ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

དྲ་བརྙན་གླེང་མོལ། བསོད་ནམས་ཡེ་ཤེས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བསོད་ནམས་ཡེ་ཤེས་ནི་ནེའུ་ཡོག་བཟོ་དབྱིབས་འཆར་འགོད་སློབ་གྲྭ་སྐད་གྲགས་ཅན་ཞིག་ནས་སློབ་མཐར་ཕྱིན་རྗེས། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཡོང་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཕྱག་ལས་གནང་གིན་ཡོད། བསོད་ནམས་ཡེ་ཤེས་ནི་ཁང་བའི་ནང་གི་བཟོ་དབྱིབས་འཆར་འགོད་པ་བོད་ཀྱི་བུད་མེད་ཁ་ཤས་ལས་མེད་པའི་ཁྲོད་ཀྱི་གཅིག་ཡིན་ལ། བསོད་ནམས་ལགས་ནི་རྡ་རམ་ས་ལའི་གཡས་གཡོན་གྱི་ནོར་གླིང་གསོལ་འགྲོན་ཁང་དང་ཆོས་ནོར་འགྲོན་ཁང་གཉིས་ཀྱི་ཁང་མིག་རེ་རེ་ནང་གི་ལྡེབས་རིས་དང་ཅ་དངོས་རྣམས་ཀྱི་བཟོ་དབྱིབས་འཆར་འགོད་པ་ཡིན། ཁོང་ཀྱིས་རི་མོའི་སྒྱུ་རྩལ་གྱི་ནང་དུ་བོད་ཀྱི་རིག་གནས་དང་བོད་མིའི་འཚོ་བ་སོགས་ཀྱི་རྣམ་པ་གསལ་བོར་མཚོན་པར་བྱེད་དེ། རི་མོ་དེ་ཚོ་ཤིང་དང་རས་ཀྱི་སྟེང་དཔར་སློག་བརྒྱབ་རྗེས། འཚོ་བའི་ནང་གི་མཁོ་ཆས་སྣ་ཚོགས་ཀྱི་ཐོན་རྫས་བཟོ་བསྐྲུན་བྱེད་ཀྱིན་ཡོད་ལ། ཐོན་རྫས་དེ་ཚོ་རྒྱ་གར་དང་རྒྱ་ནག། ནུབ་ཕྱོགས་རྒྱལ་ཁབ་སོགས་ཀྱི་ཁྲོམ་རར་འགྲེམས་ཀྱིན་ཡོད། དེ་རིང་བསོད་ནམས་ཡེ་ཤེས་ལགས་ཀྱིས་སྒྱུ་རྩལ་དང་ཚོང་ལས་བར་གྱི་འགལ་ཟླ་དང་དེའི་བརྒྱུད་རིམ་གྱི་ཕྱག་ལས་གནང་སྟངས་སོགས་ཀྱི་སྐོར་གཏམ་གླེང་བྱེད་ཡོད།

XS
SM
MD
LG