blank

VOA ངོ་སྤྲོད། | ང་ཚོར་འབྲེལ་བ་གནང་ཡུལ།

ཕ་ཡུལ་གླེང་སྟེགས།

རྒྱང་སྲིང་གི་དུས་ཚོད། 23-01-2012

སྤྲུལ་སྐུ་བསོད་བྷའི་མཛད་རྣམ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་མདོ་སྨད་མགོ་ལོག་ས་ཁུལ་དུ་རང་ལུས་མེར་བསྲེག་སྒོས་་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་སྤྲུལ་སྐུ་བསོད་བྷ་ལགས་ཀྱི་མཛད་རྣམ་དང་། ཁོང་གི་ཞལ་ཆེམས་ཀྱི་ཐད་སྤྲུལ་སྐུ་ཁོང་གི་དགུང་ལོ་གཞོན་དུས་ཀྱི་གྲོགས་པོ་མགོ་ལོག་བླ་མ་བསྟན་འཛིན་གྲུབ་མཆོག་ལགས་དང་བགྲོ་གླེང་ཞུས་པར་གསན་པར་ཞུ།

རྒྱང་སྲིང་གི་དུས་ཚོད། 16-01-2012

རྔ་པ་དང་མགོ་ལོག་ནང་དུ་བསྐྱར་དུ་རང་ལུས་མེར་བསྲེག་དང་སྐད་འབོད།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་མདོ་སྨད་མགོ་ལོག་ས་ཁུལ་དུ་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་སྤྲུལ་སྐུ་བསོད་བྷ་ལགས་ཀྱི་གདུང་མཆོད་སྐབས་སུ་མང་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་ ཡང་བསྐྱར་དུ་དགེ་འདུན་པ་གཉིས་ཀྱི་རང་ལུས་མེར་བསྲེག་བཏང་ཡོད་སྐད་ཀྱི་གནས་ཚུལ་གསར་དུ་ཐོན་ཡོད་པ་དང་དེའི་གོང་དུ་ཨ་མདོ་རྔ་པའི་ནང་དུ་ཡང་བསྐྱར་རང་ལུས་མེར་བསྲེག་གཏོང་མཁན་གཅིག་བྱུང་བ་དང་དེའི་སྐབས་གཞུང་གི་དམག་མིས་མང་ཚོགས་ཐོག་ལ་མེ་མདའ་བརྒྱབས་པའི་་གནས་ཚུལ་བྱུང་ཡོད་པ་སོགས་ཀྱི་སྐོར་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 09-01-2012

བོད་ནང་བསྐྱར་དུ་རང་ལུས་མེར་བསྲེག་གཏོང་མཁན་གསུམ་བྱུང་ཡོད་པ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་བོད་ཀྱི་ཨ་མདོ་རྔ་པ་རྫོང་ནང་ཕྱི་ ཟླ་དང་པོའི་ཚེས་དྲུག་ཉིན་ན་གཞོན་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་ རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དང་ཡང་ཚེས་བརྒྱད་ཉིན་ཨམ་མདོ་མགོ་ལོག་གི་ དར་ལག་རྫོང་གི་བཟོད་པ་སྤྲུལ་སྐུས་རང་ལུས་མེར་བསྲེག་བཏང་གནང་ཡོད་པ་ སོགས་ཀྱི་ཕྱི་ལོ་༢༠༡༢ལོ་གསར་པ་ཤར་མ་ཐག་པར་བོད་མི་གསུམ་གྱིས་རང་ལུས་ མེར་བསྲེག་བཏང་བའི་གནས་ཚུལ་གྱི་སྐོར་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་ འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་ནིའུ་ཡོག་ནས་མགོ་ལོག་ཏུ་འབྲེལ་ བ་བྱུང་བའི་ཐོག་ནས་གནས་ཚུལ་གོ་ཐོས་བྱུང་མཁན་དཔལ་སྐྱིད་གཉིས་དང་གནས་ཚུལ་འབྱུང་རིམ་སོགས་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 02-01-2012

སྒྱིས་ཚང་སྟག་སྨྲིག་ལ་བཙོན་འཇུག་གི་ཁྲིམས་ཐག

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ་ཟེར་བའི་འོད་སྡེར་བཟོ་མཁན་དང་རྩོམ་པ་པོ་སྒྲིས་ཚང་སྟག་སྨྲིག་ལ་ལོ་བཞིའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་དེའི་སྐོར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་སྐལ་བཟང་དམ་ཆོས་ལ་བཅའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 26-12-2011

རྒྱ་ནག་གི་དམངས་གཙོ་དང་མ་འོངས་པའི་བོད་ཅེས་པའི་བགྲོ་གླེང་།

ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་ཐའེ་ཝན་གྱི་རྒྱལ་ས་ཐེ་པེ་ནང་ཕྱི་ ཟླ་བཅུ་གཉིས་པའི་ཚེས་༢༤ཉིན་མོ་རྒྱ་ནག་གི་དམངས་གཙོའི་ལས་འགུལ་དང་མ་ འོངས་པའི་བོད་ཅེས་པའི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པའི་སྐོར་ལ་ ཐའེ་ཝན་དུ་བཅའ་བཞུགས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་ གཅོད་ཟླ་བ་ཚེ་རིང་ལགས་ལ་བཀའ་འདྲི་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 19-12-2011

བོད་ནང་རང་ལུས་མེར་སྲེག་མཁན་བཀྲ་བྷེ་ལགས་གསོན་པོར་གནས་ཡོད་པ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་བོད་ནང་རང་ལུས་མེར་བསྲེག་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་དང་པོ་བཀྲ་བྷེ་ལགས་གསོན་པོར་གནས་ཡོད་པའི་གནས་ཚུལ་ཐོན་པ་དང་དེ་བཞིན་ཀིརྟི་དགོན་པའི་ད་ལྟའི་གནས་སྟངས་སོགས་ཀྱི་སྐོར་བཞུགས་སྒར་དུ་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 12-12-2011

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས་དང་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 05-12-2011

