོར། བཙན་གཡེམ་ནི་རྒྱལ་སྤྱིའི་ཐོག་ཁྲིམས་འགལ་གྱི་བྱ་བ་ཚབས་ཆེན་ཞིག་ཡིན་པ་མ་ཟད། རྒྱ་ནག་གི་ཁྲིམས་ལུགས་ནང་ཉེས་ཆད་ཇི་ལྟར་གཏོང་གི་ཡོད་པ་སོགས་ཀྱི་སྐོར་ལ་ལེ་ཚན་འདིའི་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 03-08-2011

མིག་སྐྱ་སྒྲིབ་ཀྱི་ན་ཚ།

ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་། བོད་མཐོ་སྒང་གི་མི་རྣམས་ལ་དཀའ་ངལ་དམིགས་བསལ་གྱི་ཆེ་བ་ཡོད་པའི་མིག་སྐྱ་སྒྲིབ་ཀྱི་ན་ཚའི་སྐོར་ལེ་ཚན་འདི་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྨན་པ་གཡང་འབུམ་རྒྱལ་ལགས་ལ་གནས་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 29-06-2011

ཆུ་འཐུང་བའི་ཕན་ཡོན་སྐོར།

ས་གོ་ལའི་བརྒྱ་ཆ་བདུན་ཅུ་ཆུ་ལས་གྲུབ་པ་དང་། མིའི་གཟུགས་པོའི་གྲུབ་ཆའི་བརྒྱ་ཆ་དྲུག་བཅུ་ནས་བདུན་ཅུ་བར་ཆུ་ཡིན་པར་བརྟེན། ཆུ་འཐུང་རྒྱུ་དེ་འཕྲོད་བསྟེན་ལ་གལ་ཆེན་པོ་ཇི་ལྟར་ཡིན་པ་ཤེས་ཐུབ་པ་ཞིག་རེད། ལེ་ཚན་འདིའི་ནང་། འཕྲོད་བསྟེན་གྱི་ཤེས་བྱའི་ཡིག་ཆ་ཁག་ནང་འཕྲོད་བསྟེན་ཡག་པོ་ཡོང་བར་བྱེད་པར་ཆུ་འདང་ངེས་འཐུང་རྒྱུ་གལ་ཆེན་པོ་ཇི་འདྲ་ཡིན་པའི་སྐོར་འཁོད་པ་ལས་ཕྱོགས་བསྒྲིགས་ཞུས་པ་ཡིན།

རྒྱང་སྲིང་གི་དུས་ཚོད། 27-05-2011

ཁོར་ཡུག་དང་མིའི་འཕྲོད་བསྟེན་གྱི་འབྲེལ་བ།

རི་ཆུ་ཀླུང་གསུམ་དང་ནགས་ཚལ་སོགས་རང་བྱུང་ཁམས་ལ་འབྲེལ་འདྲིས་ཅི་ཙམ་ཆེ་བ་དེ་ཙམ་གྱིས་མིའི་ལུས་སེམས་ཀྱི་འཕྲོད་བསྟེན་བཟང་དུ་འགྲོ་བ་དེ་ནི། མི་རྣམས་ཀྱིས་རང་གི་འཚོ་བའི་སྲོལ་རྒྱུན་བརྒྱུད་ནས་ཤེས་རྟོགས་ཐུབ་པ་མ་ཟད། དེང་སྐབས་ཉམས་ཞིབ་པ་ཚོས་ཀྱང་ངེས་ཤེས་རྙེད་ཡོད་པ་གནས་ཚུལ་ཐོན་ཡོད་ཅིང་། ཐེངས་འདིའི་ང་ཚོའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་དུ་ཝ་ར་ན་སའི་གཙུག་ལག་སློབ་གྲྭའི་སྨན་རྩིས་སྡེ་ཚན་གྱི་དགེ་རྒན་ཆེན་མོ་རག་རྡོ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་གྱིས་བོད་ཀྱི་ཤེས་རིག་གི་ལམ་ནས་དེའི་སྐོར་ལ་ངོས་འཛིན་བྱེད་ཕྱོགས་འགྲེལ་བརྗོད་གནང་བ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 11-05-2011

གློ་ནད་ཨཟི་མཱ།

གློ་བའི་ན་ཚ་དབྱིན་ཇིའི་སྐད་ནང་Asthma ཞེས་པ་དང་བོད་ཀྱི་སྨན་གཞུང་ནང་དབུགས་མི་བདེ་ཞེས་པའི་སྐོར་ལ་བོད་ཀྱི་གསོ་བ་རིག་པའི་མཁས་དབང་རག་རྡོ་བློ་བཟང་བསྟན་འཛིན་ལགས་ལ་ལེ་ཚན་འདིའི་གཙོ་བ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་གནས་འདྲི་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 22-02-2011

འཕྲོད་བསྟན་དང་ལྡན་པའི་ལུས་ཀྱི་ལྗིདཚད།

ཇི་ལྟར་བྱས་ནས་འཕྲོད་བསྟེན་ལ་མི་གནོད་པའི་ཐོག་ནས་ལུས་ཀྱི་ལྗིད་ཚད་དམའ་རུ་གཏོང་དགོས་པའི་སྐོར་དང་། ནུབ་ཕྱོགས་ཀྱི་ཟས་དར་སོ་ཆེ་རུ་འགྲོ་བའི་ཡུལ་གྲུ་ཁག་ནང་ནད་ཚེལ་གསོག་པའི་དཀའ་ངལ་ཆེ་རུ་འགྲོ་བཞིན་པའི་སྐོར།

རྒྱང་སྲིང་གི་དུས་ཚོད། 09-02-2011

མ་ཡི་ནུ་འོའི་ཕན་ཡོན།

མ་ཡི་ནུ་ཞོ་ལ་ཕྲུ་གུར་ནད་ཚིལ་མི་གསོག་པ་དང་། ན་ཚ་མང་པོ་སྔོན་འགོག་བྱེད་ཐུབ་པའི་ནུས་པ་ཡོད་མ་ཟད། ནུ་འོ་བསྟེར་བའི་རྐྱེན་གྱིས་མ་ཡི་འཕྲོད་བསྟེན་ལ་ཡང་ཕན་གྱི་ཡོད་པའི་སྐོར། འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཨ་མི་རི་ཁའི་འབྲེལ་ཡོད་ཚོགས་སྡེ་ཁག་གིས་སྤེལ་བའི་ཞིབ་མཇུག་སྙན་ཐོ་ལས་ཕྱོགས་བསྒྲིགས་བྱས་དོན།

རྒྱང་སྲིང་གི་དུས་ཚོད། 10-11-2010

སོ་ཁྲུ་སྟངས

ཁ་ནི་ལུས་ཀྱི་འཕྲོད་བསྟེན་གྱི་སྒེའུ་ཁུང་ཡིན་ཞེས་ཤོད་སྲོལ་ཡོད་པ་ལྟར། རྐན་དང་སོ་ལ་ཡོད་པའི་ན་ཚ་ཡིས་སྙིང་དང་ཁྲག་རྩའི་ན་ཚ་སོགས་ལུས་ཀྱི་ན་ཚ་གཞན་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཐེངས་འདིའི་ལེ་ཚན་ནང་སོ་གཙང་མ་ཡང་དག་པ་བཟོ་ཆེད། སོ་ཁྲུས་རྒྱག་སྟངས་དང་སོ་སྐུད་ཀྱིས་སོའི་བར་གཙང་མ་བཟོ་སྟངས་སྐོར་ལ་ངོ་སྤྲོད་ཞུ་གི་ཡོད།

རྒྱང་སྲིང་གི་དུས་ཚོད། 24-11-2010

ཅི་འདྲ་བྱས་ནས་ཕྲུ་གུ་ལ་སྐད་ཆ་ཤོད་དགོས་སམ།

ཕྲུ་གུའི་བསམ་བློ་ཡར་རྒྱས་དང་ཕྲུ་གུ་དེ་སྤྱི་ཚོགས་ནང་དུ་སྤྱོད་བཟང་ཅན་གྱི་མི་ཞིག་ཏུ་འཚར་ལོངས་ཡོང་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ནི་ཕ་མ་རྣམས་ཀྱིས་ཕྲུ་གུར་སྐད་ཆ་ཤོད་སྟངས་མ་ནོར་བ་བྱེད་རྒྱུ་དེར་གཟབ་ནན་བྱེད་ཡོད་པ་ཞིག་རེད། ལེ་ཚན་འདིའི་ནང་ལ་ཕ་མ་ཚོས་ཕྲུ་གུར་སྐད་ཆ་ཤོད་སྟངས་སྐོར་སྙན་སྒྲོན་ཞུ་རྒྱུ་ཡིན།།

