Accessibility links

དྲ་བརྙན་གླེང་མོལ།

ཀརྨ་སྲིད་ཆོད།


བོད་པའི་ཕྲུ་གུ་ན་གཞོན་ཚོར་བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ཆོས་ལྡན་པའི་རྩེད་ཆས་དགོས་རྒྱུ་ དང་དུས་མཚུངས་ས་གནས་བོད་པའི་བུད་མེད་ཚོར་ལས་ཀའི་གོ་སྐབས་བསྐྲུན་རྒྱུ་གཉིས་ཀྱི་དམིགས་ ཡུལ་འཛིན་ཏེ་ཀརྨ་སིད་ཆོད་ལགས་དང་བཟའ་ཟླ་མོ་ན་གཉིས་ཀྱིས་ཕྱི་ལོ་༢༠༠༧ ལོར་བོད་ཀྱི་ཨ་ ལད་པད་ཀོ་ཞེས་པའི་ཕྲུ་གུའི་རྩེད་ཆས་བཟོ་སྐྲུན་བྱེད་སའི་ལས་གྲྭ་ཞིག་གསར་བཙུགས་གནང་ཡོད་པ་དང། ད་ལྟའི་ཆར་ཁོང་གཉིས་ཀྱིས་བོད་ཀྱི་རིག་གཞུང་དང་བོད་ཀྱི་ངོ་བོ་ལྡན་པའི་ཨ་ལད་པད་ཀོ་ ཁྱོན་༢༠ ལྷག་ཙམ་བཟོ་སྐྲུན་གནང་གི་ཡོད་པ་མ་ཟད་ཧི་མ་ལ་ཡ་དང་རྒྱ་གར་ལ་སོགས་པའི་ངོ་བོ་ ལྡན་པའི་ཨ་ལད་པད་ཀོ་རིགས་ཡང་མང་པོ་ཞིག་བཟོ་ཡི་ཡོད་འདུག། སྔ་ལོ་ནས་བཟུང་ཁོང་གཉིས་ ཀྱིས་རྒྱ་གར་ནང་གི་བོད་ཕྲུག་ཚོར་ཨ་ལད་པད་ཀོ་ཞལ་འདེབས་རྒྱག་རྒྱུའི་ལས་གཞི་ཞིག་འགོ་ བཙུགས་ཡོད་པ་དང།ལོ་འཁོར་ཅིག་ཙམ་གྱི་རིང་རྒྱ་གར་གྱི་ནང་བོད་ཕྲུག་མང་པོ་ཞིག་ལ་ ཨ་ལད་པད་ཀོ་སྤྲད་རྒྱུའི་མཐུན་རྐྱེན་སྦྱར་ཡོད་པ་རེད། བོད་ཀྱི་ཨ་ལད་པད་ཀོ་ཡི་དྲ་ཚིགས་ལ་གཟིགས་ན། http://www.dolls4tibet.com/

XS
SM
MD
LG