ཆབ་མདོའི་ནང་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་གྱི་རྒྱབ་ལྗོངས།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་གྱིས་ནང་དུ་ཕྱི་ཟླ་༡༢པའི་ཚེས་༡ཉིན་མོ་ བོད་ཀྱི་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཀརྨ་ཤང་གྱིང་ཐང་གྲོང་སྡེ་ནས་ཡིན་པ་དེ་སྔ་ཀརྨ་དགོན་པའི་དགེ་འདུན་པ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རང་ལུས་ལ་མེ་སྤར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་རྒྱབ་ལྗོངས་ཀརྨ་དགོན་པར་ཐོག་ལ་རྒྱ་ནག་གཞུང་གིས་དམ་དྲག་བྱས་པའི་གནས་ཚུལ་རིམ་བྱུང་གི་སྐོར་བཞུགས་སྒར་རྡ་རམ་ས་ལར་གནས་བཞུགས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 28-11-2011

རྒྱ་ནག་གིས་མཚོ་སྔོན་ནང་དུ་གཏེར་ཁ་སྔོག་འདོན་གྱི་ཆེད་རྒྱ་སྒོར་ཐེར་འབུམ་༡༨

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་རྒྱ་ནག་གཞུང་གིས་བོད་ཀྱི་དབུས་གཙང་ཁུལ་དུ་གཏེར་ཁ་བསྔོག་འདོན་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་འཆར་གཞི་ཞིག་གསལ་བསྒྲགས་བྱས་ནས་ཟླ བ་གསུམ་ཙམ་གྱི་རྗེས་ ཡང་བོད་ཀྱི་ཤར་ཕྱོགས་མཚོ་སྔོན་ནང་དུ་གཏེར་ཁ་འཚོལ་ཞིབ་ཀྱི་ལས་འཆར་ཆེད་མ་འོངས་ལོ་ལྔའི་རིང་འགྲོ་གྲོན་རྒྱ་མིའི་སྒོར་མོ་ཐེར་འབུམ་༡༨ཙམ་གཏང་རྒྱུའི་འཆར་གཞི་ཞིག་གསལ་བསྒྲགས་བྱས་ཡོད་པས་རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་པ་ཁག་གིས་མི་མང་གི་འཚོ་བ་ལ་ཤུགས་རྐྱེན་གང་ཙམ་ཡོང་གི་ཡོད་མིན་སྐོར་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་འགུལ་བ་སྐུ་ཞབས་ངག་དབང་འོད་འབར་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 21-11-2011

བཙུན་མ་དཔལ་ལྡན་ཆོས་འཚོས་རང་ལུས་མེར་བསྲེག་གཏོང་སྐབས་ཀྱི་བརྙན་པར།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་ཁམས་རྟའུ་དགའ་ལྡན་ཆོས་གླིང་ བཙུན་དགོན་གྱི་བཙུན་མ་དཔལ་ལྡན་ཆོས་འཚོ་ལགས་ཀྱིས་ཕྱི་ཟླ་བཅུ་གཅིག་པའི་ ཚེས་༣ཉིན་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་ རྒོལ་བྱས་པའི་བརྙན་པར་ཞིག་ཕྱི་ལོགས་སུ་ཐོན་ཡོད་པ་དང་དེའི་ནང་དོན་ སོགས་ཀྱི་ཐད་ལ་ད་ལྟ་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཕ་ཡུལ་རྟའུ་ནས་ ཡིན་པ་བློ་བཟང་སྦྱིན་པ་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 14-11-2011

རྒྱ་ནག་གཞུང་ནས་བོད་རང་སྐྱོང་ལྗོངས་ཀྱི་གྲྭ་བཙུན་རྣམས་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་རྒྱུ

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་རྒྱ་ནག་གཞུང་གིས་དབུས་གཙང་ས་ཁུལ་དུ་གྲྭ་བཙུན་རྣམས་ལ་དཔལ་འབྱོར་གྱི་མཐུན་རྐྱེན་མང་དུ་སྦྱར་ཏེ་སྤྱི་ཚོགས་བརྟན་ལྷིང་ཡོང་ཐབས་བྱ་རྒྱུའི་ལས་འཆར་སྤེལ་བཞིན་པའི་སྐོར་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 07-11-2011

རྟའུ་ཁུལ་དུ་མི་མང་ཁྲི་གཅིག་ལྷག་འདུ་འཛོམས།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་ཕྱི་ཟླ་བཅུ་གཅིག་པའི་ཚེས་དྲུག་གཟའ་ཉི་མའི་ཉིན་མོ་བོད་ཀྱི་ཁམས་རྟའུ་ཁུལ་དུ་གཡས་གཡོན་གྱི་རྫོང་ཁག་ནས་མི་ཁྲི་གཅིག་ལྷག་ཙམ་འདུ་འཛོམས་ཀྱིས་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་ཞུས་པའི་སྐོར་སོགས་ཕ་ཡུལ་རྟའུ་ནས་ཡིན་པའི་བློ་བཟང་སྤྱིན་པ་ལགས་ལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 31-10-2011

རྒྱ་རིགས་ཤེས་ཡོན་ཅན་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ལ་སེམས་ཁུར།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་བོད་ནང་རང་ལུས་ལ་མེ་སྤར་ཏེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་ཡོད་པར་རྒྱ་རིགས་མཁས་པ་དང་དམངས་གཙོ་དོན་གཉེར་ཅན་མང་པོས་དོ་སྣང་དང་གདེང་འཇོག་གང་འདྲ་བྱེད་ཀྱི་ཡོད་མེད་ཀྱི་ཐད་ལ་ཨ་རིའི་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུར་དྲུང་ཀུན་དགའ་བཀྲིས་ལགས་དང་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 24-10-2011

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་གནས་སུས་སི་གྲོང་ཁྱེར་ཇི་ནེ་ཝའི་ནང་ངོི་རྒོལ།

སུས་སི་ཡི་གྲོང་ཁྱེར་ཇེ་ནི་ཝའི་ནང་བོད་མི་ཆིག་སྟོང་ལྷག་འདུ་འཛོམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་རྒྱལ་ཚོགས་ནས་ཐུགས་སྣང་གནང་དགོས་པའི་སྐོར་སྐད་འབོད་ཀྱིི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པའི་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 17-10-2011

གསེར་རྟའི་ནང་བོད་དོན་སྐད་འབོད་དང་རྔ་པར་བསྐྱར་དུ་རང་ལུས་མེར་བསྲེག

VOA News, VOA TV, voa Tibetan, kunleng , Tibetan News, Tibetan call-in show, kunleng tv, Tibet radio, Tibetan Internet radio, Dalai Lama News, Kunleng News, Analysis, Cyber Tibet, 美国之音, 藏语卫星电视 西藏自治区 , 达赖喇嘛 , 达赖, 藏传佛教 , 西藏新闻, 拉萨新闻, 青海新闻, 青海电视, 藏语电视, 中国西藏 新闻, 西藏流亡政府新闻, 网络电视台, གསར་འགྱུར་, བོད་, རླུང་འཕྲིན་, བོད་སྐད་, བརྙན་འཕྲིན་, ཨ་རི་, དྲ་སྣང་གི་བོད།, དཔྱད་ཞིབ།, ཀུན་གླེང་གསར་འགྱུར།, ཀུན་གླེང་།,

རྒྱང་སྲིང་གི་དུས་ཚོད། 03-10-2011

རྒྱ་ནག་གི་རྒྱལ་འཛུགས་དུས་ཆེན་ཉིན་མོ་ཁམས་གསེར་རྟའི་ནང་བོད་མིས་ངོ་རྒོལ་བྱས་པ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་རྒྱ་ནག་གི་རྒྱལ་འཛུགས་དུས་ཆེན་གྱི་ཉིན་མོར་བོད་ཀྱི་ཁམས་གསེར་རྟ་རྫོང་གི་ཐང་ཆེན་གྱི་ཁང་བརྩེགས་བཞི་ཐོག་ཞིག་ནས་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་གཅིག་དང་བོད་ཀྱི་རྒྱལ་དར་འཕྱར་ཅིང་ཡིག་ཆ་མང་པོ་གཏོར་བ་སོགས་བྱས་ཡོད་པའི་སྐོར་གནས་ཚུལ་དེ་ཐོག་མར་སྤེལ་མཁན་བོད་ཀྱི་བང་ཆེན་གྱི་གསར་འགོད་པ་ཆོས་ཉིད་འོད་ཟེར་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 02-10-2011

སྟོང་ཉིད་ཀྱི་གོ་དོན་སྐོར་དུམ་བུ་ལྔ་པ།

དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་སྟོང་ཉིད་ཀྱི་གོ་དོན་འགྲེལ་བཤད་གནང་བའི་དུམ་བུ་ལྔ་པ་དེ་གསན་གྱི་རེད།

རྒྱང་སྲིང་གི་དུས་ཚོད། 26-09-2011

ཀིརྟི་དགོན་པའི་དགེ་འདུན་པ་ན་གཞོན་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་བ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་གྱི་ནང་བོད་ཀྱི་མདོ་སྨད་རྔ་པ་ཀིརྟི་ དགོན་པའི་དགེ་འདུན་པ་ལོ་ན་༡༨ཅན་བློ་བཟང་སྐལ་བཟང་ལགས་དང་བློ་ བཟང་དཀོན་མཆོག་ལགས་གཉིས་ཀྱིས་ནས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་ཐད་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀ་ཉག་ཚེ་རིང་ལགས་དང་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 19-09-2011

རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་གསུམ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ཀྱི་ལས་རིམ་ནང་དུ་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་གསུམ་ལ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་དང་ཁོང་གསུམ་ཀར་རང་ལུས་མེར་བསྲེག་གཏོང་མཁན་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་དང་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ཡོད་པ་སོགས་ཀྱི་སྐོར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་བགྲོ་གླེང་ཞུས་པ།

རྒྱང་སྲིང་གི་དུས་ཚོད། 29-08-2011

རྒྱ་གར་དུ་དགའ་ལྡན་བྱང་རྩེ་གྲ་ཚང་གི་དགེ་འདུན་པའི་ཟས་བཅད་ངོ་རྒོལ།

ད་རིང་གི་ལས་རིན་དུ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་བཅུ་ཡིས་དྭངས་བླང་གི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་ཚེས་༢༨ ཉིན་ནས་དབུ་འཛུགས་གནང་ཡོད་པའི་སྐོར་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་བློ་བཟང་ཟླ་བ་ལགས་ལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 15-08-2011

རྟའུ་ཉ་མཚོ་དགོན་གྱི་དགེ་འདུན་པ་གཅིག་གིས་རང་ལུས་མེར་བསྲེག་བཏང་བ།

ཐེངས་དེའི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་ད་རིང་ཚེས་བཅོ་ལྔའི་ཉིན་མོ་ བོད་ཀྱི་མདོ་སྟོད་ཁམས་རྟའུ་ཁུལ་གྱི་ཉ་མཚོ་དགོན་པའི་དགེ་འདུན་པ་ གཅིག་གིས་རྫོང་ལས་ཁུངས་མདུན་དུ་བོད་ལ་རང་དབང་དགོས་ཟེར་བ་སོགས་ སྐད་འབོད་དང་ཡིག་ཆ་འགྲེམ་བཞིན་དུ་རང་ལུས་མེར་བསྲེག་བཏང་བའི་གསར་ འགྱུར་ཐོན་པ་དེའི་སྐོར་གནས་ཚུལ་གསན་ཐོས་ཡོད་པ་ཕ་ཡུལ་རྟའུ་ནས་ཡིན་ པའི་སུས་སི་ནང་བཞུགས་མཁན་རྒྱལ་མཚན་ལགས་དང་བཞུགས་སྒར་རྡ་རམ་ས་ ལར་བཞུགས་པ་བློ་བཟང་སྦྱིན་པ་ལགས་གཉིས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 01-08-2011

རྒྱ་ནག་གིས་ཨ་རིའི་ནང་གི་དྲིལ་བསྒྲགས་བསྟན་ཡུལ་ཆེ་ཤོས་དེ་ཉོས་པ།

རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཤིང་ཧྭ་ཡིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་དྲིལ་བསྒྲགས་བསྟན་ཡུལ་ཆེ་ཤོས་གཅིག་ཉོས་ནས་ཕྱི་ཟླ་བརྒྱད་པའི་ཚེས་གཅིག་ནས་བཟུང་ལོ་དྲུག་རིང་རྒྱ་ནག་གི་སྐོར་དྲིལ་བསྒྲགས་ཤུགས་ཆེ་བྱེད་རྒྱུ་ཡིན་པས་བོད་རང་བཙན་ཆེད་ཀྱི་སློབ་ཕྲུག་ཚོགས་པ་དང་བོད་དོན་ལས་འགུལ་ཚོགས་པ་ཁག་བཅས་ཀྱིས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 27-06-2011

༧གོང་ས་མཆོག་གི་མཛད་རྣམ་དཔར་དེབ་གསར་པ་ཞིག་འགྲེམས་སྤེལ།

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ་དཔར་རིས་ཀྱི་ལམ་ནས་༧གོང་ས་མཆོག་གི་མཛད་རྣམ་དཔར་དེབ་ཅིག་འགྲེམས་སྤེལ་གནང་འཆར་ཡོད་པའི་སྐོར་ དེའི་ཐད་ཕྱག་ལས་གཙོ་བོ་གནང་མཁན་བཀའ་ཟུར་ཨ་ལགས་འཇིགས་མེད་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 25-07-2011

ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ལ་ལོ་གསུམ་ཁྲིམས་ཆད།

བོད་ཀྱི་ཨམ་མདོ་རྔ་བོ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ལ་ལོ་གསུམ་རེའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་སོགས་རྒྱ་ནག་གཞུང་ནས་རྔ་པའི་ནང་དུ་དྲག་གནོན་མུ་མཐུད་དེ་བྱེད་བཞིན་ཡོད་པའི་སྐོར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 02-07-2011

༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཆིབས་བསྒྱུར།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་ནིའུ་ཡོག་གྲོང་ཁྱེར་ནང་བཅའ་བཞུགས་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་གདན་འདྲེན་ཞུས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ཆིབས་བསྒྱུར་གནང་གི་ཡོད་པའི་མཛད་འཆར་སྐོར་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 20-06-2011

དཀར་མཛེས་སུ་མུ་མཐུད་དེ་ངོ་རྒོལ་གྱིས་ལས་འགུལ་སྤེལ་གྱི་ཡོད་པ།

མདོ་སྟོད་དཀར་མཛེས་ས་ཁུལ་དུ་མུ་མཐུད་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་པའི་ཐད་དཀར་མཛེས་ཀྱི་གནས་སྟངས་དུས་ཐོག་ཏུ་ཡིག་ཐོག་ནས་གསར་འགྱུར་བརྒྱུད་ལམ་ཁག་ལ་མཁོ་སྤྲོད་གནང་མཁན་སེར་བྱེས་གྲྭ་པདྨ་ཚེ་དབང་ལགས་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 13-06-2011

དཀར་མཛེས་ཁུལ་དུ་བསྐྱར་དུ་བོད་མིའི་ཞི་བའི་ངོ་རྒོལ་བྱུང་བ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ཀྱིས་ལས་རིམ་ནང་དུ་འདས་པའི་གཟའ་འཁོར་གཅིག་གི་རིང་བོད་ཀྱི་ཁམས་དཀར་མཛེས་ཁུལ་དུ་བོད་མིས་ཞི་བའི་སྒོ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་ཞིག་སྤེལ་ཡོད་པའི་སྐོར་ཕ་ཡུལ་དཀར་མཛེས་ནས་ཡིན་པའི་བཀྲས་ཆོས་ལགས་དང་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 16-05-2011

རྔ་པའི་ནང་མུ་མཐུད་མི་འཇུ་བཟུང་དང་ཕྱི་ནས་གདུང་སེམས་མཉམ་བསྐྱེད།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་མདོ་སྨད་རྔ་པ་ས་ཁུལ་ནང་དུ་རྒྱ་ནག་གཞུང་གིས་མུ་མཐུད་དེ་མི་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་དང་ ཕྱི་ཕྱོགས་ཀྱི་བོད་མི་ཚོས་མུ་མཐུད་དེ་རྔ་བ་ཁུལ་གྱི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་དང་དྲག་གནོན་མཚམས་འཇོག་ཡོང་ཆེད་ཟས་བཅད་ངོ་རྒོལ་སོགས་ལས་འགུལ་གནང་བཞིན་པ་སྐོར་ཕ་ཡུལ་རྔ་པ་ནས་ཡིན་པའི་ཨ་རིའི་ནང་བཞུགས་མཁན་བོད་མི་འཇིགས་མེད་ལགས་དང་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 08-05-2011

ཟས་བཅད་ངོ་རྒོལ་ནང་ཞུགས་མཁན་བོད་ཀྱི་གཞོན་ནུའི་དབུས་རྒྱུན་གསན་དང་གླེང་མོལ།

བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་དེང་སྐབས་རྒྱ་གར་གྱི་རྒྱལ་ས་དིལླི་གསར་པའི་ནང་རྒྱ་ནག་གཞུང་ལ་ཀིརྟི་དགོན་པ་གཙོས་བོད་ས་ཡོངས་ལ་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་གསུམ་དང་ལས་འགུལ་གོ་སྒྲི་གནང་མཁན་སྤྱི་ཁྱབ་ཚོགས་གཙོ་བཅས་ལ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 25-04-2011

ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་༢༢ལ་ཕེབས་པ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་གང་སོང་མེད་པར་འགྱུར་བའི་ཀུན་གཟིགས་པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉིི་མ་མཆོག་དགུང་གྲངས་ཉི་ཤུ་རྩ་གཉིས་ལ་ཕེབས་པའི་འཁྲུངས་སྐར་ཉིན་མོ་དང་སྟབས་འཕེལ་ཏེ་གང་གི་གནས་སྟངས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པའི་སྐོར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལགས་དང་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 18-04-2011

ཀིརྟི་དགོན་པའི་གནས་སྟངས་མུ་མཐུད་ཛ་དྲག་ཡོད་པ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་མདོ་སྨད་རྔ་བོ་ཀིརྟི་དགོན་དུ་རྒྱ་ནག་གཞུང་གི་ཉེན་རྟོག་དམག་མིས་བསྔོག་བཤེར་དང་འཛིན་བཟུང་ དེ་བཞིན་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཤུགས་ཆེ་སྤེལ་བཞིན་པ་སོགས་བཙན་གནོན་གྱི་གནས་སྟངས་ཛ་དྲག་ཡོད་བཞིན་པའི་གནས་སྟངས་ཀྱིས་ཐད་གསར་འགྱུར་གསར་པ་གང་ཡོད་མིན་སྐོར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 04-04-2011

ཁམས་སྐྱེ་རྒུ་མདོའི་མང་ཚོགས་ཀྱིས་ངོ་རྒོལ་བྱས་པ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་མདོ་སྟོད་ཁམས་ སྐྱེ་རྒུ་མདོ་རུ་མང་ཚོགས་ཀྱིས་རང་གི་ས་ཆ་རང་ལ་དབང་ དགོས་སོགས་བྲིས་པའི་འཕྲེད་དེར་འཁྱེར་ནས་རྔམ་སྟོན་ཁྲོམ་ སྐོར་ཞིག་ཕྱི་ཟླ་བཞི་པའི་ཚེས་གཅིག་ནས་འགོ་འཛུགས་བྱས་ ཡོད་པའི་སྐོར་གསར་འགྱུར་ཁག་ཏུ་གནས་ཚུལ་ཐོན་པ་དེའི་ ཐད་ཨ་རིའི་ནང་བཞུགས་མཁན་སྐྱེ་རྒུ་མདོ་ས་གནས་ནས་ཡིན་པའི་བོད་མི་ཉི་མ་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 21-03-2011

ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱི་སྐུ་ཕུང་ཞུགས་འབུལ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་ མདོ་སྨད་རྔ་བ་ས་ཁུལ་དུ་རང་ལུས་ལ་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་གནང་མཁན་དགེ་འདུན་པ་ཕུན་ཚོགས་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་སྐབས་སུ་བོད་མི་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་ཉེན་ཁར་མ་འཛེམས་པར་ཕེབས་ཡོད་པའི་སྐོར་མཐོང་མི་ཐུབ་པའི་བོད་ཅེས་པའི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པ་ངོ་སྤྲོད་དང་། བཞུགས་སྒར་དུ་ཡོད་པའི་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 07-03-2011

ཨ་མདོ་རྔ་བོ་ཁུལ་དུ་བསྐྱར་དུ་བོད་མི་འཇུ་བཟུང་།

ད་རིང་གི་ཕ་ཡུལ་གླེང་སྟེགས་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཨ་མདོ་རྔ་བ་ཁུལ་དུ་གཞུང་ནས་འགག་ཆ་ཡོད་པའི་དེབ་ཀྱི་ཐོག་ལ་རྩོམ་ཡིག་བྲིས་པའི་སྐྱོན་འཛུགས་འོག་བོད་མི་བཞི་འཇུ་བཟུང་བཀག་ཉར་བྱས་པའི་ཐད་ཉེ་ཆར་བོད་ནས་བཙན་བྱོལ་དུ་ཕེབས་པའི་དུས་དེབ་རྩོམ་སྒྲིག་པ་དང་རྩོམ་པ་པོ་དགེ་འདུན་ཚེ་རིང་ལགས་སུ་གནས་འདྲི་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 28-02-2011

སངས་རྒྱས་རྒྱ་མཚོ་ལགས་འདས་གྲོང་སུ་གྱུར་བ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་༢༠༠༨ ལོར་མདོ་སྨད་བླ་བྲང་ཁུལ་དུ་ཞི་རྒོལ་སྐབས་མཉམ་ཞུགས་ གནང་མཁན་གཙོ་གྲས་དང་༢༠༠༨ལོའི་ཕྱི་ཟླ་བཞི་པའི་ཚེས་དགུའི་ཉིན་ཕྱི་རྒྱལ་གསར་འགོད་པའི་མདུན་དུ་བོད་མིར་རང་དབང་མེད་པའི་སྐད་འབོད་གནང་མཁན་གཙོ་བོའི་གྲས་བླ་བྲང་དགོན་པའི་དགེ་འདུན་པ་སངས་རྒྱས་རྒྱ་མཚོ་ལགས་༢༠༡༡ཟླ་༢པའི་ཚེས་༢༦ཉིན་འདས་གྲོངས་སུ་གྱུར་བའི་གནས་ཚུལ་སྐོར་ཁོང་གི་སྐུ་མཆེད་ཐུབ་བསྟན་རྒྱ་མཚོ་ལྷན་དུ་བགྲོ་གླེང་ཞུ་རྒྱུ་ཡིན།

རྒྱང་སྲིང་གི་དུས་ཚོད། 14-02-2011

རྒྱལ་བ་ཀརྨ་པའི་དོན་རྐྱེན་སྐོར་གནས་ཚུལ་གསར་པ་གང་བྱུང་གླེང་བ།

རྒྱ་གར་གྱི་ཧེ་མ་ཅར་མངའ་སྡེའི་གཞུང་གི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་དཔལ་རྒྱལ་བ་ཀརྨ་པ་མཆོག་ནི་ཉེ་འཆར་གྱི་དངུལ་གྱི་གྱོད་གཞི་དང་འབྲེལ་བ་མེད་ལུགས་གསུངས་ཡོད་པའི་སྐོར་གྱི་གནས་ཚུལ་དེ་བདེན་པ་ཡིན་མིན་སོགས་ཀརྨ་པ་བླ་བྲང་གི་མགྲིན་ཚབ་པ་མཁན་པོ་དགའ་དབང་ལགས་ལ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང།

རྒྱང་སྲིང་གི་དུས་ཚོད། 07-02-2011

མདོ་སྨད་གཅན་ཚ་ཁུལ་དུ་རྒྱའི་ལོ་གསར་བཏང་མེད་པ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་མདོ་སྨད་གཅན་ཚ་ས་ཁུལ་ནང་དུ་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་གྱི་རྒྱའི་ལོ་གསར་མ་བཏང་བར་བོད་ཡུལ་ཆོལ་ཁ་གསུམ་གཅིག་གྱུར་གྱི་ལོ་གསར་ཡོང་རྒྱུའི་ལས་འགུལ་སྤེལ་བཞིན་པའི་ཐད་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང་།

རྒྱང་སྲིང་གི་དུས་ཚོད། 24-01-2011

རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་ཨ་རིའི་འཚམས་འདྲི་མཇུག་བསྒྲིལ།

དེ་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་མཇུག་བསྒྲིལ་མ་ཐག་པའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་ཨ་མི་རི་ཀའི་རྒྱལ་དོན་འཚམས་འདྲི་དང་།་ད་ཐེངས་ཀྱི་རྒྱལ་དོན་འཚམས་འདྲི་དེར་གསར་འགྱུར་ལས་ཁང་ཁག་གིོས་དཔྱད་གཏམ་སྤེལ་པ་དང་གདེང་འཇོག་འདྲ་མིན་བྱས་པ་ཁག་ཅིག་ངོ་སྤྲོད་ཞུས་པ་ ཡིན།

རྒྱང་སྲིང་གི་དུས་ཚོད། 03-01-2011

ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་འབྲས་སྤུངས་དགོན་ལ་དམ་བསྒྲགས།

གཤམ་དུ་ཕ་ཡུལ་གླེང་སྟེགས་ཀྱི་ལས་རིམ་དེ་གསན་གནང་གི་རེད། ལས་རིམ་འདི་ནི་གཟའ་ཟླ་བའི་ཉིན་གྱི་དགོང་དྲོའི་ཆུ་ཚོད་༡༠དང་ཕྱེད་ཀ་ནས་༡༡་བར་རྒྱང་སྲིང་བྱེད་པ་ཡིན། དེ་རིང་གི་ལས་རིམ་ནང་དུ་བཞུགས་སྒར་དྷ་རམ་ས་ལར་འབྱོར་མ་ཐག་པའི་འབྲས་སྤུངས་དགོན་གྱི་གྲྭ་ཐུབ་བསྟན་ནོར་བུ་ལགས་ལ་ཕྱི་ལོ་༢༠༠༨་ཟླ་བ་གསུམ་པའི་ནང་འབྲས་སྤུངས་དགོན་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ཚུལ་དང་། རྒྱ་ནག་གིས་དྲག་གནོན་བྱས་ཚུལ་ཐད་བགྲོ་གླེང་བྱས་ཡོད།།

རྒྱང་སྲིང་གི་དུས་ཚོད། 20-12-2010

ཁམས་སྡེ་དགེ་དགོན་གསར་དགོན་ལ་དམ་བསྒྲགས།

གཤམ་དུ་ཕ་ཡུལ་གླེང་སྟེགས་ཀྱི་ལས་རིམ་དེ་གསན་གནང་གི་རེད། ལས་རིམ་འདི་ནི་གཟའ་ཟླ་བའི་ཉིན་གྱི་དགོང་དྲོའི་ཆུ་ཚོད་༡༠དང་ཕྱེད་ཀ་ནས་༡༡་བར་རྒྱང་སྲིང་བྱེད་པ་ཡིན། དེ་རིང་གི་ལས་རིམ་ནང་དུ་བཞུགས་སྒར་དྷ་རམ་ས་ལར་འབྱོར་མ་ཐག་པའི་ཁམས་སྡེ་དགེ་རྫོང་ཁོངས་ཀྱི་དགེ་འདུན་གསུམ་ལས་གཡོ་ལག་གྲོང་ཚོ་ནས་ཡིན་པའི་བློ་བཟང་ནོར་བུ་ལགས་ལ་ཁོ་ཚོས་ཕ་ཡུལ་དུ་སྤེལ་བའི་ལས་འགུལ་དང་རྒྱ་ནག་གི་དྲག་གནོན་སོགས་ཀྱི་ཐད་བགྲོ་གླེང་བྱས་ཡོད།

རྒྱང་སྲིང་གི་དུས་ཚོད། 13-12-2010

བོད་ཀྱི་སྤྱི་སྐད་མཐུན་ཚོགས་དབུ་བརྙེས་པ།

ལས་རིམ་འདི་ནི་གཟའ་ཟླ་བའི་ཉིན་གྱི་དགོང་དྲོའི་ཆུ་ཚོད་༡༠དང་ཕྱེད་ཀ་ནས་༡༡་བར་རྒྱང་སྲིང་བྱེད་པ་ཡིན། ད་རིང་གི་ལས་རིམ་ནང་དུ་བཞུགས་སྒར་དྷ་རམ་ས་ལ་ན་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཙོ་འབྲོག་རུ་ཆོས་གྲགས་ལགས་ལ་བོད་ཀྱི་སྤྱི་སྐད་མཐུན་ཚོགས་ཟེར་བ་དེའི་ལོ་རྒྱུས་དང་ལས་དོན་ཐད་བགྲོ་གླེང་བྱས་ཡོད།།

