ཨེ་མོ་རི་བོད་ཀྱི་མཐུན་ཚོགས་དང་ཚན་རིག་ལས་འཆར།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་འཕྲལ་ཕུགས་བདེ་སྐྱིད་སླད་རིས་མེད་དགོན་སྡེ་ཁག་གི་གྲ་བཙུན་ཚོས་ནང་ཆོས་ལ་སློབ་གཉེར་གནང་བ་དང་ཆབས་ཅིག ཚན་རིག་ལའང་སློབ་གཉེར་བྱེད་དགོས་པ་ཤིན་ཏུ་གནད་ཆེ་བའི་བཀའ་སློབ་རིམ་པར་ཕེབས་པ་བཞིན་བར་ལམ་ནས་ཨ་རིའི་མཐོ་རིམ་སློབ་གྲ་ཆེ་མོ་དང་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་ཀྱི་རིག་གཞུང་བསྟི་གནས་ཁག་གི་དབར་འབྲེལ་བ་གསར་པ་ཞིག་བྱུང་ཡོད་པ་མ་ཟད། ཨེ་མི་རི་མཐོ་རིམ་སློབ་གྲྭ་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་དབར་བོད་ཀྱི་རིས་མེད་དགོན་སྡེ་ཁག་ལ་ཚན་རིག་སློབ་ཁྲིད་ཀྱི་ལས་འཆར་ལ་དམིགས་བསལ་ཐུགས་འགན་བཞེས་ནས་དགེ་འདུན་པའི་ཁོངས་སུ་ཚན་རིག་སློབ་པ་མཐར་གསོན་པའང་བྱུང་ཡོད། ད་རིང་ཀུན་གླེང་ལས་རིམ་གྱིས་ཨེ་མི་རི་བོད་ཀྱི་མཐུན་ཚོགས་ཀྱི་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་ཚན་རིག་ལས་འཆར་གྱི་སློབ་དེབ་རྩོམ་སྒྲིག་པ་དགེ་བཤེས་དགྲ་འདུལ་རྣམ་རྒྱལ་ལགས་གཉིས་གདན་འདྲེན་ཞུས་ནས་ཨེ་མི་རི་བོད་ཀྱི་ལས་འཆར་དང་ཚན་རིག་སློབ་ཁྲིད་ཀྱི་ལས་འཆར་སོགས་ཀྱི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།
ལེ་ཚན།
-
སྤྱི་ཟླ་ལྔ་པ། ༡༡།༢༠༢༤
རྒྱ་རི་རྡོ་རྗེ་གཡུ་སྒྲོན་དང་མི་རབས་དེའི་འཐབ་རྩོད།
-
སྤྱི་ཟླ་ལྔ་པ། ༠༨།༢༠༢༤
ཞི་ཡི་ཧྥ་རན་སིར་འཚམས་གཟིགས་དང་བོད་མིའི་ངོ་རྒོལ།
-
སྤྱི་ཟླ་ལྔ་པ། ༠༨།༢༠༢༤
ཨ་རིའི་སློབ་མ་ཚོའི་པ་ལི་སི་ཐན་ལ་རྒྱབ་སྐྱོར་ལས་འགུལ།
-
སྤྱི་ཟླ་ལྔ་པ། ༠༤།༢༠༢༤
གླིང་མཆོག་སྤྲུལ་རིན་པོ་ཆེར་བཅར་འདྲི།
-
སྤྱི་ཟླ་ལྔ་པ། ༠༡།༢༠༢༤
ཨ་རིའི་ཕྱི་སྲིད་དྲུང་ཆེའི་རྒྱ་ནག་གི་འཚམས་གཟིགས་ལ་དཔྱད་ཞིབ།
-
སྤྱི་ཟླ་ལྔ་པ། ༠༡།༢༠༢༤
ལོ་འཁོར་སྙན་ཐོ་གཉིས་དང་བོད་ཀྱི་གནས་སྟངས།