བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་ཆེན་དང་སྒྲིག་འཛུགས་སྲ་བརྟན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཆེ་ཤོས་གཅིག་ཡིན་པ་མ་ཟད། ༡༩༧༠ ལོར་གསར་འཛུགས་བྱུང་བ་ནས་བཟུང་བོད་དོན་འཐབ་རྩོད་དང་མང་གཙོའི་འཕེམ་རིམ། སྤྱི་ཚོགས་ཀྱི་ལས་དོན་སོགས་ལ་གྲུབ་འབྲས་གང་ལེགས་བྱུང་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་བའི་འཕེལ་རིམ་གྱིས་གཞོན་ནུའི་སྒྲིག་འཛུགས་ལའང་ཤུགས་རྐྱེན་བྱུང་ཡོད་། ད་རིང་གི་ཀུན་གླེང་ལས་རིམ་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་དང་། དབུས་རྒྱུན་ཟུར་པ་བྱེས་གཞོངས་བློ་བཟང་ཚུལ་ཁྲིམས་ལགས། དེ་བཞིན་དབུས་རྒྱུན་ལས་ཟུར་པ་ཀརྨ་ཡེ་ཤེས་ལགས་བཅས་གདན་འདྲེན་ཞུས་ནས་དེང་སྐབས་བཞུགས་སྒར་དྷ་རམ་ས་ལར་ཚོགས་བཞིན་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༥ གྲོས་གཞི་དང་མ་འོངས་པར་སྒྲིག་འཛུགས་སྲ་བརྟན་གནས་ཐབས་ལ་ཚོགས་ཆེན་དེར་འགན་འཁུར་ཇི་ཡོད་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།
ལེ་ཚན།
-
སྤྱི་ཟླ་ལྔ་པ། ༡༨།༢༠༢༤
ས་ག་ཟླ་བའི་དུས་ཆེན་གསུམ་འཛོམ་ངོ་སྤྲོད།
-
སྤྱི་ཟླ་ལྔ་པ། ༡༦།༢༠༢༤
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དབུ་བརྙེས་ནས་མི་ལོ་ ༥༥ ཕྱིན་པ།
-
སྤྱི་ཟླ་ལྔ་པ། ༡༦།༢༠༢༤
རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་།
-
སྤྱི་ཟླ་ལྔ་པ། ༡༡།༢༠༢༤
རྒྱ་རི་རྡོ་རྗེ་གཡུ་སྒྲོན་དང་མི་རབས་དེའི་འཐབ་རྩོད།
-
སྤྱི་ཟླ་ལྔ་པ། ༠༨།༢༠༢༤
ཞི་ཡི་ཧྥ་རན་སིར་འཚམས་གཟིགས་དང་བོད་མིའི་ངོ་རྒོལ།
-
སྤྱི་ཟླ་ལྔ་པ། ༠༨།༢༠༢༤
ཨ་རིའི་སློབ་མ་ཚོའི་པ་ལི་སི་ཐན་ལ་རྒྱབ་སྐྱོར་ལས་འགུལ།