ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གཏོང་ལེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མང་གཙོའི་རྒྱལ་ཁབ་ནང་གཞུང་གི་དཔལ་འབྱོར་བཏང་འཛིན་དང་འགྲོ་གྲོན་བཀའ་འཁྲོལ་བཅས་གྲོས་ཚོགས་ཀྱིས་བཏང་འཛིན་གནང་གི་ཡོད་པ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལོ་རེའི་འགྲོ་གྲོན་གཏོང་ལེན་ཡོངས་སུ་བཀའ་ཤག་གིས་སྔོན་རྩིས་འཆར་འབུལ་ཞུས་པར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་བགྲོ་གླེང་དང་སྦྲགས་བཏང་འཛིན་བཀའ་འཁྲོལ་གནང་གི་ཡོད་པ་རེད། དེ་རིང་གི་ཀུན་གླེང་བགྲོ་གླེང་ལེ་ཚན་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ལགས་གདན་འདྲེན་ཞུས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་གཏོང་ལེན་གནང་ཕྱོགས་དང་འབྲེལ་བའི་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན།

XS
SM
MD
LG