ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༠༧

དྲ་བརྙན་གླེང་མོལ། བསྟན་འཛིན་བསོད་ནམས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལྟའི་དུས་ཚོད་ནི་མི་རྣམས་ཀྱིས་བརྡ་འཕྲིན་དུས་རབས་རེད་ཅེས་འབོད་ཀྱིན་ཡོད་ལ། བོད་ཕྱི་ནང་གི་སྤྱི་ཚོགས་སུ་ཡང་དྲ་རྒྱའི་རིག་གནས་ཡར་རྒྱས་ལ་ནུས་པ་འདོན་བཞིན་པའི་བོད་མི་གང་མང་ཡོད་པ་ལྟར། བོད་ཀྱི་དཔེ་མཛོད་ཁང་དུ་ལོ་ངོ་མང་པོར་དཔར་བསྐྲུན་སྡེ་ཚན་དང་སྒྲ་མཇུག་སྡེ་ཚན་དུ་ཕྱག་ལས་གནང་མྱོང་བའི་བསྟན་འཛིན་བསོད་ནམས་ལགས་ནི་དེའི་ཁོངས་ཀྱི་གཅིག་ཡིན། བསྟན་འཛིན་བསོད་ནམས་ལགས་ཀྱིས་བོད་དང་བོད་ཀྱི་རིག་གནས་ལ་འབྲེལ་བའི་དྲ་ཚིགས་བཞི་སྟོང་ལྷག་ཕྱོགས་བསྡུས་ཀྱིས་བོད་ཀྱི་དྲ་མཛོད་ཅིག་བཟོས་ཡོད། www.tibetsites.com དྲ་མཛོད་དེའི་མིང་ལ་བོད་ཀྱི་དྲ་རྒྱ་ཞེས་འབོད་ཀྱིན་ཡོད། ཁོང་གི་དྲ་ཚིགས་འདིའི་ནང་དུ་བོད་དང་འབྲེལ་བའི་དྲ་ཚིགས་གང་ཞིག་སྐད་ཡིག་ཅི་ཞིག་གི་ནང་དགོས་ཀྱང་། གཞུང་འབྲེལ་ཡིན་མིན་དང་མི་སྒེར་གང་རུང་གི་དྲ་ཚིགས་དང་ཟིན་བྲིས་རྣམས་རྙེད་ཐུབ་ཀྱིན་ཡོད། དྲ་ཚིགས་བཞི་སྟོང་ལྷག་ཇི་ལྟར་མཉམ་དུ་ཕྱོགས་བསྡུས་བྱེད་མིན་དང་བོད་ཀྱི་དྲ་རྒྱའི་རིག་གནས་ཀྱི་འཕེལ་རིམ་སོགས་ཀྱི་སྐོར།

XS
SM
MD
LG