ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནུབ་ཕྱོགས་ནང་ཡོད་པའི་བོད་ཕྲུག་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་དགོས་གལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འདས་པའི་ལོ་བཅུ་ཕྲག་གཉིས་ཙམ་གྱི་ནང་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་བོད་མི་གནས་སྤོ་གཞིས་ཆགས་བྱེད་མཁན་གྱི་གྲངས་འབོར་མང་དུ་སོང་ཡོད་པ་དང་ཆབས་ཅིག བོད་ཕྲུག་འཚར་ལོངས་བྱེད་མཁན་གྱི་གྲངས་འབོར་ཡང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད། ཨ་རི་སོགས་ནུབ་ཕྱོགས་ཡུལ་གྲུ་མང་པོའི་ནང་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་བོད་མིའི་ཚོགས་སྡེ་ཚོས་རེས་གཟའ་སྤེན་པ་དང་ཉི་མའི་བོད་ཡིག་སློབ་གྲ་འཛིན་སྐྱོང་བྱས་ཏེ་བོད་ཡིག་དང་བོད་ཀྱི་རིག་གཞུང་སློབ་ཁྲིད་ཀྱི་འགན་འཁུར་ལེན་གྱི་ཡོད་ནའང་། གཅིག་འགྱུར་གྱི་དམིགས་ཚད་དང་བསླབ་གཞི་སོགས་མེད་པས་ད་དུང་གནས་སྟངས་དེའི་འོག་ལོ་མང་གནས་ཚེ་དཀའ་ངལ་འཕྲད་ཉེན་གྱི་གླེང་གཞི་ཡོད་པ་རེད། ། ད་རིང་གི་ཀུན་གླེང་ལས་རིམ་གྱིས་བོད་ཀྱི་སྐད་ཡིག་ལ་ཉམས་ཞིབ་གནང་མཁན་ཆུང་ཚེ་རིང་ལགས་དང་མི་ནོ་སོ་ཌ་མངའ་སྡེ་ནས་ས་གནས་རེས་གཟའ་ཉི་མའི་སློབ་གྲྭའི་སློབ་སྤྱི་དབང་རྒྱལ་རི་རྩེ་ཀུ་ར་ལགས་གཉིས་གདན་འདྲེན་ཞུས་ནས་ད་རིང་གི་ཀུན་གླེང་ལས་རིམ་གྱིས་ནུབ་ཕྱོགས་ནང་འཚར་ལོངས་བྱེད་བཞིན་པའི་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་ཀྱི་གནས་བབ་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG