༧གོང་ས་མཆོག་གི་ཨི་ཌ་ལི་དང་སུད་སིའི་ཆིབས་སྒྱུར།i
X
April 17, 2013 4:55 PM
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་གཟའ་འཁོར་སྔོན་མར་ཨི་ཊ་ལིའི་རང་སྐྱོང་ས་ཁུལ་ལྷོ་ཀྲེ་རོལ་ཞེས་པར་ཆིབས་སྒྱུར་མཛད་དེ་ཆོས་སྲིད་མཛད་འཕྲིན་བསྐྱངས་ཡོད་པ་མ་ཟད། དེ་རྗེས་སུད་སིར་ཆིབས་བསྒྱུར་ནང་ཉིན་བཞིའི་མཛད་འཆར་རྣམས་ལེགས་པར་གྲུབ་སྟེ། ད་ལྟ་དབྱིན་ཡུལ་ལ་ཆིབས་ཞལ་བསྐྱངས་གནང་ཡོད་པ་རེད། ད་རིང་གི་ཀུན་གླེང་ལས་རིམ་གྱིས་སུད་སི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་དང་སུད་སི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་ལགས་གཉིས་གདན་འདྲེན་ཞུས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་དང་འབྲེལ་ནས་ས་ཁུལ་དེ་གཉིས་དང་བོད་དོན་གྱི་འབྲེལ་བའི་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན་བཀའ་བློན་ཁྲི་པ་ཟམ་གདོན་རིན་པོ་ཆེ་ལ་དམིགས་དམིགས་བསལ་བཅར་འདྲི་གླེང་མོལ་ཞུ་རྒྱུ་ཡིན།

༧གོང་ས་མཆོག་གི་ཨི་ཌ་ལི་དང་སུད་སིའི་ཆིབས་སྒྱུར།

Published April 17, 2013