རྒྱང་སྲིང་གི་དུས་ཚོད། 06-12-2010

སྨོན་ལམ་བོད་ཡིག་མཉེན་ཆས་བཟོ་སྐྲུན།

གཤམ་ལ་ཕ་ཡུལ་གླེང་སྟེགས་ཀྱི་ལས་རིམ་དེ་གསན་གྱི་རེད། ལས་རིམ་འདི་ནི་བོད་ནང་གི་གཟའ་ཟླ་བའི་ཉིན་གྱི་དགོང་དྲོའི་ཆུ་ཚོད་༡༠ཿ༣༠་ནས་༡༡་བར་རྒྱང་སྲིང་བྱེད་པ་ཡིན། ད་རིང་གི་ལས་རིམ་ནང་སྨོན་ལམ་བོད་ཡིག་མཉེན་ཆས་བཟོ་སྐྲུན་པ་བློ་བཟང་སྨོན་ལམ་ལགས་སུ་བོད་ཡིག་མཉེན་ཆས་བཟོ་སྐྲུན་གྱི་རྩིས་འཁོར་གྱི་ཤེས་ཡོན་དང་དོ་སྣང་བྱེད་ཕྱོགས་ཀྱི་ཐད་བགྲོ་གླེང་བྱས་ཡོད།།

རྒྱང་སྲིང་གི་དུས་ཚོད། 29-11-2010

མདོ་སྨད་རྨ་ཆུ་ཁུལ་དུ་དམ་དྲག་བྱེད་བཞིན་པ།

ད་རིང་ཕ་ཡུལ་གླེང་སྟེགས་ཀྱི་ལས་རིམ་ནང་དུ་མདོ་སྨད་རྨ་ཆུ་ས་ཁུལ་དུ་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་པའི་ལས་འགུལ་བསྐྱར་དུ་ཕྱུར་བར་རྒྱ་ནག་གཞུང་ ནས་སྔར་བས་དམ་དྲག་ཆེན་པོ་བྱེད་བཞིན་པའི་སྐོར་ཕ་ཡུལ་རྨ་ཆུ་ནས་ཡིན་ཞིང་ད་ལྟ་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་མགོན་པོ་དོན་གྲུབ་ལགས་གདན་འདྲེན་ཞུས་

རྒྱང་སྲིང་གི་དུས་ཚོད། 15-11-2010

སྨོན་ལམ་ཚིག་མཛོད་གསར་པ།

ད་རིང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དྲ་ལམ་དུ་རིན་མེད་འགྲེམས་སྤེལ་བྱས་མ་ཐག་པའི་སྨོན་ལམ་ཚིག་མཛོད་ཀྱི་སྐོར་ལ་ཚིག་མཛོད་དེ་རྩོམ་སྒྲིག་གནང་མཁན་གློག་ཀླད་ཐད་ཀྱི་མཁས་པ་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 08-11-2010

རྩོམ་པ་པོ་གསུམ་ལ་ཁྲིམས་ཞིབ་བྱས་ཟེར།

༢༠༠༨་ལོར་ཤར་དུང་རི་ཟེར་བའི་དུས་དེབ་སྟེང་རྩོམ་ཡིག་སྤེལ་བ་ལ་བརྟེན་ནས་འཛིན་བཟུང་བྱས་པའི་རྩོམ་པ་པོ་གསུམ་ལ་ཁྲིམས་ཞིབ་བྱས་ཡོད་པ་དང་ཁོང་ཚོའི་གནས་སྟངས་ཐད་ བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ་ཚེ་རིང་ལགས་སུ་བགྲོ་གླེང་ཞུ་རྒྱུ་ཡིན།

རྒྱང་སྲིང་གི་དུས་ཚོད། 01-11-2010

ཕ་ཡུལ་གླེང་སྟེགས།

ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་མདོ་སྨད་ཟི་ལིང་ས་ཁུལ་གྱི་ཤེས་ ཡོན་སློབ་གསོའི་ལས་རིགས་ཀྱི་མི་སྣ་མང་པོ་ཞིག་གིས་མཚོ་སྔོན་ཞིང་ཆེན་གཞུང་ལ་མུ་མཐུད་དེ་སྐད་གཉིས་སློབ་གསོའི་ལམ་ལུགས་ལག་བསྟར་བྱེད་དགོས་པའི་ འབོད་སྐུལ་ཞུས་པའི་འབྲུ་དོན་ཁག་ལས་རིམ་གཙོ་སྐྱོང་བ་པ་སངས་དབྱངས་སྐྱིད་ལགས་དང་པད་མ་རྡོ་རྗེ་ལགས་ནས་ངོ་སྤྲོད་ཞུས་པ་ཞིག་གསན་གྱི་རེད།།

རྒྱང་སྲིང་གི་དུས་ཚོད། 25-10-2010

གཤམ་ལ་ཕ་ཡུལ་གླེང་སྟེགས་ལས་རིམ་གསན་རོགས་གནང་།

ད་རིང་གི་ལས་རིམ་དེའི་ནང་བོད་ཀྱི་ཨ་མདོའི་ས་ཁུལ་ཁག་གི་སློབ་གྲྭ་བ་ཚོས་སྐད་ཡིག་སྲུང་སྐྱོབ་ཆེད་དུ་ཁྲོམ་སྐོར་བྱེད་བཞིིན་པར་གདུང་སེམས་མཉམ་སྐྱེས་མཚོན་ཆེད་དུ་ཕྱི་ཕྱོགས་ཀྱི་སློབ་གྲྭ་བ་ཚོས་ལས་འགུལ་སྤེལ་གྱི་ཡོད་པའི་སྐོར་རྒྱ་གར་ལྷོ་ཕྱོགས་ནས་དབུས་ཉིན་སློབ་ཀྱི་རྒན་བདག་བདེ་སྐྱིད་མཚོ་མོ་ལགས་དང་དབང་རྒྱལ་ལགས་དེ་བཞིན་ཧོ་ལན་ནས་བསྟན་འཛིན་དར་ཕྱིན་ལགས་བཅས་དང་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 18-10-2010

