ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

བཙན་གནོན་ལ་མ་བཟོད་པའི་ངོ་རྒོལ་དང་བྲོས་བྱོལ་གྱི་མྱོང་བ།


དེ་རིང་གི་ལས་རིམ་ནང་དུ་ ༢༠༡༡ ལོའི་ཕྱི་ཟླ་༣་པའི་ཚེས་༦་ཉིན་མོར་བོད་ཀྱི་ཁམས་རྫ་ཁོག་ཏུ་བོད་མི་གསུམ་ནས་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་རང་གི་མིང་དངོས་སུ་བྲིས་ནས་སྦྱར་ཡིག་སྦྱར་བའི་རྗེས་རྒྱ་ནག་གཞུང་ནས་འཛིན་བཟུང་གི་བཀའ་རྒྱ་བཏང་བའི་རྐྱེན་གྱིས་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་སོགས། སྐབས་དེའི་གནས་ཚུལ་ཐད་ལ་བགྲོ་གླེང་ཞུ་རྒྱུ་དང་། བགྲོ་གླེང་འདིའི་ནང་དུ་སྐབས་དེར་སྦྱར་ཡིག་སྦྱར་མཁན་བོད་མི་གསུམ་གྱི་ནང་ནས་བློ་བཟང་ཐུབ་བསྟན་ལགས་ལོ་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་ལ་བྲོས་བྱོལ་དུ་བསྡད་པ་དང་། ཉེ་ཆར་རྒྱ་གར་དུ་འབྱོར་ཡོད་པས་ཁོང་དངོས་སུ་གདན་འདྲེན་ཞུས་ནས་བགྲོ་གླེང་བྱེད་རྒྱུ་ཡིན།

XS
SM
MD
LG