ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༦/༠༢

ཀུན་གླེང་། ༢༠༢༤ ལོའི་ཟླ་༥ ཚེས་༡༧


ཀུན་གླེང་། ༢༠༢༤ ལོའི་ཟླ་༥ ཚེས་༡༧
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ལོ་༢༩ འཁོར་བ་དང་། བོད་ཀྱི་འགྲེམས་སྟོན་ཁང་གིས་འགྲེམས་སྟོན་དུས་ཆེན་སྲུང་བརྩི། ཨ་རིའི་སྲིད་འཛིན་གྱི་སྐུ་ཚབ་ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་ཞུགས་རྒྱུ། ཡུག་ཀེ་རེན་གྱི་དམག་འཁྲུག་མཐུན་རྐྱེན། གྷ་ཛའི་དམག་འཁྲུག་ཁྲོད་ཀྱི་འགལ་ཟླ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་༧སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་པར་རྒྱ་ནག་ལ་ངོ་རྒོལ་དང་། རྒྱའི་ཟུར་ལྔའི་དྲ་དམག་གིས་བོད་དོན་དམིགས་འབེན་དུ་འཛིན་པ། ཕྱི་ནས་སྐྱེས་ཤིང་འཚར་བའི་བཙན་བྱོལ་མི་རབས་གསར་བའི་བརྡ་ལན་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཨ་རིའི་ནེའུ་ཡོག་མངའ་སྡེའི་ཝིན་ཆེ་སི་ཊར་ས་གནས་སུ་ཆགས་ཡོད་པའི་པདྨ་དཀར་པོ་ཆོས་ཚོགས་ཀྱི་དགེ་རྒན་མཁན་པོ་དཀོན་མཆོག་སྨོན་ལམ་དང་དགའ་ལྡན་ཕོ་བྲང་གི་ལས་བྱེད་འབུམ་རམས་པ་ལྷ་རམས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་གཉིས་གདན་འདྲེན་ཞུས་ནས་ས་ག་ཟླ་བའི་དུས་ཆེན་ངོ་སྤྲོད་དང་འཛམ་གླིང་གི་ནང་པ་ཡོངས་ཀྱིས་ས་ག་ཟླ་བའི་ཚེས་པ་༡༥་དེ་དུས་ཆེན་གསུམ་འཛོམ་ལ་ངོས་འཛིན་གཅིག་གྱུར་ཡོད་མེད་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG