ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

ཀུན་བཟང་བསྟན་འཛིན།


ཀུན་བཟང་བསྟན་འཛིན།
please wait

No media source currently available

0:00 0:14:55 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་བཟང་བསྟན་འཛིན་ལགས་ནི་བོད་ལ་སྐྱེས་ཤིང་། ༡༩༩༢་ལོར་བལ་ཡུལ་བརྒྱུད་ནས་རྒྱ་གར་ལ་འབྱོར་ཏེ་དྷ་རམ་ས་ལའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་འགྲིམས་པ་མ་ཟད། ཕྱི་ལོ་༢༠༠༥་ལོར་འཛིན་རིམ་བཅུ་གཉིས་ཐོན། དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེང་ལོར་སློབ་གྲྭ་ཆེན་མོ་ཐོན་པ་དང་། ཀུན་བཟང་བསྟན་འཛིན་ལགས་གཙོས་གྲོགས་པོ་ཁག་ཅིག་གིས་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་རེ་བའི་ལྟེ་གནས་ཁང་བཙུགས་ཏེ། ཁོང་ཚོས་བོད་ནས་གསར་དུ་འབྱོར་པའམ། ཡང་ན་རྒྱ་གར་དུ་འཚར་ལོངས་བྱུང་བའི་བོད་ཕྲུག་ཚོར་རང་ཁ་རང་གསོ་ཐུབ་པའི་རོགས་ཕན་བསྒྲུབས། ཁོང་གིས་འབད་བརྩོན་རྒྱུན་མཐུད་ནས་བྱེད་ན་བྱ་བ་མི་འགྲུབ་པ་ཅི་ཡང་མི་འདུག་ཅེས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་སུ་གསུངས་བྱུང་།

XS
SM
MD
LG