རྒྱང་སྲིང་གི་དུས་ཚོད། 27-10-2010

ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་ནང་།

རུས་པ་དང་ཚིགས་གཞིའི་ན་ཚ་སྤྱི་དང་ལྷག་པར་དུ་ ཉེ་ཆར་རྒྱ་ནག་གཞུང་གཉེར་གསར་འགྱུར་གྱིས་གནས་ཚུལ་སྤེལ་བའི་བོད་ཀྱི་ཆབ་མདོ་ས་ཁུལ་དུ་ཁྱབ་བརྡལ་སོང་བའི་རུས་པའི་འགོས་ནད་ཀྱི་སྐོར་ལ་ལེ་ཚན་འདི་བཟོ་མཁན་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་མཁན་དབང་རག་རྡོ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས་ལ་བཀའ་འདྲི་ཞུས་པའི་སྐོར།

རྒྱང་སྲིང་གི་དུས་ཚོད། 01-12-2010

སེམས་དངངས་སྐྲག་དང་སྲོག་རླུང་གི་ནད་སྐྱོན་སྔོན་འགོག་བྱེད་ཐབས།

ཐེངས་འདིའི་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེ་ཞེས་པའི་ལེ་ཚན་ནང་། བློ་ཚབ་ཚུབ་ཅན་དང་སྲོག་རླུང་གི་ནད་གཞིར་དོ་སྣང ་བྱེད་དགོས་པའི་གནད་དོན་ཁག་ངོ་སྤྲོད་དང་། དེར་བཅོས་ལམ་གྱི་ཐབས་ཤེས་ཇི་འདྲ་ཡོད་པའི་སྐོར་ལ་ སེམས་ཁམས་རིག་པའི་སྨན་པ་བློ་བཟང་རབ་རྒྱས་ལགས་དང་བཀའ་མོལ་ཞུས་པ།

རྒྱང་སྲིང་གི་དུས་ཚོད། 08-12-2010

འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེ་

དགུན་དུས་གནམ་གཤིས་གྲང་ངར་ཆེ་བའི་སྐབས་སུ་གཟུགས་པོའི་ནང་དྲོད་ཤོར་བའི་ཉེན་ཁ་སོགས་ཀྱི་སྐོར་དང་། སྙིང་ནད་ཡོད་མཁན་ཚོར་ལྷག་པར་དུ་ཉིན་ཁ་ཡོད་པའི་སྐོར་ལ་ཨ་མི་རི་ཁའི་དབུས་ནད་ཡམས་སྔོན་འགོག་ལས་ཁུངས་སོགས་ཀྱིས་སྤེལ་བའི་གནས་ཚུལ་ལས་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 12-01-2011

ལྕེན་ནེའི་ན་ཚ་དང་མིའི་གོམས་གཤིས་ཀྱི་འབྲེལ་བ།

ལྕེན་ནེའི་ན་ཚ་དང་མིའི་གོམས་གཤིས་ཀྱི་འབྲེལ་བ། ལྕེན་ནེའི་ན་ཚའི་སྐོར་གྱི་གནས་ཚུལ་གསར་པ་དང་དེ་བཞིན་ན་ཚ་དེ་དང་ཟས་སྤྱོད་ཀྱི་འབྲེལ་བ་ཤུགས་ཆེན་ཡོད་པར་བརྟེན་ རང་གི་སྤྱོད་ལམ་གྱི་བརྒྱུད་ནས་བྱེད་དགོས་པའི་གནས་ཚུལ་ཁག་གཅིག་གི་སྐོར་འཕྲོད་བསྟེན་གྱི་གོམས་གཤིས་དང་དོན་ལྡན་གྱི་མི་ཚེའི་ལེ་ཚན་གྱིས ་འཇར་མིན་ནིར་བཞུགས་པའི་ནུབ་ཕྱོགས་པའི་སྨན་པ་རྒན་པ་སྐུ་ཞབས་རྟ་བོ་བློ་བཟང་དཔལ་ལྡན་ལགས་ལ་དྲི་བ་དྲིས་ནས་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་གནང་གི་རེད།