ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

དྲ་བརྙན་གླེང་མོལ། འདན་མ་ཚེ་རིང་དབང་ཕྱུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདན་མ་ཚེ་རིང་དབང་ཕྱུག་ལགས་ནི་དེང་སྐབས་ཨ་མི་རི་ཀའི་མངའ་སྡེ་ཀ་ལི་ཧྥོར་ཎི་ཡར་གནས་བཞུགས་ལྡུམ་ར་དང་སྒོ་ར་མཛེས་བཀོད་གནང་མཁན་ཞིག་ཡིན་ཞིང། ཁོང་གིས་བཀོད་ཇུས་དང་འཛུགས་སྐྲུན་གནང་བའི་ལྡུམ་རར་མི་མང་པོས་ཧ་ཅང་དགའ་མོས་དང་བསྔགས་བརྗོད་བྱེད་ཀྱི་ཡོད། འདན་མ་ཚེ་རིང་དབང་ཕྱུག་ལགས་ཀྱིས་རང་ཉིད་འཚར་ལོངས་བྱུང་སའི་ཁམས་སྡེ་དགེ་འདན་མ་ཁུལ་གྱི་ཡིད་འོང་འཕྲོག་པའི་རི་ཀླུང་མཛེས་ལྗོངས་དང་། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་སོགས་ཀྱི་བག་ཆགས་ཀྱིས་ལྡུམ་ར་ཇུས་འགོད་སོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེགས་སོང་ཞེས་གསུང་གི་འདུག

XS
SM
MD
LG