ཕ་ཡུལ་གླེང་སྟེགས།

ཕ་ཡུལ་གླེང་སྟེགས་ལས་རིམ་ནང་དུ་རྒྱ་ནག་གི་སྐབས་བཅུ་བདུན་པའི་དབུས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པའི་མཇུག་འབྲས་སུ་ཞིའི་ཅིང་ཕིང་དབུས་དམག་དོན་ལས་ཁུངས་ཀྱི་ཚོགས་གཙོ་གཞོན་པར་བསྐོས་ཏེ་ལོ་གཉིས་ཀྱི་རྗེས་སྲིད་འཛིན་ཧུའུ་ཇིང་ཐའོ་གི་རྗེས་འཛིན་པར་འགྱུར་རྒྱུའི་རྣམ་པ་བསྟན་ཡོད་པ་སོགས་རྒྱ་ནག་གི་འགོ་འཁྲིད་འཕོ་འགྱུར་གྱི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱ་ནག་ཉམས་ཞིབ་པ་དང་བོད་དོན་ལྟ་ཞིབ་ཅེས་པའི་དུས་དེབ་ཀྱི་རྩོམ་བྲིས་པ་རིན་ཆེན་བཀྲིས་ལགས་དང་བགྲོ་གླེང་ཞུས་པ་ཞིག་ཡིན།

རྒྱང་སྲིང་གི་དུས་ཚོད། 06-09-2010

Phayul Lengthik

ལྷ་སའི་ནང་དུ་ཡོད་པའི་བོད་ཀྱི་གསོ་བ་རིག་པའི་སློབ་གྲ་ཆེན་མོའི་སློབ་འཐོན་སློབ་གྲྭ་བ་བརྒྱ་ལྷག་ཙམ་ཞིག་གིས་ཚེས་གཉིས་ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་ལས་ཁུངས་ཀྱི་མདུན་དུ་འཛོམས་ནས་ཆེད་ལས་དེའི་སློབ་འཐོན་སློབ་གྲྭ་བ་ཚོ་ལས་ཀར་བསྡུ་བའི་བརྒྱ་ཆ་ཉུང་དུ་ཕྱིན་པར་ངོ་རྒོལ་བྱས་ཡོད་པ་རེད་ ཕ་ཡུལ་གླེང་སྟེགས་ཀྱིས་བོད་པའི་གསོ་རིག་ཆེད་ལས་པ་ཚོའི་ལས་ཀའི་གོ་སྐབས་ཉུང་དུ་ཕྱིན་ཚེ་ངན་ཕྱོགས་ཀྱི་ཤུགས་རྐྱེན་གང་ཡོང་རྒྱུ་ཡིན་མིན་སྐོར་བཞུགས་སྒར་དུ་ཡོད་པའི་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་སྨན་པ་ཟླ་བ་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་གནང་གི་རེད།

རྒྱང་སྲིང་གི་དུས་ཚོད། 23-08-2010

རྒྱ་ནག་གཞུང་གིས་བོད་ནང་ཚོགས་ཆེན་གལ་ཆེ་གཉིས་འཚོགས་ཡོད་པ།

རྒྱ་ནག་གཞུང་གིས་བོད་ལྗོངས་དང་ཞིང་ཆེན་བཞི་བོད་ཁུལ་སྤྱི་བདེ་ལས་དོན་ཚོགས་འདུ་ཟེར་བ་དང་ ཡང་བོད་བརྒྱུད་ནང་བསྟན་དགོན་པའི་དམངས་གཙོ དོ་དམ་ལས་དོན་ཐད་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཟེར་བ་འཚོགས་ཡོད་པ་རེད་ ད་རིང་གི་ལས་རིམ་དེའི་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ ཚོགས་འདུ་དེ་ཚོ་ནི་རྒྱ་ནག་གཞུང་གིས་བོད་ནང་བོད་མིར་རྡུང་རྡེག་གཏོང་བའི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་པ་ཞིག་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པའི་ཐད་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས་དང་བགྲོ་གླེང་ཞུ་གི་ཡིན།

རྒྱང་སྲིང་གི་དུས་ཚོད། 16-08-2010

ལི་ཐང་དུ་དགེ་འདུན་པ་གཉིས་ཀྱིས་བརྔམ་སྟོན་སྐད་འབོད་གནང་བ།

བོད་ཀྱི་ཁམས་ལི་ཐང་ནང་རུང་རྒྱས་ཨ་གྲགས་ལགས་ཀྱིས་བོད་མིའི་མངོན་འདོད་གསལ་པོ་བསྟན་པའི་རྐྱེན་གྱིས་རྒྱ་ནག་གཞུང་ནས་འཇུ་བཟུང་བྱས་སྟེ་ལོ་གསུམ་འཁོར་བའི་སྐབས་དེར་དགེ་འདུན་པ་གཉིས་ཀྱིས་བརྔམ་སྟོན་ཁྲོམ་སྐོར་དང་སྐད་འབོད་གནང་ཡོད་པའི་གནས་ཚུལ་འཐོན་པ་དེའི་སྐོར་ལ་རྒྱ་གར་ལྷོ་ཕྱོགས་སུ་སློབ་གཉེར་གནང་བཞིན་པའི་ལི་ཐང་བ་སྐུ་ཞབས་ཐུབ་དགའ་ལགས་དང་བགྲོ་གླེང་ཞུས་པ་ཞིག་གསན་རོགས་གནང༌།

རྒྱང་སྲིང་གི་དུས་ཚོད། 10-01-2011

བོད་ནང་གི་ཤེས་ཡོན་ཅན་ལ་འཕྲད་པའི་དཀའ་ངལ།

རྒྱ་ནག་གཞུང་གིས་བོད་ནང་གི་ཤེས་ལྡན་མི་སྣ་དང་རྩོམ་པ་པོ་མང་པོ་ཞིག་ལ་ཉེས་མེད་ཉེས་འགེལ་གྱིས་ཁྲིམས་གཅོད་དང་བཙོན་འཇུག ད་དུང་ཁོང་ཚོར་མནར་གཅོད་འདྲ་མིན་ཞིག་གཏོང་བཞིན་པའི་སྐོར། ཉེ་ཆར་བོད་ནས་བཙན་བྱོལ་དུ་ཕེབས་པའི་རྩོམ་པ་པོ་དགེ་འདུན་ཚེ་རིང་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།