Accessibility links

ཀུན་གླེང་།

བོད་པ་ཚོས་རྒྱ་གར་མི་སེར་གྱི་ཐོབ་ཐང་ལེན་དགོས་སམ།


༄༅། ། རྒྱ་གར་དུ་གནས་སྡོད་བོད་མི་བཙན་བྱོལ་བའི་ཁྲོད་དུ་བར་ལམ་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་དགོས་དང་མི་དགོས་སྐོར་ལ་བགྲོ་གླེང་ཡོང་གི་ཡོད་པ་མ་ཟད། བར་ལམ་ནས་རྒྱ་གར་གྱི་ཁྲིམས་ཁང་བརྒྱུད་བོད་མི་འགའ་ཞིག་གིས་རྒྱ་གར་མི་སེར་གྱི་ཐོབ་ཐང་རྩོད་གླེང་བྱས་པའི་གནས་ཚུལ་ཡང་བྱུང་ཡོད། ད་རིང་གི་ཀུན་གླེང་ལས་རིམ་གྱིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ནས་བོད་མིའི་སྤྱི་མཐུན་མཉམ་སྦྲེལ་གྱི་རྒྱུན་ལས་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་དང་བཞུགས་སྒར་དྷ་རམ་ས་ལནས་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་གཉིས་མགྲོན་འབོད་ཀྱིས་བོད་མི་བཙན་བྱོལ་བ་ཚོས་རྒྱ་གར་མི་སེར་གྱི་ཐོབ་ཐང་བླང་དགོས་དང་མི་དགོས་དང་། གལ་སྲིད་བླངས་པ་ཡིན་ན་དེས་བོད་མིའི་སྤྱི་ཚོགས་ཀྱི་སྒྲོམ་གཞིར་ཤུགས་རྐྱེན་གང་ཡོང་གི་རེད་ཅེས་པའི་ཐོག་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG